《ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བཏུས》དཔར་སྐྲུན་འགྲེམ་སྤེལ་བྱས་པ།

文摘   2024-11-18 10:30   青海  

ཞི་ཅིན་ཕིང་གི་རང་བྱུང་ཐོན་ཁུངས་བྱ་བའི་སྐོར་གྱི་རྣམ་བཤད་གཅེས་བཏུསདཔར་སྐྲུན་འགྲེམ་སྤེལ་བྱས་པ།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་རང་བྱུང་ཐོན་ཁུངས་བྱ་བའི་སྐོར་གྱི་རྣམ་བཤད་གཅེས་བཏུས》ཞེས་པའི་དཔེ་དེབ་ཉེ་ལམ་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

རང་བྱུང་ཁམས་ཆེན་མོ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་གཞི་རྩའི་ཆ་རྐྱེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་ལངས་ཏེ་འཕེལ་རྒྱས་ལ་ཇུས་འགོད་བྱས་པ་དང་། ཏང་གིས་རང་བྱུང་ཐོན་ཁུངས་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་དང་ཤུགས་སྣོན་པ། རང་བྱུང་ཐོན་ཁུངས་དོ་དམ་ལ་ཤུགས་སྣོན་པ།    ཐོན་ཁུངས་ཁོར་ཡུག་གི་ཐེག་ཤུགས་དེ་སྔོན་འགྲོ་དང་རྨང་གཞིར་བརྩི་བ་རྒྱུན་འཁྱོངས་བྱེད་པ།གཙོ་གཞི་བྱེད་ནུས་ཁུལ་གྱི་འཐབ་ཇུས་རྩ་འཛུགས་དང་ལག་བསྟར་བྱེད་པ། རྒྱལ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་བཀོད་སྟངས་ཇེ་ལེགས་སུ་གཏོང་བ།རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་གཅིག་འདོམས་དང་སྐུལ་འདེད་གཏོང་བ།རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་བསྐྲུན་ཞིང་།ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བར་སྟོང་བཀོད་སྟངས།ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས།འཚོ་བ་རོལ་སྟངས་བཅས་ཆགས་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་བསྐྲུན།བློ་མཐུན་ཞི་ཅིན་ཕིང་གིས་རང་བྱུང་ཐོན་ཁུངས་བྱ་བར་དམིགས་ཏེ་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པར་གཟིགས་རྒྱང་རིང་ཞིང་ནང་དོན་ཕུན་སུམ་ཚོགས་ལ་དགོངས་པ་གཏིང་ཟབ་པས། དུས་རབས་གསར་པ་དང་འབད་འཐབ་གསར་པར་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་འཚམ་པར་བྱེད་པ་དང་།རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་དང་དོ་དམ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ།ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཧུར་ཐག་གིས་བསྐྲུན་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

《རྣམ་བཤད་གཅེས་བཏུས》དེ་ཆེད་དོན8ལ་དབྱེ་ཡོད་པ་དང་། བསྡོམས་པས་རྣམ་བཤད་དུམ་ཚན286ཡོད། དེ་དག་བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ12པ་ནས2024ལོའི་ཟླ10པའི་བར་གྱི་སྙན་ཞུ་དང་། གསུང་བཤད།གསལ་བཤད།    རྟེན་འབྲེལ་ཞུ་ཡིག མཛུབ་སྟོན་སོགས་ཡིག་ཚགས་གལ་ཆེན150ལྷག་ཙམ་ལས་བཏུས་པ་ཡིན་ལ།  དེའི་ཁྲོད་ཀྱི་རྣམ་བཤད་ཁག་ཅིག་ཐེངས་དང་པོར་ཡོངས་བསྒྲགས་བྱས་པ་རེད། ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།

END

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། སྟག་ལྷ་སྐྱབས། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章