ཐུན་ཏེ་རྫོང་​བད་ཁོ་སྡེ་བའི་རོགས་རེས་བདེ་སྐྱིད་གཞིས་ཁྱིམ།

文摘   2024-11-01 09:01   青海  

 






ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བའི་རོགས་རེས་བདེ་སྐྱིད་གཞིས་ཁྱིམ་གྱི་སྒོ་འབྱེད་མཛད་སྒོ་བསྡུས།








ཟླ10པའི་ཚེས29ཉིན། ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བའི་རོགས་རེས་བདེ་སྐྱིད་གཞིས་ཁྱིམ་གྱི་སྒོ་འབྱེད་མཛད་སྒོ་བསྡུས་ཤིང་། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཚེ་སྐྱབས་རྒྱལ་སྒོ་འབྱེད་མཛད་སྒོར་ཞུགས།

བད་ཁོ་སྡེ་བའི་རོགས་རེས་བདེ་སྐྱིད་གཞིས་ཁྱིམ་གྱི་སའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ120ཡོད་ལ། དེ་ནི་སྔོན་གྱི་བྱིས་སྐྱོང་ཁང་བསྐྱར་བསྐྲུན་བྱས་ནས་གྲུབ་ཅིང་། ནང་དུ་ངལ་གསོ་ཁང་དང་ཟ་ཁང་། འགྱིག་འཇོག་ས་དང་ལུས་སྦྱོང་བར་ཁྱམས་སོགས་མི50ལ་དུས་གཅིག་དུ་འཚོ་བའི་ཐད་ཀྱི་ལྟ་རྟོག་དང་རྒན་གསོའི་ཟ་མའི་རོགས་རེས། སྤྲོ་གསེང་རོལ་རྩེད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་རྒན་པ་རྣམ་གྱི་རྒྱུན་ལྡན་འཚོ་བའི་དགོས་མཁོ་དང་བསམ་པའི་དགོས་མཁོ་སྐོང་བཞིན་ཡོད།

ལས་རིམ་རྗེས་མར། བད་ཁོ་སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་རྒན་གསོའི་ཞབས་ཞུའི་འདུ་ཤེས་བརྟན་པོ་འཛུགས་པ། དུས་བབ་གསར་པའི་རྒན་པའི་བྱ་བ་ལེགས་པོར་བསྒྲུབ་པའི་ཐབས་མ་ནུས་ལྡན་གྱིས་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། སྤྱི་ཚོགས་ལས་རིགས་ཁག་གིས་སྡེ་བ་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་བྱ་གཞག་ལ་རྒྱུན་མཐུད་ངང་སེམས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས། རྒན་པའི་རིམ་པ་མང་བ་དང་རྣམ་པ་མང་བ། སྤྱི་ཚོགས་རང་བཞིན་བཅས་ཀྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་བསྐང་ནརྒན་པ་ཚོར་རྒྱུ་སྤུས་བཟང་བ་དང་ཕན་འབྲས་ཆེ་བ། སྟབས་བདེ་ཡིན་པ་བཅས་ཀྱི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱས་ཏེ། རོགས་རེས་བདེ་སྐྱིད་གཞིས་ཁྱིམ་དེ་རྒན་པ་ཚོའི་ཚེ་མཇུག་སྐྱིད་པོ་ཞིག་རོལ་བའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཤིག་ཏུ་འགྱུར་བར་བྱ་རྒྱུ་རེད།


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། ཕག་མོ་རྡོ་རྗེ།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章