ན་གོར་མོས་ཏང་ཡོན་སློབ་གསོའི་གསོ་སྦྱོང་ལེགས་འཛིན་བྱས་པ།

文摘   2024-11-10 11:00   青海  







ན་གོར་མོ་གྲོང་ཁྱེར་གྱི“ཁྱབ་པ”གསུམ་གྱིས་ཏང་ཡོན་སློབ་གསོའི་གསོ་སྦྱོང་ལེགས་འཛིན་བྱས་པ།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་ཏང་ཡོན་གྱི་རྒྱུ་སྤུས་ཇེ་མཐོ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུར་བསྒྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས་ཇེ་ཆེར་གཏོང་བ་དམིགས་འབེན་བྱས་ཤིང་། ཁ་ཕྱོགས་ལ་ལེགས་པོར་དམིགས་པ་དང་གསར་སྐྲུན་ལེགས་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་སློབ་གསོའི་གསོ་སྦྱོང་ལ་དངོས་འབྲས་ཐོན་པར་བརྩོན་ལེན་བྱས།

ཁ་ཕྱོགས་བཟུང་སྟེ་གཅིག་འདོམས་མཉམ་འགུལ་གོ་རིམ་ཡོངས་སུ་ཁྱབ་པ། ཏང་རྩ་འཛུགས་ཀྱི་གཙོ་གཞི་འགན་འཁྲི་དང་ཏང་རྩ་འཛུགས་ཧྲུའུ་ཅིའི་འགན་འཁྲི་དང་པོ། ཧྲུའུ་ཅི་གཞོན་པའི་འགོ་ཁྲིད་འགན་འཁུར། རྩ་འཛུགས་ཨུ་ཡོན་གྱི་ཕྲག་བབས་འགན་འཁྲི་གོང་ནས་འོག་ཏུ་གཏུག་པའི་བང་རིམ་འགན་འཁྲི་མ་ལག་རིམ་བཞིན་བསྐྲུན་པར་མ་ཟད། དངོས་ཡོད་ལ་ཟུང་འབྲེལ་བྱས་ཏེ་ལོ་འཁོར་མོའི་ཏང་ཡོན་སློབ་གསོའི་གསོ་སྦྱོང་གི་འཆར་གཞི་སྒྲིག་བཟོ་གཏན་འབེབས་བྱས་ཏེ། དུས་ཚོད་དང་ཁག་བགར་ནས་གཅིག་བསྡུས་རེས་སྐོར་སྦྱོང་བརྡར་བྱེད་འགོ་བརྩམས། ཏང་གི(ལས་དོན)ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན། སྔོན་ཐོན་དཔེ་ལེགས་མི་སྣ། དམར་དམག་རྒན་པ། འཐབ་མོ་བ་རྒན་པ་སོགས་འཆད་ཁྲིད་དགེ་རྒན་གྱི་དཔུང་སྡེའི་མཛོད་དུ་བཞག་སྟེ། ཏང་གཤིས་སློབ་གསོ་གཏིང་ཟབ་སྒོས་སྤེལ།

གསར་སྐྲུན་བཟུང་སྟེ་ཕུན་སུམ་ཚོགས་པའི་ནང་དོན་གོ་རིམ་ཡོངས་སུ་ཁྱབ་པ། “སྤྲིན་སྣེ་ཐད་གཏོང”དང“སྤྲིན་སྣེ་སློབ་ཁང”སོགས་སློབ་ཁང་གི་རྣམ་པར་ཟུང་འབྲེལ་དང་། “ཁུ་ནུ་ལ་ལྟ་བ”དང་རྒྱང་བསྟེན་སློབ་གསོ་སོགས་ཆ་འཕྲིན་ཅན་གྱི་སྟེགས་བུ་དང“མཐོ་སྒང་གི་གདོང་མཆོང་དགེ་རྒན་དཔུང་སྡེ་མཛོད”གཡུལ་ས་གཙོ་བོ་བྱེད་པ། “ཁ་པར+སྒོ་ཁར་འགྲོ་བའི”བྱེད་ཐབས་སྤྱད་ཅིང་། རིམ་པ་དང་ཁྱབ་ཁོངས་དང་ལས་རྐང་བགར་ཏེ“མངག་ཐོ་རྣམ་པ”དང“གནོན་གཏོང་རྣམ་པའི”དྲ་ལམ་དུ་སློབ་སྦྱོང་དང་བགྲོ་གླེང་། རོགས་ཁྲིད་སོགས་ཀྱི་བྱ་འགུལ་ཐེངས201ལྷག་སྤེལ། “དྲ་ལམ་སློབ་སྦྱོང”དང“ལག་ཐོག་སློབ་ཁང”གི་གཞི་གཅིག་ཅན་གྱི་སློབ་སྦྱོང་མ་ལག་བསྐྲུན་ཏེ། རིགས་སོ་སོའི་སློབ་སྦྱོང་ཐེངས6000ལྷག་སྤེལ་ལ། ཏང་ཡོན་སློབ་གསོའི་སློབ་ཁྲིད་ཁྲིད་གཞི་ཁག1ཞིབ་ཚགས་ཀྱིས་སྒྲིག་བཟོ་བྱས།

དངོས་འབྲས་ཐོན་པར་བརྩོན་ཏེ་སྣ་སོ་སོའི་འགན་སྲུང་གོ་རིམ་ཡོངས་སུ་ཁྱབ་པ། གཞི་གཅིག་ཅན་གྱི་མཉམ་འདྲེས་སློབ་གསོའི་མ་དཔེ་ཁྱབ་གདལ་དང་། རོང་འབྲོག་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཀྱིས་དྲ་ལམ་དང་ཡུལ་དངོས་སུ་གསོ་སྦྱོང་དང་རྩལ་ནུས་རོགས་ཁྲིད་བྱེད་པའི་བྱ་འགུལ་ཐེངས60ལྷག་སྤེལ་ཏེ། ཚད་ཆེ་བའི་སྒོ་ནས་རྒྱ་ཆེའི་ཏང་ཡོན་གྱི་བློ་གྲོས་སྟོབས་ཤུགས་གོང་བུར་བསྒྲིལ། “ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”བྱ་འགུལ་དུས་མཉམ་དུ་སྤེལ་ཏེ། དམངས་ལ་སྟབས་བདེ་བསྐྲུན་པའི་བྱ་བ་ཚབ་སྒྲུབ་དང་དཀའ་ངལ་སེལ་བ་སོགས་ཀྱི་དང་བླངས་ཞབས་ཞུའི་བྱ་འགུལ་ཐེངས6000ལ་སྤེལ། ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་གཉིས་འགོད་པའི”ལམ་ལུགས་ཇེ་དྲག་དང་། མང་ཚོགས་ཀྱིས་དོ་སྣང་བྱེད་པའི་དཀའ་གནད་གནད་དོན65ཐག་གཅོད་པར་རོགས་རམ་བྱས་ཏེ། ཏང་ཡོན་གྱིས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི“མཇུག་མཐའི་སྤྱི་ལེ་གཅིག”ཤར་གཏོང་བྱས།



འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། རྡོ་རྗེ་རིན་ཆེན།
སྒྲིག་སྦྱོར་པ། རྡོ་རྗེ་རིན་ཆེན།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章