པད་མ་རྫོང་གིས་ནུས་ཤུགས་ཡོད་རྒུས་སྡེ་བར་སོང་ནས་ལས་འགན་འཁུར་བའི་སློབ་ཆེན་པའི་དཔུང་སྡེ་བསྐྲུན་པ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་ནུས་ཤུགས་ཡོད་རྒུས“ཐོན་ལས་ལ་རྒྱུས་ཡོད་པ་དང་བཅོས་སྐྱོང་ལ་མཁས་པ། བྱ་བ་སྒྲུབ་ཤེས་པ། བློ་གཏད་ཆོག་པའི”སྡེ་བའི་ལས་འགན་འཁུར་བའི་སློབ་ཆེན་པའི་དཔུང་སྡེ་བསྐྲུན་ཏེ། གྲོང་གསེབ་དར་སྤེལ་གྱི“དར་བའི”ལེའུ་རང་ནུས་ཅི་ཡོད་སྒོས་བརྩམས།
འདེམས་པ་ལ་བྱེད་ཐབས་བཏོན་ཏེ། སྡེ་བ་ནས་ལས་འགན་འཁུར་བའི“བྱ་བ་དང་པོ”ལེགས་པོར་བསྒྲུབས། སྡེ་བའི་ལས་བྱེད་དཔུང་སྡེའི་གྲུབ་ཚུལ་སྔར་བས་ཇེ་ལེགས་སུ་གཏོང་ཆེད། རྫོང་ཨུའི་རྩ་འཛུགས་པུའུ་ཡིས“སྡེ་བ་རེར་ལག་རོགས་རེའི”རྩ་དོན་ལྟར། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལག་རོགས་བདམས་ཞུ་བྱས་པ་དང་། སྡུད་ལེན་སྤྱི་བསྒྲགས་སྤེལ་བ་དང་མིང་ཐོ་འགོད་པ། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས། ཁ་རྒྱུགས། ལུས་ཕུང་བརྟག་དཔྱད། ལྟ་ཞིབ། སྤྱི་བསྒྲགས། གདན་ཞུས་སོགས་ཀྱི་འགྲོ་རིམ་བརྒྱུད། སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའི་ལག་རོགས་པ32སྡུད་ལེན་བྱས།
གསོ་སྐྱོང་ལ་ཤུགས་བཏོན་ཏེ། འཇོན་མི་གསོག་འཇོག་གི“སྒུལ་ནུས་གསར་པ”སྐུལ་སྤེལ་བྱས། ཞིང་ཆེན་ཏང་ཨུའི་སློབ་ཆེན་པ་སྡེ་བར་སོང་ནས་ལས་འགན་འཁུར་བའི་སྐོར་གྱི་འཆར་གཞིའི་འབྲེལ་ཡོད་བླང་བྱ་དང་། “སྡེ་བ་རེར་ལག་དེབ་རེ་དང་ཞང་རེར་མཛོད་རེའི”ཚད་གཞི་ལྟར། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཆེན་པའི་འགུལ་རྣམ་འཇོན་མི་མཛོད་བཙུགས་ཏེ། སྡེ་བར་སོང་ནས་ལས་འགན་འཁུར་བའི་སློབ་ཆེན་པ66གི་གནས་ཚུལ་ལ་དངོས་གནས་རྒྱུས་ལོན་བྱས། སྡེ་བར་ལོག་འདོད་ཆེ་བ་དང་བྱ་བ་སྒྲུབ་འདོད་ཆེ་བ། གསར་སྐྲུན་ལ་མཁས་པ། འཕེལ་རྒྱས་གཏོང་ཤེས་པའི་སློབ་ཆེན་པ་རྣམས། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་རྗེས་གྲབས་འཇོན་མིའི་མཛོད་དུ་བཞག མིག་སྔའི་བར་དུ། རྗེས་གྲབས་ལས་བྱེད་མཛོད9བཙུགས་པ་དང་། སྡེ་བ་རིམ་པའི་རྩ་འཛུགས་རྗེས་གྲབས་འཇོན་མི305གསོག་འཇོག་བྱས།
དོ་དམ་ལ་ནུས་ཤུགས་བཏོན་ཏེ། སྡེ་བ་ནས་ལས་འགན་འཁུར་བའི“སྟོབས་ཤུགས”ལེགས་པོར་བཏོན། 2026ལོའི་སྐབས་བརྗེ་སྐབས་ཀྱི་རྫོང་སོ་སོའི་སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅི60%སློབ་ཆེན་པ་དང་སྡེ་བའི“ཨུ་ལྷན་གཉིས”ཀྱི100%སློབ་ཆེན་པ་ཡིན་དགོས་པའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། འགན་འཁྲི་སྔར་ལས་ནན་དཀྲི་བྱེད་པ་དང་། ཞང་གྲོང་སོ་སོས་གསོ་སྐྱོང་འདེམས་སྒྲུག་དང་ལས་རྐང་སྦྱོང་བརྡར། སློབ་གསོ་གསོ་སྦྱོང་། འགུལ་རྣམ་དོ་དམ་བཅས་ཀྱི་བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བར་སྐུལ་ཁྲིད་བྱེད་པ། བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སློབ་ཆེན་པ་སྡེ་བར་ལོག་ནས་བྱ་བ་སྒྲུབ་པར་འབོད་སྐུལ་བཏང་།
བཀོལ་སྤྱོད་ཐད་ནས་དངོས་འབྲས་ཐོན་པར་གཙིགས་འཛིན་བྱས་ཏེ། ལས་སྒྲུབ་ལས་བཏོད་ཀྱི“གསོན་ཤུགས་གསར་པ”སྐུལ་སྤེལ་བྱས། “གསོ་སྐྱོང་ཁྲོད་བེད་སྤྱོད་དང་བེད་སྤྱོད་ཁྲོད་གསོ་སྐྱོང་བྱེད་པའི”ཐབས་ལམ་ལྟར། སྡེ་བ་རིམ་པའི་རྩ་འཛུགས་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ། གཞི་རིམ་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་སོགས་གཙོ་གནད་བྱ་བར་དམིགས་ཏེ། སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའི་ལག་རོགས་པ32ཞང་གྲོང་གི་ལས་རྐང་དུ་སྦྱོང་བརྡར་བྱེད་པར་བཀོད་སྒྲིག་བྱས། དེ་ལས་སྦྱངས་འབྲས་ལེགས་ཤིང་འཇོན་ནུས་ལྡན་པའི་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའི་ལག་རོགས་པ16རྗེས་གྲབས་ཀྱི་གསོག་འཇོག་མཛོད་དུ་བཞག་ཅིང་། དུས་ཐོག་ཏུ་སྡེ་བའི“ཨུ་ལྷན་གཉིས”ཀྱི་ལས་རྐང་སྟོང་བའི་ཁ་གསབ་སྟེ། གསར་སྐྲུན་བརྩོན་ལེན་གྱི་ནང་གནས་སྒུལ་ཤུགས་ཁྱོན་ཡོངས་ནས་སྐུལ་སྤེལ་བྱས། །
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།