རང་རྟོན་དང་ཡིད་ཆེས་ཡོད་པར་གྱིས། ཐུབ་པའི་རྗེས་རབས།

文摘   2024-11-16 10:26   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平

རང་རྟོན་དང་ཡིད་ཆེས་ཡོད་པར་གྱིས། 


ཐུབ་པའི་རྗེས་རབས། 

          ང་ཚོས་ཕུགས་བསམ་དང་རྨི་ལམ་ཞེས་གླེང་བཞིན་མི་ཚེ་དོན་ལྡན་དང་རླབས་ཆེན་ཞིག་ཏུ་འགྱུར་འདོད་པ་ནི་ཐུན་མོང་གི་ལྟ་བ་དང་འདོད་པ་ཡིན། རེད་དེ། རང་རྟོན་དང་ཡིད་ཆེས་མེད་པར་གྱུར་ཚེ། ཕུགས་བསམ་ནི་སྟོང་བསམ་རང་སྟེ། ཅི་ཡང་འགྲུབ་ཏུ་མེད་པའི་ལས་ཀ་ཞིག་དང་སྟོང་འདང་ཙམ་ཞིག་ཡིན། རང་གིས་རང་ལ་ཡིད་ཆེས་མེད་ན། རླབས་ཆེན་གྱི་མི་སྣ་ཕར་ཞོག ཐ་ན་རང་གི་འཚོ་བ་ཆུང་ཆུང་དེ་ཡང་མཐའ་འཁྱོལ་དཀའ། འཇིག་རྟེན་འདི་ནས་རླབས་ཆེན་གྱི་མི་སྣ་དག་ནི་ཆེས་རྒུད་པའི་མཐར་ལྷུང་ཡང་། རང་རྟོན་དང་རང་ལ་ཡིད་ཆེས་ཀྱིས་ཕལ་བ་ནས་གཙོ་བོ། གཙོ་བོ་ནས་ཡང་རྩེར་སོན་པ་ཡིན། དེས་ན་རང་གིས་རང་ལ་ཡིད་ཆེས་པ་ནི་ལེགས་ཚོགས་ཀུན་གྱི་རྨང་གཞི་སྟེ་རྩ་བ་ཡིན། ཡིད་ཆེས་དང་རང་རྟོན་མེད་པའི་མི་ཞིག་ལ་མཚོན་ན། དཔེ་ཀློག་དང་ཡ་རབས་ཀྱི་བཟང་སྤྱོད་ཙམ་ལ་འཇུག་པའི་སྤོབས་པ་ཡང་མེད་དེ། རང་སེམས་ནས་ནམ་ཡང་རང་ཉིད་ཀྱིས་བཟང་སྤྱོད་བསླབ་ཏུ་མི་རུང་བ་དང་ཤེས་བྱ་གང་ཡང་ཤེས་མི་སྲིད་པར་བསམ་ཡོད། དེ་ཡང་མཁས་པའི་དབང་པོ་布雷登པོས་ལིས་ཏིང་གིས་”འཇིག་རྟེན་འདི་ཡི་ཐོག་ནས་ང་ཚོས་མྱོང་བ་གང་ཞིག་བདམས་ན། ང་ཚོ་ནི་དེ་ཉིད་དུ་ངེས་པར་འགྱུར་འགྲོ། ཞེས་གསུངས་པ་ལྟར། རང་གིས་གང་ཡང་མི་འཇོན་སྙམ་པའི་མྱོང་བ་དེ་མ་དོར་ན་ནམ་ཞིག་ཅི་ཡང་མི་འཇོན་པའི་འབྱིང་ལ་ཐིམ་འགྲོ། དེས་ན་རང་ཉིད་ཀྱིས་ཅི་ཡང་མི་འཇོན་སྙམ་པའི་བློ་ནི་བདག་ཉིད་ལ་བརྙས་པའི་ལེ་ལོ་སྟེ། ངེས་པར་དོར་དགོས་ལ། ཅི་ཞིག་གི་མཐའ་ལ་ཐུག་ན་ཡང་རང་ཉིད་ལ་བརྟེན་དགོས་པ་ནི། ཆོས་ལུགས་དང་གྲུབ་མཐའ་ཐམས་ཅད་ཀྱི་ལྟ་གྲུབ་ཅིག་ཡིན། བདག་ཅག་གི་སྟོན་པས་ཀྱང་། བདག་ཉིད་བདག་གི་མགོན་ཡང་ཡིན། །ཞེས་གསུངས་པ་ལྟར། རང་ཉིད་ཀྱི་རྒྱབ་རྟེན་རང་ཉིད་བྱས་ཏེ་རང་ཉིད་ལ་ཡིད་ཆེས་གཙང་མ་ཞིག་ཡོད་དགོས། 

༡ རང་གི་རིན་ཐང་གཞན་དང་བསྡུར་མི་དགོས། 

      མི་གང་མང་ཞིག་རང་ཉིད་ལ་ཡིད་ཆད་དང་འཁང་ར་བྱུང་དོན། རང་གི་རིན་ཐང་དང་གྲུབ་འབྲས་འགའ་ཞིག་གཞན་དང་བསྡུར་བ་བྱས་ཏེ་དོ་མི་མཉམ་པའམ་ཚད་ཐིག་དེ་ལས་དམའ་བར་གྱུར་ཚེ། རང་ཉིད་ནི་ཐ་ཆད་ཅིག་ཏུ་སེམས་ནས་རང་ལ་ཡིད་ཆེས་མེད་པར་གྱུར་བ་ཡིན། འོན་ཀྱང་། དོན་དངོས་ཐོག་རང་གི་རིན་ཐང་ནི་གཞན་དང་བསྡུར་མི་དགོས་ཏེ། མི་ཐམས་ཅད་ཀྱི་རིན་ཐང་འདྲ་མཚུངས་སམ་གཅིག་པར་ཅི་ལྟར་འགྱུར་ཏེ། འགྱུར་མི་སྲིད་པས་རང་ལ་ཡོད་པའི་རིན་ཐང་ངོས་ཟིན་ནས་དེ་ལ་གཅེས་སྤྲས་བྱ་དགོས། རྒྱུ་སྐར་དབུས་ཀྱི་ཟླ་བ་དང་ཉི་མ་ལྟ་བུའི་འོད་ཆེན་པོ་ཅན་ཞིག་ཏུ་མ་འགྱུར་ན། སྐར་ཚོགས་གཞན་ལ་རིན་ཐང་མེད་པར་ཅི་ལྟར་འགྱུར། དེ་དང་མཚུངས་པར་ཉི་མ་ལྟ་བུའི་སྐར་ཆེན་ཞིག་དང་བསྡུར་ན། ཁྱེད་ཀྱི་འོད་སྣང་ཆུང་ན་ཡང་ཁྱེད་ལ་རིན་ཐང་མེད་པར་མི་འགྱུར། རྒྱ་མཚོ་ལ་རྒྱ་མཚོའི་ཟབ་ཚད་དང་རི་བོ་ལ་རི་བོའི་མཐོ་ཚད་ཡོད་པས་ཕན་ཚུན་བསྡུར་དགོས་དོན་གང་ཡང་མེད། 

༢ རང་གི་རིན་ཐང་མི་ཡོད་ཚད་ཀྱིས་ཁས་ལེན་མི་དགོས། 

      མང་པོ་ཞིག་གིས་རང་གི་རིན་ཐང་ནི། མཆོག་ཏུ་རློམ་ནས་ཀུན་གྱིས་ངོས་ལེན་དང་ཤེས་དགོས་པར་འདོད་ཀྱང་། གཞན་ལ་མཚོན་ན་ཁྱེད་ཀྱི་རིན་ཐང་ནི་དེ་འདྲའི་རླབས་ཆེན་ཞིག་ཏུ་མི་འདོད། ཁོ་ཚོས་ངོས་ལེན་མ་བྱས་པས་ཁྱེད་ལ་རིན་ཐང་མེད་པར་མི་འགྱུར་ལ། ཁྱེད་ཀྱི་རིན་ཐང་དང་གྲུབ་འབྲས་དེ་དག་བཟང་མིན་ནི་གཞན་ངོར་ལྟོས་ཏེ་ཐག་གཅོད་མི་རུང་། ཇི་འདྲའི་རླབས་ཆེན་དང་གཟེངས་སུ་བསྟོད་རུང་བ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཡང་ཁས་མི་ལེན་པ་དང་རྒོལ་བའི་ལས་བྱེད་མཁན་ཡོད་ན་ཁོ་བོ་ཅག་ལྟ་ཅི་སྨོས། དེས་ན་རིན་ཐང་ཡོད་མེད་སོགས་ནི་རང་ཉིད་དཔང་པོར་བྱས་ཏེ་བལྟ་དགོས་ལ། བདག་ཅག་གི་སྟོན་པས་ཀྱང་། ལེགས་དང་ངན་པ་བྱས་པ་ལ། །བདག་ཉིད་བདག་གི་དཔང་པོ་ཡིན། །ཞེས་གསུངས་པ་ལྟར། གཞན་གྱིས་ངོས་ལེན་དང་ཁས་ལེན་མིན་ལ་མི་ལྟོས་པར་ལུགས་གཉིས་དང་མ་འགལ་བ་གཞིར་བྱས་རང་ལ་བློ་ཡིད་ཚིམས་པོ་ཞིག་བྱུང་ན་དེས་ཆོག་གོ། ། འཇར་མན་གྱི་མཁས་དབང་稻盛和夫ཏོའོ་ཧྲིན་ཧུ་ཧྥོས་ལགས་ཀྱིས། ཁྱེད་ཀྱི་གྲུབ་འབྲས་ནི་གཞན་ལ་ངོམ་སོ་ཡི་ཆེད་དུ་བསམ་མི་རུང་། ཞེས་གསུངས་པ་ལྟར། ཁྱེད་ཀྱི་གྲུབ་འབྲས་དང་བྱ་བཞག་གང་ཞིག་ཡིན་ན་ཡང་། རིན་ཐང་ཡོད་མེད་རང་སེམས་ནས་ལྟོས། དེ་མིན་ནམ་རྒྱུན་བྱ་བ་གང་ཞིག་བརྩམ་ན་གཞན་གྱི་ངོ་སོའི་ཆེད་དུ་བསམ་ཚེ། གཞན་ངོར་འཁྲབ་སྟོན་པ་ཞིག་ལས་ཅི་ཡང་མིན། 

༣ ཤེས་བྱ་སྣ་གཅིག་མ་ཤེས་པས་རིན་ཐང་མེད་པར་མི་འགྱུར། 

     སྦྱང་བྱ་སྣ་གཅིག་མ་ཤེས་པའམ་དེ་ལས་གྲུབ་འབྲས་མ་བྱུང་ན། མི་མང་པོ་ཞིག་རང་ལ་ཡིད་ཆད་བྱུང་སྟེ། ཐ་ན་མི་བཟང་པོ་ཞིག་བྱེད་འདོད་ཀྱང་མེད་པར་ངན་ལས་ཀྱི་བྱ་བ་སྣ་ཚོགས་བརྩམས། རེད་དེ། ཤེས་བྱ་སྣ་གཅིག་གམ་སྦྱང་གཞི་གཅིག་མ་ཤེས་པས་ཁྱེད་ཀྱིས་ཡོད་ཚད་ཤེས་མི་ཐུབ་པར་གང་ནས་མཚོན། འཇིག་རྟེན་འདིར་ཤེས་བྱའི་རྣམ་གྲངས་མཐའ་ཡས་པས་ཤེས་བྱ་སྣ་གཅིག་ལས་གྲུབ་འབྲས་མ་བྱུང་ཡང་། ད་རུང་དེ་ལས་གཞན་དང་གཞན་ནས་རིན་ཐང་བཙལ་ཆོག རྩོམ་རིག་དང་ཚོང་ལས་མི་ཤེས་པ་ཙམ་གྱིས་ཁྱེད་ལ་རིན་ཐང་མེད་པར་བསྒྱུར་མི་ཐུབ་པས་ཤེས་བྱ་སྣ་གཅིག་མ་ཤེས་པས་རང་ཉིད་ལ་རིན་ཐང་མེད་པར་མ་བསམ། དེས་ན་རང་གི་རིན་ཐང་སྔོག་འདོན་བྱས་ཏེ་འཐུས་སྒོ་ཚང་བ་ཞིག་ཏུ་གཏང་དགོས། 

༤ གྲུབ་འབྲས་ནི་སྐད་ཅིག་ཙམ་གྱིས་བྱུང་བ་ཞིག་མིན། 

        ཁྱེད་ཀྱི་ཕུགས་བསམ་དང་རྨི་ལམ་ནི་ཤིན་ཏུ་རྒྱ་ཆེ་བས་སྐད་ཅིག་ཙམ་དང་ཉིན་གཅིག ཟླ་བ་གཅིག་ཙམ་གྱིས་འགྲུབ་ཐུབ་པ་ཞིག་གང་ནས་ཡིན། མང་པོ་ཞིག་ནི་གྲུབ་འབྲས་ཐོབ་པ་ལ་བརྔམས་ནས་ཉིན་འགའ་ཞིག་དང་ཟླ་བ་འགའ་ཞིག་ཏུ་གྲུབ་འབྲས་མ་བྱུང་ན་རང་ཉིད་ནི་ནུས་མེད་ཅིག་ཏུ་བསམ་ཡོད། རེད་དེ། ལོ་རྒྱུས་སྟེང་གི་རླབས་ཆེན་གྱི་མི་སྣ་མང་པོ་ཞིག་གིས་ལོ་མང་པོར་དཀའ་སྡུག་དང་བཟོད་སྲན་སྣ་ཚོགས་བྱས་ཏེ་ད་གཟོད་གྲུབ་འབྲས་རླབས་ཆེན་བྱུང་བ་ལས་ཉིན་གཅིག་དང་ཟླ་གཅིག་གི་བྱུང་བ་ག་ལ་ཡིན། གྲུབ་འབྲས་བྱུང་སྐབས་སུ་ཕར་བལྟས་ན་ཤིན་ཏུ་ཡིད་འོང་ཞིག་ཡིན་ན་ཡང་། གྲུབ་འབྲས་དེའི་ཕུག་ན་བློས་གཏོང་ག་ཚོད་ཅིག་དང་དཀའ་སྡུག་ག་ཚོད་ཅིག་མྱང་ཡོད་པ་སུས་ཤེས། དེས་ན་སྐད་ཅིག་ཙམ་གྱིས་ཉི་མ་ལྟ་བུའི་འོད་ཆེན་པོ་ཅན་ཞིག་ཏུ་རེ་བ་མི་འཛིན་པར་ཧུར་ཐག་གིས་ད་ལྟའི་འཚོ་བ་ལ་འབད་བརྩོན་གྱིས། རང་གི་དགའ་ཕྱོགས་དེའི་དོན་དུ་ནུས་པ་ཡོངས་རྫོགས་འདོན་རོགས་གྱིས། ལྷ་ཡི་ཡིད་སེམས་འགུག་པའི་བརྩོན་པ་མ་ནུས་ཀྱང་། མིའི་སེམས་འགུག་ནུས་པའི་བརྩོན་པ་ཡོད་དགོས། སྐུ་ཞབས་稻盛和夫ཏོའོ་ཧྲིན་ཧུ་ཧྥོས་ལགས་ཀྱིས། ལས་གཞི་ལག་རྩལ་བ་ཅི་བྱ་གཏོལ་བྲལ་གྱུར་ནས་ཅི་བསམ་མེད་པར་རྫ་སྲེག་ཐབས་ཀའི་མདུན་ན་ལངས་འདུག་སྐབས། ངས་“ཁྱེད་ཀྱིས་དཀོན་མཆོག་ལྷ་ལ་གསོལ་འདེབས་བྱས་ཨེ་ཡོད་”ཅེས་འདྲི་སྲིད། དེའི་ནང་དོན་ནི་“མི་ཡི་ནུས་པ་ཟད་སོང་། ལས་དབང་གནམ་ལ་བཅོལ་”ཟེར་བ་ལྟར་ཁྱེད་རང་གི་ནུས་པ་ཡོངས་སུ་རྫོགས་པ་བཏོན་ཚར་བ་ཡིན་ནམ་ཟེར་བ་དེ་ཡིན། ཞེས་གསུངས་སོ། ། 


版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章