གཅིག་སྒྲིལ་རྫོང་སྦྲ་གསར་ཞང་གིས་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས།

文摘   2024-11-07 16:50   青海  







གཅིག་སྒྲིལ་རྫོང་སྦྲ་གསར་ཞང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས་པ།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གྲོས་ཚོགས་ཀྱི་དགོངས་དོན་དེ་ཉིད་བྱ་བའི་སྒུལ་ཤུགས་དང་དོན་དངོས་ཀྱི་གྲུབ་འབྲས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་སུ་བསྒྱུར་ཆེད། ཟླ10པའི་ཚེས31ཉིན། སྦྲ་གསར་ཞང་གིས་ཞང་ཡོངས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་རྣམས་རྩ་འཛུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས།

ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དངཀྲུང་གུང་ཀྲུང་དབྱང་གིས་བཅོས་བསྒྱུར་སྔར་བས་ཁྱོན་ཡོངས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གཏན་འབེབསབརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམ་པོར་དམིགས་པ། འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོར་དམིགས་པ། བསམ་བློ་དང་བྱ་བའི་དོན་དངོས་དང་རང་རང་གི་ལས་བགོས་ཁྱབ་ཁོངས་བཅས་ཟུང་འབྲེལ་བྱས་ནས་བགྲོ་གླེང་བྱས་པ་རེད།    
ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། གཅིག་ནས་གནད་དོན་ཁྲིད་སྟོན་དུ་འཛིན་པ་དང་དམིགས་ཚད་ཁྲིད་སྟོན་དུ་འཛིན་པ་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། གཙོ་གནད་ཀྱི་བྱ་བ་སོ་སོའི་ཁྲོད་དུ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་ཞིབ་འཇུག་དང་དབྱེ་ཞིབ་གཏིང་ཟབ་བྱས་ཤིང་དམིགས་སའི་རང་བཞིན་གྱི་བྱེད་ཐབས་བཏོན་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་མཛུབ་ཁྲིད་དུ་འཛིན་པ་མཐའ་འཁྱོངས་བྱས་ནས། གཙོ་གནད་དང་བཅོས་བསྒྱུར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། སྡེ་བ་ཁག་དང་ས་ཚིགས་ཁག་གི་མཐུན་སྦྱོར་གཞོགས་འདེགས་ལ་གཙིགས་ཆེན་བྱེད་པ་བཅས་བྱས་ཏེ། ཞང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཕན་འབྲས་ཐོན་ཐུབ་པ་བྱེད་དགོས། གཉིས་ནས་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་ཚད་སྔར་བས་ཁ་གསལ་བཟོ་བ་དང་། འགན་བགོས་འགོ་ཁྲིད་ཁག་གིས་ཞང་ཡོངས་ཀྱི་བྱ་གཞག་ཁག་དང་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་གོང་འཕེལ་གཏོང་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་དགོས་ཏེ། ཞང་ཡོངས་ཀྱི་བྱ་བའི་བསམ་བློ་དམ་པོར་བཟུང་ནས་རང་འགན་གཙང་སྒྲུབ་ཀྱིས་བྱ་བ་དོན་འཁྱོལ་བྱེད་ནན་པོ་བྱེད་དགོས། གསུམ་ནས་ཞང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་པས་སྣེ་ཁྲིད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཞང་ཡོངས་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ཀྱི་སྤུས་ཚད་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་སློབ་སྦྱོང་གི་གྲུབ་འབྲས་དེ་དུས་རབས་གསར་པའི་གཞི་རིམ་འབྲོག་ཁུལ་གྱི་བྱ་བ་ཡག་པོར་སྒྲུབ་པའི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ། ཕན་འབྲས་གསར་པ་བཅས་སུ་འགྱུར་བ་བྱེད་དགོས། །


ཡོང་ཁུངས། གཅིག་སྒྲིལ་རྫོང་སྦྲ་གསར་ཞང་།

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། གཡང་འབུམ་ཚེ་རིང་། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章