མཚོ་སྔོན་གྱི“ཚེ་སྲོག་བྱ་ཚང”མཉམ་འབྲེལ་རྒྱལ་ཚོགས་ཀྱིCOP16རུ་བདམས།

文摘   2024-11-09 14:30   青海  

 མཚོ་སྔོན་གྱི“ཚེ་སྲོག་བྱ་ཚང”མཉམ་འབྲེལ་རྒྱལ་ཚོགས་ཀྱིCOP16“ནུས་ཁུངས་རིགས་བསྒྱུར་གྱིས་སྐྱེ་དངོས་སྣ་མང་རང་བཞིན་ཅན་གྱི་སྲུང་སྐྱོབ་དང་ལག་ལེན་ལ་སྐུལ་འདེད་བྱས་པའི་དཔེ་གཞིའི་ལེའུ”རུ་བདམས་པ།

འཐུས་ཚབ་རང་བཞིན་དང་གསར་གཏོད་རང་བཞིན། ཁྱབ་སྤེལ་ཆོག་འཐུས་རང་བཞིན། ཕན་འབྲས་མངོན་གསལ་ཡིན་པ་བཅས་ཀྱི་དཔེ་མཚོན་དཔེ་གཞི་ཞིག་རེད།

ཟླ11པའི་ཚེས3ཉིན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་འབྱོར་བའི་ཆ་འཕྲིན་ལྟར་ན། ཀྲུང་གོས་སྐུལ་སྤེལ་གསར་འཛུགས་བྱས་པའི་འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱིས་སྐབས16པའི་མཉམ་འབྲེལ་རྒྱལ་ཚོགས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚོགས་ཆེན(COP16)སྐབས་སུ“ནུས་ཁུངས་རིགས་བསྒྱུར་གྱིས་སྐྱེ་དངོས་སྣ་མང་རང་བཞིན་ཅན་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བའི་གླེང་སྟེགས”བསྡུས། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱི“‘ཚེ་སྲོག་བྱ་ཚང’གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་འཆམ་མཐུན་སྲུང་སྐྱོབ”ཀྱི་ལས་གཞི་དཔེ་མཚོན་དཔེ་གཞིར་བདམས་པ་དང་། མཚོ་སྔོན་གྱིས་ནུས་ཁུངས་གློག་ཤུགས་ལྗང་མདོག་རིགས་བསྒྱུར་ལ་སྐུལ་འདེད་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་སྐུལ་སྤེལ་བྱས་པའི་འཚོལ་ཞིབ་ལེགས་པོ་དང་ཕན་ལྡན་གྱི་གྲུབ་འབྲས་མངོན་ཡོད།

“ཚེ་སྲོག་བྱ་ཚང”དུ་སྡོད་པའི་ནེའུ་ལེ་ཁྱིམ་གཅིག

གླེང་སྟེགས་མ་འཚོགས་པའི་སྔོན་ལ། འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱིས་ཕྱི་རོལ་ནས་ནུས་ཁུངས་རིགས་བསྒྱུར་གྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་པ་དང་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་ལ་སྐུལ་འདེད་བྱས་པའི་གསར་གཏོད་ལས་གཞིའི་ལག་ལེན་འཚོལ་སྡུད་བྱས་པ་དང་། དེའི་ཁྲོད་ཀྱི་འཐུས་ཚབ་རང་བཞིན་དང་གསར་གཏོད་རང་བཞིན། ཁྱབ་སྤེལ་ཆོག་འཐུས་རང་བཞིན། ཕན་འབྲས་མངོན་གསལ་ཡིན་པ་བཅས་ཀྱི་དཔེ་མཚོན་དཔེ་གཞི་བདམས་ཏེ། 《ནུས་ཁུངས་རིགས་བསྒྱུར་གྱིས་སྐྱེ་དངོས་སྣ་མང་རང་བཞིན་ཅན་གྱི་སྲུང་སྐྱོབ་དང་ལག་ལེན་ལ་སྐུལ་འདེད་གཏོང་བའི་དཔེ་གཞི》གྲུབ་ལ། དེ་ནི་ཐཱན་ཉུང་གཏོང་དང་འཚོ་གནས་ལ་གནོད་པ་གཏོང་ཚད་ཉུང་དུ་གཏོང་བ། ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད། སྐྱེ་ཁམས་སླར་གསོ་ལ་སྐུལ་འདེད་བཅས་རྣམ་གྲངས་རིགས་བཞི་ལ་ཁེབས།

“ཚེ་སྲོག་བྱ་ཚང”བཟོ་བ།

གཙང་གསུམ་འབྱུང་ཡུལ་ནི་མཚོ་བོད་མཐོ་སྒང་གི་ལྟེ་བར་གནས་ཤིང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པས།“ཀྲུང་ཧྭའི་ཆུ་ལྕོག”ཅེས་འབོད་པ་དང་། འཛམ་གླིང་སྟེང་གི་མཚོ་འཕགས་མཐོ་བའི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་གཅིག་འདུས་ཡིན་པའི་ས་ཁུལ་གྱི་གྲས་ཡིན་པ་དང་། འདབ་ཆགས་རིགས་ལ་གླག་དང་ཁྲ། གསེར་གླག་སོགས་གནས་འདིར་འཚོ་སྡོད་བྱས་ཡོད། གློག་དྲ་ཆེན་པོ་གཙང་གསུམ་འབྱུང་ཡུལ་ལ་རིམ་བཞིན་རྒྱ་བསྐྱེད་པས། གློག་འདྲེན་སྐུད་ལམ་གྱི་གློག་སྡོང་ནི་ས་གནས་བྱ་རིགས་ཀྱི་འདུས་སྡོད་འཚོ་གནས་དང་ཚང་བཟོ་སའི་གདམ་ག་དང་པོར་གྱུར་ཅིང་། བྱ་རིགས་ཀྱི་འགུལ་སྐྱོད་ཀྱིས་ཀྱང་གློག་སྒོ་ལྡིང་བ་སོགས་ཀྱི་གློག་དྲའི་འཁོར་བསྐྱོད་ཐད་ཀྱི་ཉེན་ཁ་བཟོས་པས། ས་གནས་ཀྱི་གློག་དྲ་བརྟན་བརླིང་ངང་འཁོར་བསྐྱོད་ཡོང་བར་བདེ་འཇགས་ཀྱི་ཉེན་ཁ་ཆེན་པོ་བཟོས་ཡོད།

རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིས་དུས་ཡུན་དང་པོའི་ནང་ཆེད་ལས་ལས་ཁུངས་དང་ཧུར་ཐག་གིས་སྦྲེལ་མཐུད་བྱས་ཏེ། མཐོ་སྒང་བྱ་རིགས་ཀྱི་འགུལ་སྐྱོད་གོམས་གཤིས་དང་གནས་སྤོར་ལམ་ཐིག་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། གློག་འདྲེན་འཁོར་བསྐྱོད་ཞིག་གསོའི་ཉམས་མྱོང་དང་སྦྲེལ་ནས་ཆེད་ལས་ཀྱི་གྲོས་གཞི་གཏན་འཁེལ་བྱས་ནས“ཚེ་སྲོག་བྱ་ཚང”གི་ལས་གཞིའི་འགོ་བརྩམས། 2016ལོ་ནས་ད་ལྟའི་བར་དུ། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སི་ཡིས་གཙང་གསུམ་འབྱུང་ཡུལ་ནས“ཚེ་སྲོག་བྱ་ཚང”5018དང་། གླག་འགུགས་སྒྲོམ་གཞི16བཙུགས། ལྟ་ཞིབ་གཞི་གྲངས་ལས་མངོན་པ་ལྟར་ན། “ཚེ་སྲོག་བྱ་ཚང”གིས་བྱ་རིགས2300བྱ་ཚང་དུ་བཀུག་སྟེ་གནས་དེར་ཡོང་ནས་བྱ་ཚང་བཟོ་བའི་ཚད50%ལས་བརྒལ་ཡོད། གཙང་གསུམ་འབྱུང་ཡུལ་བྱ་རིགས་ཀྱི་ལེགས་ཕྱོགས་འཕེལ་རྒྱས་ལ་ཕན་ནུས་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱས་པ་དང་། ལམ་ཐིག་འཁོར་བསྐྱོད་ཞིག་གསོའི་མ་རྩ་ཆེས་ཆེར་ཇེ་དམའ་རུ་བཏང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཕྱོགས་བསྡུས་རིན་ཐང་ནུས་པ་ཇེ་མཐོར་བཏང་ཡོད།

“ཚེ་སྲོག་བྱ་ཚང”གི་ལས་གཞི་ནི་ཁེ་ལས་ཀྱིས་ས་གནས་སྲིད་གཞུང་དང་། སྤྱི་ཚོགས་རྩ་འཛུགས། ཚན་རིག་ཞིབ་འཇུག་ཚོགས་པ་བཅས་ལ་མཉམ་འབྲེལ་བྱས་ཏེ་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཐོབ་པར་དཀའ་བའི་ཕྱོགས་མང་མཐུན་སྦྱོར་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱས་པའི་དཔེ་གཞི་ཞིག་རེད། ལས་གཞི་ནི་བྱ་རིགས་ཀྱི་ཆེ་ཆུང་དང་གོམས་གཤིས་ལྟར་བཟོས་པའི་བྱ་ཚང་ཡིན་ལ། མཚོ་འཕགས་མི་འདྲ་བ་དང་གློག་གནོན་མི་འདྲ་བར་ཁ་གཏད་དེ་ཆེད་གཏོགས་སྐྱེ་ཁམས་བྱ་འགོག་བྱེད་ཐབས་ཀྱི་ལག་བསྟར་དང་ལག་རྩལ་ཚད་གཞི་བཟོས་ནས། མིས་བཟོས་བྱ་ཚང་བཀོད་སྒྲིག་དང་གླག་འགུགས་སྒྲོམ་གཞི་ལུགས་མཐུན་སྒོས་བཙུགས་ཡོད། ལས་གཞི་ཡིས་ཉམས་མྱོང་སྤྱི་བསྡོམས་བྱས་པའི་རྨང་གཞིའི་སྟེང་། ཡུལ་དངོས་རྟོག་ཞིབ་དང་ཆེད་མཁས་པས་དཔྱད་ཞིབ་བྱས་པ་བརྒྱུད། ས་གནས་དང་འཚམ་པའི་སྒོ་ནས་ནང་སོག་དང་སི་ཁྲོན། ཀན་སུའུ། ཉིང་ཞ། ཞིན་ཅང་། བོད་ལྗོངས་སོགས་མཐོ་སྒང་རྩྭ་ཐང་ས་ཁུལ་ལ་ཁྱབ་སྤེལ་བྱས། །

END

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། སྟག་ལྷ་སྐྱབས། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章