རྨ་ཆེན་རྫོང་གིས་ཕྱོཊ་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་བྱས།

文摘   2024-11-09 10:30   青海  

རྨ་ཆེན་རྫོང་གིས་རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་ཟབ་སྤེལ་བྱས་པ།

2021ལོ་ནས་བཟུང་།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིསདཔུང་ཁག་གཅིག་གིས་ཁྲིམས་བསྟར་ལ་དོ་དམ་བྱེད་པའིབཅོས་བསྒྱུར་དམིགས་འབེན་འཛུགས་པར་དམིགས་ཏེ།  སྔོན་སྐྱོད་ཀྱི་དགེ་མཚན་ཇེ་ཆེར་གཏོང་བ་དང་བརྒྱུད་རིམ་ལྡན་པའི་ཇུས་འགོད་རྒྱུན་འཁྱོངས་བྱས་ནས། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་ཚོད་ལྟའི་བྱ་བ་གཏིང་ཟབ་ཏུ་སྤེལ།ཁྲིམས་བསྟར་བྱེད་སྟངས་དེ་སྔའིདོན་ཚན་རེ་རེར་ཁྲིམས་བསྟར་བྱེད་པནསམངའ་ཁོངས་རེ་རེར་ཁྲིམས་བསྟར་བྱེད་པརུ་བསྒྱུར་ནས“1234”ཡི་བྱ་བའི་ནང་རྐྱེན་རགས་ཙམ་ཆགས་པ་དང་། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་གྱིརྨ་ཆེན་གྱི་དཔེ་མཚོནཞིག་འཚོལ་ཞིབ་ལག་ལེན་བྱས་པས། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་གསོན་ཤུགས་ལྡན་དུ་བཅུག    
ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་མ་བྱས་པའི་སྔོན་ལ། རྫོང་ཡོངས་སུ་ཁྱོན་བསྡོམས་ཁྲིམས་བསྟར་དཔུང་ཁག8བཙུགས་ཡོད་པ་དང་ཆ་སྙོམས་དཔུང་ཁག་རེར་ཁྲིམས་བསྟར་སྒྲིག་ཁོངས་ཀྱི་མི6ཡོད།མངའ་ཁོངས་ཀྱི་ཁྲིམས་བསྟར་དོན་ཚན་ཉུང་བ་དང་ཁྲིམས་བསྟར་བྱ་ཡུལ་ལས་རིགས་ཁ་ཐོར་ཡིན་པ་མ་ཟད་གྲངས་འབོར་ཉུང་བ་དང་ཁྲིམས་བསྟར་ནུས་ཤུགས་ཞན་པ་སོགས་ཀྱི་གནད་དོན་གནས།

གནད་དོན་དེར་དམིགས་ཏེ་རྨ་ཆེན་རྫོང་གིས“སྒྲིག་ཁོངས་བྱ་བ་དང་མཉམ་གནས་དང་མི་སྒྲིག་ཁོངས་ལྟར་འགྲོ་བའི”རྩ་དོན་གཞིར་བཟུང་ནས། ངལ་རྩོལ་འགན་སྲུང་ལྟ་ཞིབ་རུ་ཆེན་དང་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས། འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་རུ་ཆེན། ཞིང་ཕྱུགས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་རུ་ཆེན། རིག་གནས་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་རུ་ཆེན། བདེ་འཇགས་ཐོན་སྐྱེད་ལྟ་ཞིབ་ཁྲིམས་བསྟར་རུ་ཆེན་བཅས་ཁྲིམས་འཛིན་དཔུང་ཁག6སྡེབ་སྒྲིག་བྱས་ནས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྡེ་ཁག1ཏུ་བཙུགས། 1+1+5(ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་དོན་འགོ་ཁྲིད་ཚན་ཆུང1དང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས1། མངའ་ཁུལ་ཁྲིམས་འཛིན་རུ་འབྲིང5)ཡི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྒྲོམ་གཞི་ཆགས། 5+N(ཁྲིམས་བསྟར་རུ་འབྲིང5དང་ཁྲོམ་ར་དང་། འཕྲོད་བསྟེན། སྤྱི་བདེ། སྐྱེ་ཁམས་སོགས་ཁྱབ་ཁོངས་མང་བོའི་ཁྲིམས་བསྟར)མཉམ་འབྲེལ་ཁྲིམས་བསྟར་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། ཁྲིམས་བསྟར་སྟོབས་ཤུགས་སྔར་ལས་གཅིག་བསྡུས་དང་འགན་དབང་གཅིག་གྱུར།དབང་གྲགས་ནུས་ལྡན་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་བཙུགས་ནས།“སྡེ་ཁག་ཕྱོགས་བསྡུས་ཁེབས་པ་དང་། དཔུང་ཁག་གཅིག་གིས་ཁྲིམས་བསྟར་དོ་དམ་བྱེད་པ། ཐམ་ག་གཅིག་གིས་ཆད་པ་གཅོད་པར་དོ་དམ་བྱེད་པ”བཅས་ཀྱི་རྣམ་པ་ཆགས་ཤིང་། ཁྲིམས་བསྟར་ལྟ་སྐུལ་དོ་དམ་བྱེད་མཁན་མང་བ་དང་སྣེ་མང་བསྐྱར་ཟློས་ཀྱིས་ཁྲིམས་བསྟར་བྱེད་པའི་གནད་དོན་ལས་སླ་པོར་ཐག་གཅོད་བྱས།

ཕྱོགས་གཅིག་ནས་སྲིད་འཛིན་ཁྲིམས་བསྟར་སྟེགས་བུའི་རྩིས་ཁྲའི་དོ་དམ་ནང་རྐྱེན་བཙུགས་པ། གཞི་རིམ་གྱི“མིག་གིས་མཐོང་ཐུབ་པའི་རིགས་དོ་དམ་བྱེད་མི་ཐུབ་པ་དང་དོ་དམ་བྱེད་ཐུབ་པའི་རིགས་མིག་གིས་མཐོང་མི་ཐུབ་པའི”ཁྲིམས་བསྟར་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་པར་རྐང་ཚུགས་ཏེ་སྔར་ཡོད་ཀྱི་ཁྲིམས་བསྟར་དཔུང་ཁག6གི་ཁྲིམས་འཛིན་དོན་ཚན་དང་། ཁྲིམས་བསྟར་མི་སྣ་དང་ཁྲིམས་བསྟར་བྱ་ཡུལ་ཡང་བསྐྱར་ལེགས་སྒྲིག་ཕྱོགས་བསྡུས་བྱས། ཐོ་གཉིས་མཛོད་གཉིས་དཔེ་དེབ་གཅིག་རྩིས་ཐོ་གཅིག”(ཕྱོགས་བསྡུས་ཁྲིམས་བསྟར་དོན་ཚན་གྱི་གསལ་ཐོ་དང་། ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་འགན་འཁྲིའི་གསལ་ཐོ། ཁྲིམས་འཛིན་མི་སྣའི་མིང་ཐོ། ཚོང་རའི་གྲུབ་ཆ་གཙོ་བོའི་མིང་ཐོ། ཁྲིམས་བསྟར་ཨུ་ལྷན་གྱི་མངགས་བཅོལ་ཞུ་ཡིག བཅོས་བསྒྱུར་བྱས་པའི་གནད་དོན་གྱི་རྩིས་ཐོ་མེད་པར་བཟོ་བ)བཅས་བཙུགས་པ་བརྒྱུད། ཁྲིམས་བསྟར་དོན་ཚན246གསེད་བཀྲོལ་བྱས་ནས། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱི་ཁྲིམས་བསྟར་འགན་དབང་དང་། ཁྲིམས་བསྟར་དོན་ཚན། ཁྲིམས་བསྟར་ཁྱབ་ཁོངས། མི་སྣའི་སྒྲིག་ཁོངས་བཅས་སྔར་ལས་གསལ་པོ་བཟོས་པས། ཆེད་བསྐོས་ལས་གནས་དང་། ཆེད་བསྐོས་མི་སྣ། ཆེད་བསྐོས་དབང་ཆ། ཆེད་འགན་ལས་དོན། ཆེད་བསྐོས་འགན་འཁྲིབཅས་མངོན་འགྱུར་བྱུང་།

ཕྱོགས་གཞན་ཞིག་ནས་སྲིད་འཛིན་ཁྲིམས་བསྟར་གྱི་མཉམ་སྒྲུབ་མཉམ་འགུལ་ལམ་སྲོལ་འཛུགས་པ། བྱ་བ་མཉམ་འགུལ་དང་གྱོད་གཞི་མཐུན་སྦྱོར། ཆ་འཕྲིན་མཉམ་སྤྱོད། ཁྲིམས་བསྟར་ལྟ་སྐུལ་དོན་དམ་སོགས་ལ་དམིགས་ཏེ།«ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལམ་ལུགས་ཁག་བཅུ»གཏན་འབེབས་བྱས་པ་དང་། ཆེད་ལས་ཁྲིམས་རྩོད་པ་གདན་དྲངས་ནས་བརྒྱུད་རིམ་ཧྲིལ་བོར་ཁྲིམས་འཛིན་ཞབས་ཞུ་བྱས་ཤིང་།ཁྲིམས་བསྟར་མི་སྣའི་ཁྲིམས་བསྟར་ཚད་གཞི་དང་ཁྲིམས་བསྟར་སྒྲིག་ཁྲིམས་སྔར་ལས་ཚད་ལྡན་དུ་གཏོང་བར་སྐུལ་འདེད་བཏང་། ཁྲིམས་བསྟར་ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་འགན་འཁྲི་རྩད་གཅོད་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་བ་དང་། ཁྲིམས་བསྟར་ཚད་ལྡན་དུ་གཏོང་བ་དང་ཁྲིམས་བསྟར་དྲང་གཞག་ཡིན་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་། དེ་སྔའི་ཁྲིམས་བསྟར་བརྒྱུད་རིམ་ཁྲོད་ཁྲིམས་བསྟར་དྲང་གཞག་མིན་པ་དང་ཁྲིམས་བསྟར་ནན་མོ་མིན་པ། རང་དགར་ཁྲིམས་བསྟར་བྱེད་པ་སོགས་ཀྱི་སྣང་ཚུལ་ནུས་ལྡན་གྱིས་བཀག་འགོག་བྱས་ནས། གཞི་རིམ་དུ་ཁྲིམས་བསྟར་གྱི་འབོད་སྐུལ་ནུས་པ་དང་། ཀུན་གྱིས་ཡིད་ཆེས་བྱེད་ཚད། ཟིལ་ཤུགས་བཅས་མངོན་གསལ་དོད་པོས་ཇེ་དྲག་ཏུ་ཕྱིན། །

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། སྒྲོལ་མ་སྐྱིད།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章