ཡུས་ཧྲུའུ་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་གོང་འཕེལ་བཏང་བ།

文摘   2024-11-02 10:35   青海  





ཡུས་ཧྲུའུ་ཁུལ་གྱིས་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བ།

ཉེ་བའི་ལོ་འགའི་རིང་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱར་དམིགས་ཏེ། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་བྱ་བར་ཏན་ཏིག་གིས་སྐུལ་འདེད་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་གཙོ་ཤུགས་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་བྱེད་པ། དཔེ་མཚོན་དཔེ་སྟོན་ཇེ་དྲག་ཏུ་གཏོང་བ། གཅིག་འདོམས་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་ཀྱིས། ཁུལ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་སྤུས་འདེགས་ཕན་འཕར་ལ་སྐུལ་འདེད་བྱས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་གོང་འཕེལ་དང་ཁྱོན་ཡོངས་ནས་ནུས་ལྡན་དུ་བཏང་།
ཁྱོན་ཡོངས་ནས་འབྲོག་ཁུལ་གྱི་ཏང་འཛུགས་སྐྲུན་བྱ་བའི་རྨང་གཞི་བརྟན་པོར་བཏང་བ་དང་། གཞི་རིམ་ཏང་འཛུགས་སྐྲུན་གྱི“བཙན་རྫོང་བཟོ་འགོད”ལག་བསྟར་བྱེད་ཐབས་འགའགཟབ་ནན་སྒོས་དངོས་འབེབས་བྱེད་པ། སྡེ་བའི་ལས་བྱེད་པའི་བསླབ་རིམ་མཐོར་འདེགས་གཏོང་བའི“ཆུ་རྫིང”བཟོ་འགོད་རྒྱུན་མཐུད་ངང་འགོ་རྩོམ་པ། “1+5”འཇོན་མིས་སྡེ་བ་སྟོབས་ལྡན་དུ་གཏོང་བའི་བཟོ་འགོད་ལག་བསྟར་ཟབ་མོ་བྱེད་པ། གཉོད་ཆུང་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས9དག་ཐེར་མཐོར་འདེགས་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། སྡེ་བའི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་བའི“སྐོར་གཅིག་ལྔ”ཡི་བླང་བྱ་ཧུར་ཐག་གིས་དངོས་འབེབས་བྱས། ཁྱོན་ཡོངས་ནས“སྡེ་བ་རེར་ལག་རོགས་རེའི”ནང་རྐྱེན་བཙུགས་པ་དང་། རོང་འབྲོག་པའི་ཏང་ཡོན་གྱི་ཡིག་ཚགས་གནད་དོན་གྲལ་བཤེར་དང་བཅོས་སྐྱོང་གི“ཕྱིར་མིག་ལྟ་བའི”བྱ་བ་ཏན་ཏིག་གིས་འགོ་བརྩམས་ཏེ། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པོར་བཏང་།
ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི་བྱེད་སྒོ་མཉམ་འདྲེས་ཟབ་མོ་དང་། ཁུལ་ཐད་གཏོགས་ལས་ཁུངས་དང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་འགག་སྒོ་འདུ་ཤེས་བརྟན་པོར་ཆགས་པ། ཕྱོགས7དང་གཙོ་གནད་བྱ་བ18། “ནུས་ལྡན་ལྔ”ཡི་དཔེ་སྟོན་ལས་ཁུངས་གསར་སྐྲུན། ཞིབ་ཕྲའི་བྱེད་སྟངས་དོན་ཚན21བཅས་ལ་དམིགས་ཏེ། ཏང་འཛུགས་སྐྲུན་བྱ་བའི་གཙོ་གནདདང“ནུས་ལྡན་ལྔ”ཡི་ཆབ་སྲིད་དཔེ་སྟོན་ལས་ཁུངས་གསར་སྐྲུན་བྱེད་པའི་ལག་བསྟར་གྲོས་གཞིསྒྲིག་བཟོ་གཏན་འབེབས་བྱས་པར་མ་ཟད། སྐུལ་འདེད་གྲོས་ཚོགས་དང་ཏང་འཛུགས་སྐྲུན་བྱ་བའི་འགན་འཁྲི་ཡི་གེར་མིང་རྟགས་བཀོད་དེ། བྱ་བའི་འགན་འཁྲི་ནུས་ལྡན་ཏན་ཏིག་གིས་བརྒྱུད་འདྲེན་བྱས།
“ཏང་འཛུགས་སྐྲུན་གྱི་ཁྱམས་རིང”སྟེགས་བུའི་ལེགས་ཆ་འདོན་སྤེལ་དང་། ཤུགས་ཆེན་པོས་རྩ་འཛུགས་མཉམ་འཛུགས་ལག་བསྟར་དང་ལས་དོན་མཉམ་གྲོས་བྱེད་པ་ཇེ་དྲག ས་ཁུལ་མཉམ་ལས་བྱེད་པ་ཇེ་ཟབ། འགལ་བ་མཉམ་འབྲེལ་སྒོས་འདུམ་འགྲིག་བྱེད་པར་སྐུལ་འདེད། ས་ཁུལ་མཉམ་སྐྱོང་བྱེད་པར་སྐུལ་འདེད་བཏང་བར་མ་ཟད། ཉེ་འགྲམ་གྱི་ས་ཁུལ་ལ་མཉམ་ལས་བྱེད་པ་ཇེ་ཟབ་དང་གཞི་རིམ་བཅོས་སྐྱོང་གི་མི་འདང་ས་ཁ་གསབ་བྱས་ཏེ། “ཕན་ཚུན་དཔྱད་གཞིར་འཛིན་པ་དང་སློབ་སྦྱོང་བྱེད་པ། མཉམ་འགོག་མཉམ་བཅོས་བྱེད་པ། མཉམ་འཛུགས་མཉམ་སྐུལ་བྱེད་པའི”རྣམ་པ་ལེགས་པོ་ཞིག་ཆགས་སུ་བཅུག་ཡོད། །


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། རྡོ་རྗེ་རིན་ཆེན།
སྒྲིག་སྦྱོར་པ། རྡོ་རྗེ་རིན་ཆེན།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章