གཅིག་སྒྲིལ་གྱིས་རླངས་འཁོར་དོ་དམ་ལས་སྒོ་སྒྲུབ་པར་རོགས་འདེགས་བྱས།

文摘   2024-11-16 09:40   青海  

གཅིག་སྒྲིལ་རྫོང་སྤྱི་བདེ་ཉེན་རྟོག་རུ་ཆེན་གྱིས་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཞིབ་བཤེར་ཚད་ལྡན་ཅན་བསྐྲུན་པར་སྐུལ་འདེད་བཏང་སྟེ། རླངས་འཁོར་དོ་དམ་ལས་སྒོ་ཉེ་གནས་སུ་སྒྲུབ་པར་རོགས་འདེགས་བྱས།

སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱིགློད་སྡོམ་ཞབས་གསུམགྱི་བཅོས་བསྒྱུར་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། གློད་སྡོམ་ཞབས་གསུམབཅོས་བསྒྱུར་གྱི་དམངས་བདེ་དམངས་ཕན་གྱི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་ཅིང་མང་ཚོགས་དང་ཆེས་ཐད་ཀའི་འབྲེལ་བ་ཡོད་པའི་དངོས་ཡོད་གནད་དོན་ཐག་གཅོད་ཏན་ཏིག་གིས་བྱ་ཆེད། མགོ་ལོག་ཁུལ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་དང་རྫོང་སྤྱི་བདེ་ཅུས་ཏང་ཨུའི་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་ནས། གཅིག་སྒྲིལ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཞིབ་བཤེར་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཀྱིགཅིག་འཐུས་རྣམ་པའིཞབས་ཞུའི་བྱ་ཐབས་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་།

འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོ་འགོད་ཞིབ་བཤེར་ནི་མང་ཚོགས་ཀྱི་རླངས་འཁོར་དོ་དམ་གྱི་ལས་སྒོའི་ཞབས་ཞུའིགཡུལ་ས་མདུན་མཡིན་པའི་ཆ་ནས། ཉེ་བའི་ལོ་ཤས་རིང་དུ་མགོ་ལོག་ཁུལ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ཏུ་བསྐྱོད་ནས་འགྲོ་ལུགས་གཉེར་དགོས་ཀྱི་ཡོད་པས་མང་ཚོགས་ལ་ཐོག་མཐའ་བར་གསུམ་དུ་དཀའ་ངལ་བཟོས་ནས་ཡོད། དེར་བརྟེན། རྫོང་དང་ཅུས་དང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཁུལ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་དང་རྫོང་སྤྱི་བདེ་ཅུས་ཏང་ཨུའི་བཀོད་སྒྲིག་ལྟར། ཚད་གཞི་དང་བསྟུན་པའི་བླང་བྱ་ནན་མོ་བཏོན་ཏེ་དུས་ཐུང་ནང་མཉེན་ཆས་རིམ་སྤར་དང་། མཁྲེགས་ཆས་སྒྱུར་བཀོད། སྒྲིག་ཆས་ཉོ་སྒྲུབ། མི་སྣ་བཀོད་སྒྲིག ལས་སྒོའི་གསོ་སྦྱོང་བཅས་ལེགས་སྒྲུབ་བྱས་པ་དང་། འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཞིབ་བཤེར་དེ་སྔར་གྱི་ཁུལ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ཏུ་བསྐྱོད་དེ་སྒྲུབ་པ་ནས་དྲ་ཐོག་དང་ཉེ་འཁོར་ནས་སྒྲུབ་པར་བསྒྱུར་ནས། སྒྲུབ་ཁག་པ་དང་། སྒྲུབ་ཡུན་རིང་བ། བསྒྲུབ་བྱ་མང་བ་སོགས་ཀྱི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱས་ཏེ། ཞབས་ཞུའི་སྤུས་ཚད་དང་ལས་སྒྲུབ་དུས་ཕྱོད་སྔར་བས་མཐོར་འདེགས་བཏང་། དེ་དང་ཆབས་ཅིག མགོ་ལོག་ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་ལས་སྒོའི་རྐང་འཛིན་གྱི་མི་དམངས་ཉེན་རྟོག་པ་གཅིག་སྒྲིལ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དུ་ཡོང་སྟེ་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་མི་སྣའི་ལས་སྒོར་མཛུབ་ཁྲིད་བྱས་ཤིང་། འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཞིབ་བཤེར་ས་ཚིགས་སུ་འཁོར་རིགས་ལ་ཞིབ་བཤེར་བྱས་ཏེ། ཞིབ་བཤེར་བྱེད་པའི་བརྒྱུད་རིམ་གྱི་མི་འདང་བའི་ཆ་རྣམས་གསལ་འདོན་དང་། འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་བྱེད་ཐབས་དང་གཙོ་གནད། དེ་བཞིན་ཞིབ་བཤེར་ཡོ་བྱད་སྤྱོད་སྟངས་དང་། ཐབས་རྩལ། མཉམ་འཇོག་བྱེད་དགོས་པའི་དོན་ཚན་བཅས་གསལ་འགྲེལ་བྱས་པ་མ་ཟད། བཅའ་ཁྲིམས་སྲོལ་ཡིག་ཁག་གི་གནས་ཚུལ་དང་ལྡོག་ཕྱོགས་ཀྱི་གྱོད་གཞིར་དབྱེ་ཞིབ་གཏིང་ཟབ་བྱས་པ་བརྒྱུད་ནས་སློབ་སྦྱོང་དང་གྲོས་བསྡུར་ནན་ཏན་བྱས་ཏེ། གཞི་རིམ་གྱི་ཞིབ་བཤེར་མི་སྣའི་བསམ་བློའི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་ཇེ་བརྟན་དུ་བཏང་བ་དང་། ཐོ་འགོད་ཞིབ་བཤེར་ལས་དོན་སྤེལ་སྐབས་རང་གཅུན་ནན་མོས་དམར་ཐིག་ལས་མི་བརྒལ་བར་ཁག་ཐེག་བྱས།

མིག་སྔར། གསར་དུ་བསྐྲུན་པའི་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་བྱེད་སར་ལུགས་མཐུན་འཆར་འགོད་དང་། ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་པ་བརྒྱུད། ཞིབ་བཤེར་བྱེད་ས་དང་ཞིབ་བཤེར་ལས་དོན་སོགས་གྱི་ས་ཁུལ་བཙུགས་ནས་རིགས་དབྱེ་ཞིབ་བཤེར་དང་འབྲེལPDAམཐའ་སྣེའི་མ་ལག་སྤྱད་དེ་ཞིབ་བཤེར་བྱས་པས། ཞིབ་བཤེར་ལས་དོན་མགྱོགས་ཤིང་མྱུར་བ་དང་ཡང་དག་པའི་སྒོ་ནས་སྤེལ་ཐུབ་ཅིང་། ཞིབ་བཤེར་མཇུག་འབྲས་ཆ་འཕྲིན་ཅན་དུ་བརྒྱུད་སྤྲོད་ཐུབ་པ་བྱུང་བས། མང་ཚོགས་ཀྱིས་རྫོང་མཁར་ནས་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་ལག་ཁྱེར་གསབ་ལེན་སོགས་ཀྱི་ལས་སྒོ་གཉེར་ཐུབ་ལ། གློག་རྡུལ་ཅན་གྱི་འཁོར་བཤེར་མངོན་འགྱུར་བྱུང་བས། ལས་སྒྲུབ་དུས་ཚོད་ཐུང་དུ་ཕྱིན་པ་དང་མང་ཚོགས་ཀྱིས་ཀྱང་གཅིག་མཐུན་གྱི་ཁས་ལེན་ཐོབ་ཡོད།

གོམ་སྟབས་རྗེས་མར། གཅིག་སྒྲིལ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་མུ་མཐུད་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས། རྒྱ་ཆེའི་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་ཚད་གཞི་ཨང་དང་པོར་འཇོག་པ་དང་། སྔར་བས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱིས་དམངས་ཕན་ཞབས་ཞུའི་ཐབས་ལམ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། བཅོས་སྐྱོང་གི་ཕྱོད་མཐོ་བ་དང་བདེ་འཇགས་འཆམ་མཐུན་ཡིན་པའི་ཁོངས་གཏོགས་ཁུལ་གྱི་བགྲོད་ལམ་འགྲིམ་འགྲུལ་ལ་བདེ་འཇགས་ཁོར་ཡུག་བསྐྲུན་ཆེད་བྱས་རྗེས་གང་ནུས་འཇོག་རྒྱུ་རེད། །

ཡོང་ཁུངས། གཅིག་སྒྲིལ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྫོང་སྤྱི་བདེ་ཅུས།

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། བཀྲ་ཤིས་ཚེ་རིང་།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章