ཐུན་ཏེ་རྫོང་གི་དྲིལ་སྒྲོག་རིག་གནས་བསམ་བློར་རྟོག་ཞིབ་བྱས་པ།

文摘   2024-11-05 10:30   青海  

 






མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུ་ཝང་ཧྥེང་གིས་ཐུན་ཏེ་རྫོང་གི་དྲིལ་སྒྲོག་རིག་གནས་བསམ་བློར་རྟོག་ཞིབ་བྱས།

འཕྲིན་གཏོང་པ། རྟ་མགྲིན་རྡོ་རྗེ།









ཉེ་སྔོན། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུ་ཝང་ཧྥེང་འཁོར་དང་བཅས་པས་ཐུན་ཏེ་རྫོང་གི་དྲིལ་སྒྲོག་རིག་གནས་བསམ་བློར་རྟོག་ཞིབ་བྱས། ཐུན་ཏེ་རྫོང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲའོ་ཐུང་དབྱིན་གྱིས་མཉམ་དུ་རྟོག་ཞིབ་བྱས།

ཁུལ་ཨུའི་རྒྱུན་ཨུ་ཝང་ཧྥེང་འཁོར་དང་བཅས་པ་རྫོང་རུའི་རྗེས་ཤུལ་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལས་དོན་ས་ཚིགས་དང་རྫོང་རུའི་རྗེས་ཤུལ་དཀྱིལ་སྙིང་ཁུལ། ཐང་མགོ་གྲོང་རྡལ་ཏང་གཤིས་སློབ་གསོའི་རྟེན་གཞི་སྟེ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས། རྫོང་གློག་བརྙན་ཁང་། རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་བཅས་སུ་སོང་ནས་རྫོང་ཡོངས་ཀྱི་དྲིལ་སྒྲོག་རིག་གནས་བསམ་བློར་རྟོག་ཞིབ་བྱས་པ་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།

ཝང་ཧྥེང་གིས་བསྟན་དོན། ལྟ་ཞིབ་སློབ་སྦྱོང་དང་བཞུགས་མོལ་བརྗེ་རེས་བྱས་པ་བརྒྱུད། སྤྱིའི་ཆ་ནས་ཐུན་ཏེའི་དྲིལ་སྒྲོག་རིག་གནས་བསམ་བློ་སྡེ་ཁག་གིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་དང་ཁུལ། རྫོང་ཨུ་བཅས་ཀྱི་བླང་བྱ་ནན་ཏན་གྱིས་ལག་བསྟར་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ། བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ། འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་སྤྱིའི་ཆ་ནས་བརྟན་པོ་ཡིན་པ། ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་ཡོད།

ཝང་ཧྥེང་གིས་ནན་གྱིས་བསྟན་དོན། བླ་སྲོག་གཏོད་པ་དང་མི་སེམས་བརྟན་པོ་འཛུགས་རྒྱུར་དམིགས་ནས་ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་དུ་གཏོང་བ་དང་ནང་ཁུལ་གཞན་སྒྱུར་བཅས་ཀྱི་ལས་དོན་ཏན་ཏིག་ངང་ལེགས་པོར་བསྒྲུབ་པ། ཡིད་ཆེས་ཆེ་རུ་གཏོང་རྒྱུར་དམིགས་པ་དང་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྟོབས་ཆེར་བཏང་སྟེ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་དར་སྤེལ་གཏོང་བའི་ལས་ཀའི་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་རྒྱུར་དམིགས་ནས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། འགན་འཁྲི་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། མི་སེམས་གོང་བུ་གཅིག་ཏུ་སྒྲིལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱས་ཏེ་དྲང་བདེན་གནས་ལུགས་དང་དྲང་ནུས་བརྒྱུད་སྤྲོད་བྱེད་པ། རིག་གནས་སྲུང་སྐྱོང་ལ་དམིགས་ནས་རང་ཉིད་ཀྱི་མིག་ལ་སྲུང་སྐྱོང་བྱེད་པ་ལྟར་ལོ་རྒྱུས་དང་ཤུལ་བཞག་རིག་གནས་ལ་བློ་རྩེ་གཅིག་སྒྲིམ་གྱིས་སྲུང་སྐྱོང་བྱས་ཏེ། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལས་བྱེད་པའི་དཔུང་ཁག་ལ་དམིགས་ནས་སྒྲིག་ཁྲིམས་དང་སྤྱོད་ཚུལ་ལེགས་སྐྱོང་། ནུས་པ་དང་བྱང་ཚད་འཛུགས་སྐྱོང་ལ་ཤུགས་སྣོན་དགོས།

ཀྲའོ་ཐུང་དབྱིན་གྱིས་བསྟན་དོན། ཐུན་ཏེ་རྫོང་གི་དྲིལ་སྒྲོག་བསམ་བློ་དང་རིག་གནས་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་པ། རྒྱུན་ཨུ་ཝང་ཧྥེང་གིས་བཏོན་པའི་བྱེ་བྲག་གི་བླང་བྱར་དམིགས་ནས་མིག་སྔའི་རྫོང་ཡོངས་ཀྱི་དྲིལ་སྒྲོག་རིག་གནས་བསམ་བློའི་ལས་དོན་ཁྲོད་གནས་པའི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཡིད་ཆེས་དང་ཆོད་སེམས་སྔར་བས་ཇེ་བརྟན་དུ་གཏོང་བ་དང་། དམིགས་ཚད་གཏན་འཁེལ་དང་འབད་འཐབ་བྱེད་པ། ལས་སྒོའི་ཆུ་ཚད་དང་ལས་ཀའི་ནུས་པ་སྔར་བས་ཆེ་རུ་གཏོང་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་སྤྱོད་ཚུལ་འཛུགས་སྐྱོང་སྔར་བས་དམ་འཛིན་ནན་པོ་བཅས་བྱས་ཏེ། ཐུན་ཏེ་རྫོང་གི་རིག་གནས་བསམ་བློའི་དྲིལ་སྒྲོག་གི་ལས་དོན་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། །

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། ཕག་མོ་རྡོ་རྗེ།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章