གཅིག་སྒྲིལ་རྫོང་གིས“བྱེད་ཐབས་དངོས”ལ་བརྟེན་ནས་རྩ་བཅོས་འགག་སྒྲོལ་གྱི་སྤུས་འདེགས་ལ་སྐུལ་འདེད་བྱས།
ད་ལོའི་ཚུན་ལ། གཅིག་སྒྲིལ་རྫོང་གིས་རྩ་བཅོས་འགག་སྒྲོལ་གྱི་དམིགས་འབེན་ལ་གཞོལ་ཏེ། འགན་འཁྲི་དངོས་འབེབས་དང་། ནང་རྐྱེན་འཐུས་ཚང་། བྱེད་སྟངས་གསར་སྐྲུན། ཆེད་མཁས་པས་མཛུབ་སྟོན་བྱེད་པ། ལྟ་སྐུལ་ཞིབ་བཤེར་དང་ཁྲིད་སྟོན་བྱེད་པར་དམ་འཛིན་བྱེད་པའི་བྱེད་སྟངས་སྣ་མང་སྤྱད་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཚོགས་ཆེན་གྱི་བདེ་འཇགས་བྱེད་སྟངས་ཀྱི་དོན་ཚན15དངོས་འབེབས་བྱས་ཤིང་། གཙོ་གནད་འགག་སྒྲོལ་དང་སྤྱི་ཡོངས་མཐོར་འདེགས་བཏང་སྟེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྐོར་ཞིག་ནུས་ལྡན་ངང་སེལ་བས། དོན་རྐྱེན་འགངས་ཆེན་དང་དེ་ལས་ཚབས་ཆེ་བའི་དོན་རྐྱེན་བཀག་སྡོམ་བྱས་ཏེ། རྫོང་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་བརྟན་འཇགས་ཡོང་བར་འགན་སྲུང་བྱས།
གཙོ་གནད་འགན་འཁྲི་ནན་འགེལ་བྱས་ཏེ། བྱ་བའི་དམིགས་འབེན་གསལ་པོ་བྱས་པ།
རྫོང་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཡོངས་ཀྱིས་རྫོང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པས་འགན་བཞེས་པའི་སྲིད་གཞུང་གི་བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་དང་། ཞིབ་བཤེར་གྱི་བརྒྱུད་རིམ་ནན་མོ་འཐུས་ཚང་དུ་བཏང་སྟེ། 《གཅིག་སྒྲིལ་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དེའི་ཁོངས་མིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ཞིབ་ཐོ》དང་། 《གཅིག་སྒྲིལ་རྫོང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་བྱ་བའི་ནང་རྐྱེན་དང་སྲིད་གཞུང(སྡེ་ཁག)གི་བདེ་འཇགས་ཐོན་སྐྱེད་བྱ་བའི་འགན་འཁྲིའི་གཏན་འཁེལ》གཉིས་ཐོག་མར་དཔར་འགྲེམ་བྱས་ཏེ། རྫོང་དང་ཞིང་རིམ་པ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་། དེ་མིན་ལས་རིགས་སོ་སོ་དང་སྡེ་ཁག་སོ་སོའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྔར་ལས་ལྷག་པའི་སྒོ་ནས་གསལ་པོ་བྱས་ཏེ། རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཆེད་དོན་ཞིབ་འཇུག་ཐེངས22སྤེལ།(དེའི་གྲས་ཀྱི་ཆེད་དོན་ཞིབ་འཇུག་ཐེངས4ནི་འགན་འཁུར་བློ་མཐུན་གཙོ་བོས་བྱས་པ་ཡིན། )ཡུལ་དངོས་ནས་ལྟ་སྐུལ་ཁྲིད་སྟོན་ཐེངས35བྱས།(དེའི་གྲས་ཀྱི་ལྟ་སྐུལ་ཁྲིད་སྟོན་ཐེངས8ནི་འགན་འཁུར་བློ་མཐུན་གཙོ་བོས་བྱས་པ་ཡིན།)
རྩ་བཅོས་བྱེད་སྟངས་ཇེ་ཞིབ་ཏུ་བཏང་སྟེ། འགག་སྒྲོལ་ལས་འགན་དངོས་འབེབས་བྱས་པ།
རྫོང་ཏང་ཨུའི “གཅིག་སྡོམ་རྣམ་པ”ཡི་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་འབྲུབ་འགོག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་གོ་སྐབས་སུ་བརྩིས་ཏེ། ཞང་དང་གྲོང་རྡལ་གཙོ་བོ་དང་། རྫོང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་གཙོ་བོར་ཟབ་ཞུགས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་ལོ་གསུམ་བྱ་འགུལ་གྱི་ཆེད་དམིགས་ལྟ་སྐུལ་ཞིབ་བཤེར་ཐེངས3ལ་སྤེལ། ཚོང་གཉེར་རང་བཞིན་གྱི་རང་ལས་ཁང་པ་དང་། གྲོང་དང་གྲོང་རྡལ་གྱི་སོལ་རླངས། འགྲིམ་འགྲུལ་སྐྱེལ་འདྲེན། ཨར་ལས་བཟོ་སྐྲུན་གྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སྒྲིག་བཅོས་བྱེད་པར་སྐུལ་འདེད་དང་ཤུགས་བསྣན་ཏེ། གཙོ་གནད་ཁྱབ་ཁོངས་ལ་འབད་པ་ཆེན་པོས་ཆེད་དམིགས་སྒྲིག་བཅོས་བྱེད་པ་དམ་འཛིན་བྱས་ཏེ། ལས་རིགས་སོ་སོ་དང་སྡེ་ཁག་སོ་སོས་སྡེ་ཁག་གི“ཞར་བྱུང་ཇུས་གཞི”ལྟར། 2023ལོའི་ཆེད་དམིགས་བྱ་འགུལ་གྱི་གྲུབ་འབྲས་ཇེ་བརྟན་དུ་གཏོང་བའི་རྨང་གཞིའི་སྟེང་། བདེ་འཇགས་ཐོན་སྐྱེད་དང་འབྲེལ་བའི“མི་སྣ་དོ་དམ། འཕྲུལ་ཆས་སྒྲིག་ཆས། ཁྲིམས་སྲོལ་ལམ་ལུགས། ཁོར་ཡུག་ཆ་རྐྱེན། བདེ་འཇགས་དོ་དམ”བཅས་ཀྱི་རྒྱུ་རྐྱེན་ལ་དམིགས་ཏེ། རྩ་བཅོས་བྱེད་སྟངས་རབ་དང་རིམ་པ་ཞིག་ཏན་ཏིག་གིས་ལག་བསྟར་བྱས། “ཞིབ་ཐོ་གཉིས་དང་རེའུ་མིག་བཞི”ཡི་ནང་རྐྱེན་རྒྱུན་མཐུད་ངང་སྐུལ་སྤེལ་བྱས་ཏེ། “ཉེན་ཁ་འགོག་པ། བདེ་འཇགས་སྲུང་བ། བརྟན་བརླིང་འཛིན་པ”ཡི་བདེ་འཇགས་ཐོན་སྐྱེད་ཀྱི་རྟོག་ཞིབ་ཆེན་མོ་དང་། ལྟ་སྐུལ་ཞིབ་བཤེར་ཆེན་མོ་ཏན་ཏིག་གིས་སྤེལ་ཏེ། སྡེ་ཁག་སོ་སོ་དང་ཁེ་ལས་སོ་སོས་ཁྱབ་ཁོངས་སོ་སོའི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་འགངས་ཆེན་གཏན་འཁེལ་གྱི་ཚད་གཞིར་སློབ་སྦྱོང་ཐེངས90བྱས་ཤིང་། མི1437ལ་འབྲེལ་ཡོད། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་འགངས་ཆེན6གྲལ་བཤེར་བྱས་ཏེ་ཤེས་པ་དང་། དེ་ལས5དག་ཐེར་ལེགས་བཅོས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་གི་རྣམ་པ་དེ་སྔོན་འགོག་གི་རྣམ་པར་བསྒྱུར་བར་སྐུལ་འདེད་བཏང་།
བདེ་འཇགས་འདུ་ཤེས་གསར་སྐྲུན་བྱས་ཏེ། སློབ་གསོ་དང་གསོ་སྦྱོང་གཏིང་ཟབ་ཏུ་སྤེལ་བ།
རྫོང་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ་དང་། ཉེན་རྫས་ཐོན་རྫས་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ནུས་པ་ཆེ་རུ་གཏོང་ཆེད། གཅིག་སྒྲིལ་རྫོང་གིས་ཞིང་ཆེན་རིམ་པའི་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་ཡུས་ཞའོ་ཧེ་གདན་དྲངས་ཏེ་གཅིག་སྒྲིལ་རྫོང་གི་བདེ་འཇགས་ཐོན་སྐྱེད་ཀྱི་བློ་འདྲི་ས་བྱས་ཤིང་། 《མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག》གི་ཆེད་དོན་གསོ་སྦྱོང་ཐེངས1རྩ་འཛུགས་བྱས་ཏེ་སྤེལ་བ་དང་། རྫོང་ཡོངས་ཀྱི་རྫོང་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་། རྫོང་ཏང་ཨུའི་པུའུ་ཨུ་སོ་སོ། རྫོང་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགོ་ཁྲིད་པ་གཙོ་བོ་གསོ་སྦྱོང་གི་ནང་ཞུགས། “གཅིག་བསྡུས་སྒྲོག་འགྲེལ+ཡུལ་དངོས་སློབ་ཁྲིད”ཀྱི་རྣམ་པ་སྤྱད་དེ། ཞིང་ཆེན་རིམ་པའི་ཉེན་རྫས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་གདན་དྲངས་ཏེ་གཅིག་སྒྲིལ་རྫོང་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་འགངས་ཆེན་གྱི་ཁྲིམས་འཛིན་ལས་ཁུངས་དང་ཉེན་རྫས་ཁེ་ལས་སོ་སོར་བདེ་འཇགས་དོ་དམ་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་བྱས་ཤིང་། རྫོང་རིམ་པའི་སྡེ་ཁག་སོ་སོ་རྩ་འཛུགས་སམ་ཡང་ན་གཞི་རིམ་བདེ་འཇགས་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་མི་སྣའི་ནུས་པ་གསོ་སྦྱོང་ཐེངས33བྱས་པ་དང་མི་ཐེངས485ལ་སླེབས། ཁེ་ལས་སོ་སོའི་འགན་འཁུར་པ་གཙོ་བོ་དང་ལས་སྒྲུབ་མི་སྣར་གསོ་སྦྱོང་བྱས་པ་མི་ཐེངས1458ལ་སླེབས། “ཀུན་གྱིས་བདེ་འཇགས་ལ་དོ་སྣང་དང་། ཀུན་གྱིས་འཕྲལ་རྐྱེན་ཟློག་ཤེས་པ”ཞེས་པའི་བརྗོད་གཞིའི་ཐོག་བདེ་འཇགས་དྲིལ་སྒྲོག་མི་ཐེངས་ཁྲི2ལ་བྱས་ཏེ། མེ་འགོག་མེ་གསོད་ཁྱབ་ཁོངས་ཀྱི་བདེ་འཇགས་གནད་དོན6སུན་འབྱིན་བྱས་ཤིང་། “ལྟ་སྦྱོང་བརྗེ་རེས་དང་། དགེ་མཚན་སློབ་པ་དང་མི་འདང་ས་ཁ་གསབ་རྒྱག་པ། མཉམ་དུ་ཡར་རྒྱུས་འབྱུང་བ”ཡི་དམིགས་འབེན་ལ་གཞོལ་ནས། རྫོང་ནང་ཁུལ་གྱི་ཉེན་རྫས་ཁེ་ལས(སྣུམ་སྣོན་ས་ཚིགས) རྩ་འཛུགས་བྱས་ཏེ། གཞི་ཁྱོན་ཅན་གྱི་དོ་དམ་ལྟ་སྦྱོང་བརྗེ་རེས་བྱ་འགུལ་ཐེངས་མང་པོར་སྤེལ་བ་དང་། ཉེན་རྫས་ཐོན་རྫས་ཁེ་ལས་ཀྱི་ཚད་ལྡན་ཅན་གྱི་བདག་གཉེར་དོ་དམ་ཆུ་ཚད་ཇེ་མཐོར་བཏང་།།
ཡོང་ཁུངས། གཅིག་སྒྲིལ་རྫོང་འཕྲལ་བསྟུན་དོ་དམ་ཅུས།
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།