​མེ་ལྷ་གངས་དཀར་གྱི་ཡུལ་སྐོར་ལམ་ཐིག་འོས་སྦྱོར།

文摘   2024-11-01 15:30   青海  



མེ་ལྷ་གངས་དཀར་གྱི་ཡུལ་སྐོར་ལམ་ཐིག་འོས་སྦྱོར།


རི་རྩེའི་མཐོ་ཚད་རྒྱ་མཚོ་ངོས་ལས་སྨི5254.5ཡོད།
དེ་ནི་མདོ་ལ་རི་བོའི་ཤར་རྒྱུད་ཀྱི་རི་རྩེ་མཐོ་ཤོས་དེ་ཡིན།
འཇུ་ལག་ས་ཁོངས་ཀྱི་རི་ཚོགས་ཀུན་གྱི་ཡང་རྩེ་རུ་གྱུར་པའི་མེ་ལྷ་གངས་དཀར་ཡིན། 
ངག་རྒྱུན་ལ་དེ་ནི་དཔའ་རིས་བོད་ཁུལ་གྱི་མཐོན་པོ་བཅུ་གསུམ་གྱི་བླ་རི་ཡིན་ཟེར། 
ཨ་མྱེས་མེ་ལྷ་གངས་དཀར་ཞེས་ཀྱང་འབོད། གངས་རིའི་རི་ཚོགས་ཁྲོད་གཟི་དཔལ་གྱི་མཚན་ཁ་འབར་ཡོད།



ས་ཚིགས་དང་པོ། འཇུ་ལག་གྲོང་རྡལ་ནས་སྡེ་བརྒྱད་དེའུ་འབུར་གྲོང་རྡལ་བར།
ཞག་སྡོད་དང་གསོལ་ཁང་། མཁོ་སྤྲོད།

ས་ཚིགས་གཉིས་པ། མེ་ལྷ་གངས་དཀར་འཛུལ་སྒོ།

རྒྱལ་ལམ227བརྒྱུད་ནུབ་ཕྱོགས་སུ་ཧ་ལམ20kmཙམ་བསྐྱོད་དགོས།






  
ས་ཚིགས་གསུམ་པ། ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས།
ལྗོངས་ཁུལ་དུ་བསྐྱོད་ནས་ལྗོངས་ཁུལ་གྱི་འཛུལ་སྒོ་དང་ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས་སུ་སླེབས་ཐུབ།

ས་ཚིགས་བཞི་པ། ཚོན་མདོག་རྣམ་པར་བཀྲ་བའི་རྦབ་ཆུ།

ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས་ནས་སྤྱི་ལེ7ཙམ་བསྐྱོད་ན་རྒྱ་མཚོའི་ངོས་ལས་སྨི3850ཡོད་པའི་ཚོན་མདོག་རྣམ་པར་བཀྲ་བའི་རྦབ་ཆུར་སླེབས་ཐུབ།

ས་ཚིགས་ལྔ་པ། རི་གཟིགས་སྟེགས་བུ།

ཚོན་མདོག་རྣམ་པར་བཀྲ་བའི་རྦབ་ཆུ་ནས་ཡར་བསྐྱོད་ནས་སྤྱི་ལེ2ཙམ་གྱི་མཚམས་ནས་རྒྱ་མཚོའི་ངོས་ལས་སྨི4123ཡོད་པའི་རི་གཟིགས་སྟེགས་བུར་སླེབས་ཐུབ།




ས་ཚིགས་དྲུག་པ། རྒྱ་མཚོའི་ངོས་ལས་སྨི4300ཡོད་པའི་སྒར་ས་ཆེན་པོ་ནི་རི་འཛེགས་ལ་དགའ་མཁན་ཚོའི་སྒར་སའི་གནས་ཡུལ་ཡིན།
ཡུལ་སྐོར་བ་ཚོ་གངས་རིའི་ཐག་ཉེ་སར་བསྐྱོད་ནས་གངས་རིར་ལྟ་བའི་གནས་ཆེས་ལེགས་ཤོས་དེ་ཡང་ཡིན།

ས་ཚིགས་བདུན་པ། མེ་ལྷ་གངས་དཀར།

སྨི5254.5ཡོད་པའི་མེ་ལྷ་གངས་དཀར་གྱི་ཆེས་མཐོ་ཤོས་ཀྱི་རི་རྩེ།

སྨི5115ཡོད་པའི་མེ་ལྷ་གངས་དཀར་གྱི་རི་རྩེ་གཉིས་པ།

སྨི5005ཡོད་པའི་མེ་ལྷ་གངས་དཀར་གྱི་རི་རྩེ་གསུམ་པ།




འོས་འཚམ་གྱི་གངས་ཤུད་གྱོན་གོས་དང་གངས་ཤུད་ཤེལ་མིག རྨོག་ཞྭ། པུས་མོ་དང་གྲུ་མོ། ལུས་རྒྱབ་སོགས་ཀྱི་འགོག་སྲུང་སྒྲིག་ཆས་གྱོན་ཚེ་ཁྱེད་ལ་གནོད་འཚེ་མི་ཕོག་པར་མ་ཟད། ད་དུང་གངས་ཤུད་བཟང་བོ་ཞིག་བརྒྱབས་ནས་ཉམས་ལེན་ཟབ་མོ་ཞིག་ལེན་ཐུབ།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།



འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། ཕག་མོ་རྡོ་རྗེ།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章