དུས་ཚིགས་སྔོན་མ་གསུམ་གྱི་མ་དངུལ་གཏོང་ཚད་གོང་དུ་འཕར་བ།

文摘   2024-11-18 11:31   青海  

དུས་ཚིགས་སྔོན་མ་གསུམ་གྱི་མཚོ་སྔོན་ཞིང་ཆེན་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་ཚད་གོང་དུ་འཕར་བ།

ཟླ10པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་རིང་ལ་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་ཚད་གོང་དུ་འཕར་ཡོད། ན་ནིང་གི་དུས་མཉམ་དང་བསྡུར་ན0.7%གོང་དུ་འཕར་བ་དང་། འཕར་ཚད་ལོ་སྟོད་ལས་བརྒྱ་ཆའི་ཆ6.4འཕར་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་བྱུང་ཐོན་ལས་དང་། ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ཀྱི་མ་དངུལ་གཏོང་ཚད5.6%དང13.7%གོང་དུ་འཕར། སྒོར་དུང་ཕྱུར་དང་དེའི་ཡན་གྱི་ལས་གཞི་ལ་མ་དངུལ་གཏོང་ཚད7%འཕར་བ་དང་ཞིང་ཆེན་རིམ་པའི་གཙོ་གནད་ལས་གཞི200ལས་འགོ་བསྐྱར་ཚུགས་བྱེད་པའི་ཚད87%ལ་སླེབས། ཞི་ཨན་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་དང་ན་གོར་མོ་ནས་ཁུ་ཨར་ལེ་བར་གྱི་ལྕགས་ལམ་བསྒྱུར་བཀོད། ཟི་ལིང་གནམ་གྲུ་ཐང་གི་དུས་རིམ་གསུམ་པ། ན་ལིང་ཀོ་ལེ་གཙང་པོའི་ཆུ་བེད་ལྟེ་གནས་སོགས་ཀྱི་གཙོ་གནད་ལས་གཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད།

ད་ལོའི་ཚུན་དུ། རྙོག་འཛིང་ཆེ་བའི་སྤྱི་ཁོག་ཁོར་ཡུག་གནས་ཚུལ་གྱི་མདུན་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ད་ཡོད་དང་བབ་བསྟུན་སྲིད་ཇུས་རབ་དང་རིམ་པ་མགྱོགས་མྱུར་གྱིས་དོན་འཁྱོལ་བྱས་ཏེ“རེའུ་མིག་གཅིག་དང་མངགས་ཐོ་གཅིག པར་རིས་གཅིག་དང་ལམ་སྲོལ་གཅིག”བཅས་ཀྱི་སྙོམ་སྒྲིག་བྱེད་སྟངས་གསར་གཏོད་དང་ལག་བསྟར་བྱས་པ་དང་། གོ་སྐབས་དམ་འཛིན་དང་བརྟན་པོའི་ངང་འཕར་བར་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི“1+5”ཡི་སྲིད་ཇུས་མ་ལག་བཏོན་པ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ལས་གཞི་གལ་ཆེན་སྦྲེལ་མཐུད་བྱས་ནས་དངུལ་གཏོང་ལས་གཞིའི་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་དང་ཁྲོམ་ར། བུ་ལོན་སེལ་བ་དང་འཕེལ་རྒྱས་བཅས་བར་གྱི་འབྲེལ་བ་གཅིག་གྱུར་འཆར་འགོད་བྱེད་པ་མཐའ་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དངུལ་གཏོང་འགག་སྒྲོལ་ཐོད་རྒལ་བྱ་སྤྱོད་ཀྱི་བྱ་བའི་ཇུས་གཞི་དཔར་འགྲེམ་བྱས་པ་དང་། སྤུས་ཚད་དང་ཕན་འབྲས་གཉིས་ཀ་ཇེ་མཐོར་གཏོང་བའི་དངུལ་གཏོང་ཞིབ་ཚགས་ཅན་གྱི་སྒོ་ནས་སྙོམ་སྒྲིག་བྱས། འགྲིམ་འགྲུལ་དང་ཆུ་བེད། ནུས་ཁུངས། ལྗང་མདོག་རྩིས་ཤུགས། སྐྱེ་ཁམས་སོགས་ཁྱབ་ཁོངས་ཀྱི་ལས་གཞི་གལ་ཆེན་ཁག་གཅིག་རྩ་འཛུགས་དང་ཇུས་འགོད། ལག་བསྟར་བཅས་བྱས།

ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་གཙོ་གནད་ལ་གཞིགས་ནས་སྙོམ་སྒྲིག་བྱེད་པ་དང་། ལས་གཞི་ལ་གཞིགས་ནས་མྱུར་ཚད་འཛིན་པ། ཞན་ཆ་ལ་གཞིགས་ནས་ཁ་གསབ་བྱས་ཏེ། དཔོན་གནས་ཀྱི་འགན་ཡག་པོར་འཁུར་བ་དང་འགོ་ཡག་པོར་འཛུགས་པ། ཕུགས་ལ་དམིགས་ནས་གཏིང་ཤུགས་ཆེ་རུ་བཏང་ནས་ནུས་ལྡན་གྱི་དངུལ་གཏོང་ཧུར་ཐག་གིས་རྒྱ་བསྐྱེད་དེ། དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་རྒྱུ་རེད། །

END

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། སྟག་ལྷ་སྐྱབས། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章