པདྨ་རྫོང་གིས་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་འཛིན་གྲྭ་བསྡུས།

文摘   2024-11-07 14:00   青海  

 པདྨ་རྫོང་གིས2024ལོའི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་ལས་བྱེད་པའི་ནུས་པ་དང་བྱང་ཚད་མཐོར་འདེགས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ།

ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་ཏུ་གཏོང་བ་དང་། བདེན་སྲུང་གསར་གཏོད་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་ལས་བྱེད་དཔུང་སྡེ་འཛུགས་སྐྲུན་བྱ་ཆེད། ཟླ10པའི་ཚེས29ཉིན་ནས་ཟླ11པའི་ཚེས1ཉིན་བར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་རྫོང་ཨུའི་ཏང་གི་སློབ་གྲྭར་མཉམ་འབྲེལ་བྱས་ནས2024ལོའི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་ལས་བྱེད་པའི་ནུས་པ་དང་སྤུས་ཚད་མཐོར་འདེགས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ཏེ། རྫོང་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་ཁྱབ་ཁོངས་ཀྱི་ལས་བྱེད་པའི་ལས་སྒྲུབ་ནུས་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་བ་དང་། རྫོང་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྔར་ལས་སྐུལ་འདེད་བཏང་།

ཐེངས་འདིའི་གསོ་སྦྱོང་གིས་དྲིལ་སྒྲོག་བསམ་བློ་རིག་གནས་ལས་བྱེད་པའི“འགྲོ་ནུས། ལྟ་ནུས། བསམ་ནུས། འབྲི་ནུས”ཇེ་དྲགས་ལ་གཏོང་བ་དམིགས་འབེན་ལ་བཟུང་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་རིག་གནས་བསམ་བློ། གནས་བབ་གསར་པའི་འོག་གི་གཞི་རིམ་གྱི་འདུ་ཤེས་འཛིན་སྟངས་བྱ་བ།“འཆལ་རྡུང་ལོག་སེལ”གྱི་ཆེད་དོན་འགུལ་སྐྱོད། དྲ་རྒྱའི་བདེ་འཇགས་དང་དྲ་དཔྱད་རྐང་འཛིན་པའི་བྱ་བ། བསམ་པའི་དཔལ་ཡོན་འཛུགས་སྐྲུན། འདུ་ཤེས་འཛིན་སྟངས་ཀྱི་འཐབ་རའི་འཛུགས་སྐྲུན། མཉེན་ཆས་དག་མ་སོགས་ཀྱི་ནང་དོན་ལ་ཆེད་དོན་སློབ་ཁྲིད་བྱས་པ་དང་། གཞུང་ལུགས་ཀྱི་མཛུབ་སྟོན་ཡོད་ལ་ལག་ལེན་གྱི་སློབ་ཁྲིད་ཀྱང་ཡོད། སྲིད་ཇུས་འགྲེལ་བཤད་ཡོད་ལ་དཔེ་གཞི་དབྱེ་ཞིབ་ཀྱང་ཡོད། གསོ་སྦྱོང་ལ་ཞུགས་པའི་སློབ་མའི་འདུ་ཤེས་འཛིན་སྟངས་དང་། གླེང་ཕྱོགས་ཁྲིད་སྟོན། གླེང་ཕྱོགས་གནས་ཚུལ་ལ་ཁ་གཏད་འཇལ་བ་དང“འཆལ་རྡུང་ལོག་སེལ”གྱི་བྱ་བའི་ནུས་པ་བཅས་ཕན་ནུས་ལྡན་པའི་སྒོ་ནས་མཐོར་འདེགས་བཏང་བ་དང་། པདྨ་ཡི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བ་སྤེལ་བར་སྔར་ལས་ནུས་ལྡན་གྱི་འགན་སྲུང་མཁོ་འདོན་བྱས།

བསམ་བློའི་འོད་ཟེར་གྱིས་མ་འོངས་པ་གསལ་བར་བྱེད་ལ། རིག་གནས་འགན་འཁྲི་ཡིས་མདུན་བསྐྱོད་ལ་སྐུལ་མ་བྱེད། གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཚོས་གཅིག་མཐུན་ངང་བརྗོད་རྒྱུར། ཐེངས་འདིའི་གསོ་སྦྱོང་ལས་བསླབས་པ་དང་ཐོབ་པའི་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱས་ཏེ། རིག་གནས་རང་རྟོན་སྲ་བརྟན་དང་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས། གནས་བབ་གསར་པའི་འོག་གི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བར་ཐབས་ལམ་གསར་པ་དང་བྱེད་ཐབས་གསར་པ་གཏིང་ཟབ་སྒོས་འཚོལ་ཞིབ་དང་། དྲིལ་སྒྲོག་བསམ་བློ་རིག་གནས་ལས་དོན་ལ་ལེའུ་གསར་པ་བྲིས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་པདྨ་ཡི་ལག་ལེན་གསར་པར་བསམ་བློའི་འགན་སྲུང་བརྟན་པོ་དང་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱ་རྒྱུ་ཡིན། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ། སྡེ་ཁག་དང་ལས་ཁུངས་སོ་སོའི་དྲིལ་སྒྲོག་ཆེད་མི། སྲིད་ཇུས་གཞུང་ལུགས་སྒྲོག་འགྲེལ་མི་སྣ། བསམ་པའི་དཔལ་ཡོན(དུས་རབས་གསར་པའི་དཔལ་ཡོན་ལག་ལེན)བྱ་བའི་ཆེད་མི། དྲ་དཔྱད་རྐང་འཛིན་མི་སྣ། “འཆལ་རྡུང་ལོག་སེལ”བྱ་བའི་ཆེད་མི་སོགས་མི50ལྷག་གསོ་སྦྱོང་ལ་ཞུགས། །


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། སྟག་ལྷ་སྐྱབས། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章