གཅིག་སྒྲིལ་རྫོང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས།

文摘   2024-11-07 11:30   青海  







གཅིག་སྒྲིལ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་བཅུ་དགུ་པ་འཚོགས།

ཟླ10ཚེས30ཉིན་གྱི་སྔ་དྲོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པ་གཅིག་སྒྲིལ་རྫོང་དམངས་ཆེན་ལས་ཁུངས་ཀྱི་ཐོག་བརྩེགས་བཞི་པའི་ཚོགས་ཁང་དུ་འཚོགས། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གོ་ཆིང་གིས་ཚོགས་འདུར་འགོ་འཛིན་བྱས་ཤིང་།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧྥེང་ཀྲུང་མིན་དང་དེ་མིན་ཨུ་ཡོན་ཁྱོན་སྡོམ་མི15ཚོགས་འདུར་ཞུགས་པ་དེ་ཁྲིམས་བཀོད་ཀྱི་གོ་རིམ་དང་མཐུན།

ཚོགས་འདུའི་ཐོག་རྫོང་མི་དམངས་སྲིད་གཞུང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་རྩ་གནད་ལག་བསྟར་བྱས་ཚུལ་སྐོར་གྱི་དུས་སྐབས་བར་མའི་དཔྱད་དཔག་སྙན་ཞུ་དང་། རྫོང་གི་སྐབས་བཅོ་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་བསམ་འཆར་དང་གྲོས་འགོ་སྒྲུབ་གཉེར་བྱས་ཚུལ་སྐོར་གྱི་སྙན་ཞུ། གཅིག་སྒྲིལ་རྫོང་གི2024ལོའི་ཟླ1པ་ནས་ཟླ9པའི་བར་གྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ། གཅིག་སྒྲིལ་རྫོང་གི2024ལོའི་ཟླ1པ་ནས་ཟླ9པའི་བར་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ། རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ནར་མ་སོན་པའི་མིའི་ཞིབ་དཔྱོད་བྱ་བ་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། དེ་མིན་རྫོང་སློབ་གསོ་ཅུས་དང་། རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས། རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུསགྲོང་གསེབ་དར་སྤེལ་ཅུསཀྱི་ཅུས་ཀྲང་གིས་ལས་འགན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་མཉན་ནས་གྲོས་ཞིབ་བྱས།  འབྲེལ་ཡོད་མི་དོན་དོན་ཚན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། 

རྫོང་ཨུའི་རྒྱུན་ཨུའམ་རྫོང་མི་དམངས་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ལུའུ་ཡུས་ཆིང་དང་། རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱངས་ཅན་དཔལ་ལྡན། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མ་ཚུན་ཀྲུའུ། རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཞིབ་དཔོན་ལྷ་མོ་མཁར། རྫོང་མི་དམངས་ཁྲིམས་ཁང་ཆབ་སྲིད་པུའི་ཀྲུའུ་རེན་ཀྲང་ཧུའེ་ལིན། རྫོང་དམངས་ཆེན་གཞུང་ལས་ཁང་། རྫོང་སྲིད་གཞུང་གཞུང་ལས་ཁང་། རྫོང་ནོར་སྲིད་ཅུས། རྫོང་འཕེལ་རྒྱས་བཅོས་བསྒྱུར་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་དེ་མིན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མ་ཡིན་པའི་དམངས་ཆེན་ཀྲུའུ་ཞི་ཚོགས་འདུར་ཟུར་ཞུགས་བྱས། །

ཡོང་ཁུངས། གཅིག་སྒྲིལ་རྫོང་དམངས་ཆེན།

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། རྡོ་རིན།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章