ལོ་རྒྱུས་ཚིག་ཕྲེང་གོ་སླ་རང་མྱོང་རྒན་པོའི་མགུར་མ། ཡ་རུ་བསྟན་འཛིན།

文摘   2024-10-21 19:02   中国  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平

ལོ་རྒྱུས་ཚིག་ཕྲེང་གོ་སླ་རང་མྱོང་རྒན་པོའི་མགུར་མ།

 

 

ཡ་རུ་བསྟན་འཛིན་རྒྱ་མཚོ།   མཛོད་དགེ་སྨད།


དཔའ་སྙིང་སྟོབས་ལྡན་པ་བཙན་པོའི་རྒྱལ་རབས།།

ཆོས་གཙུག་ལག་འདྲེན་མཁས་ལོ་པཎ་རིམ་བྱོན།།

དོན་མ་ནོར་ཚུལ་བཞིན་ཉམས་སུ་ལེན་མཁན།།

ཁོང་ཆོས་རྒྱལ་པཎ་གྲུབ་སྙིང་ནས་མཆོད་དོ།།


སྔོན་བསྐལ་བ་བཟང་བོ་ཆགས་པའི་དུས་ལ།།

སྤྲ་བྲག་སྲིན་འཐབ་ནས་མི་རྒྱུད་བྱུང་རབས།།

གནས་མཆོག་གྱུར་འཛམ་གླིང་ས་ཡི་ལྟེ་བར།།

མིའི་འགྲོ་བ་བྱུང་བའི་ལོ་རྒྱུས་བཙན་ནོ།།


བར་འགྲོ་བ་མི་ཡི་རུས་རྒྱུད་ཚོ་བ།།

ས་ལ་ལུང་ཀུན་ཏུ་ཕྱོགས་སུ་ཐོར་ནས།།

ཆེས་སྤྱིར་བཏང་འཚོ་གནས་འགྲོ་ཐབས་བྱས་པ།།

བློ་རིམ་གྱིས་འཕེལ་བའི་ཤུལ་ལམ་ཡིན་ནོ།།


ནང་མི་མཐུན་ཕན་ཚུན་འཐབ་རྩོད་ཆེ་དུས།།

མི་བསམ་ཤེས་ཐམས་ཅད་ལྷན་དུ་འཛོམས་ནས།།

ཕྱི་དགྲ་ལ་བཙན་ཞིང་ནང་མིས་བཀུར་བའི།།

གོང་རྒྱལ་བོ་བཙལ་ནས་གཙུག་གིས་མཆོད་དོོ།།


མཐོ་བླ་ན་མེད་པའི་རྒྱལ་བློན་ཐམས་ཅད།།

གདན་གཅིག་ཏུ་འཚོགས་ནས་གྲོས་བསྡུར་བྱས་ཏེ།།

ཆེ་ཡངས་པའི་རྒྱལ་ཁམས་བདེ་ལ་འགོད་དུས།།

མི་མཛངས་པས་བྱས་ཅན་སྔར་མེད་བསྐྲུན་སོང་།།


ཐུགས་སྒམ་དཀྱེལ་ཆེ་བའི་རྒྱལ་བུ་སྲོང་བཙན།།

བློ་རིག་པ་ཡར་ཀླུང་ཁོག་པར་མ་ཆུད།།

གནས་དམར་བོའི་རི་ནས་ཕོ་བྲང་བརྩིགས་པས།།

བོད་རྒྱལ་ཁབ་འདི་ཡི་སྙན་པ་འབར་སོང་།།


གོང་རྒྱལ་བོའི་བློ་རྒྱ་མཁའ་ལྟར་ཡངས་པས།།

བློན་ཐོན་མིའི་རིག་པ་ཉི་མ་རང་ཤར།།

སྔོན་མེད་པའི་ཤེས་རིག་སྒྲོན་མེ་སེར་བོས།།

ས་མཐོ་སྒང་འདི་ཡི་མུན་པ་རང་སེལ།།


ཡུལ་མཐོ་སྒང་འདི་ཡི་རྒྱལ་ཕྲན་མང་བོ།།

ཕྱོགས་གཅུག་ཏུ་བསྡུས་ནས་གཞན་ཡུལ་ལུང་བར།།

དམག་འཐབ་ནས་སྙིང་རྩ་ལྐོག་མར་འབྱིན་དུས།།

བོད་བཙན་པོའི་སྙིང་སྟོབས་གླིང་ལ་ཁྱབ་སོང་།།


མཐའི་རྒྱལ་ཁམས་མང་བོ་འཆམ་ལ་ཕབ་ཡོད།།

ནང་ཆོས་རིག་འོ་མའི་རྒྱ་མཚོ་རང་འཁྱིལ།།

བོད་བཙན་པོའི་ངོ་སོ་དགུང་ལས་མཐོ་བ།།

གནའི་བོད་རྒྱ་ཡིག་ཚངས་ཉི་ལྟར་གསལ་ལོ།།


སྔོན་བསགས་པའི་ལས་སྒྲིབ་ལྕི་བས་ཡིན་ནམ།།

བོད་བཙན་པོའི་བཀའ་ལུང་འགགས་པའི་དུས་ན།།

ཕྱོགས་གཡས་གཡོན་གཉིས་སུ་གྱེས་པའི་འབངས་མིས།།

ནང་དགྲ་འཐབ་བྱས་པའི་ལོ་རྒྱུས་སུར་གསང་།།


རྗེ་རྒྱལ་བོའི་ཐུགས་བསྐྱེད་ཟབ་མོའི་མཐུ་ལས།།

བུ་གདུང་རྒྱུད་ཅན་པོའི་དད་པ་མ་འགྱུར།།

ཆོས་ཟབ་མོའི་དགོངས་དོན་འཁྲུགས་པར་གཟིགས་ནས།།

དཔལ་མཉམ་མེད་ཇོ་བོ་བོད་ལ་སྤྱན་དྲངས།།


རྗེ་རྒྱལ་བོ་ཟེར་བ་གཅིག་ཏུ་མེད་རུང་།།

མི་ཤེས་པ་ཅན་ཚོས་སྙིང་སྟོབས་བསྐྱེད་ནས།།

གནས་གཙུག་ལག་མཆོག་གྱུར་བོད་ལ་དྲངས་པ།།

མིག་ཡོད་དགུ་ཀུན་གྱིས་བལྟས་པས་མི་རྫོགས།།


འཁོན་དཀོན་མཆོག་རྒྱལ་བོས་ཕྱག་བཏབ་གནང་བའི།།

དཔལ་ས་སྐྱ་དགོན་པར་སྲིད་དབང་བཙུགས་ཏེ།།

བོད་ཆོལ་གསུམ་ཆོས་སྲིད་ཟུང་འབྲེལ་ལམ་ནས།།

ཕྱོགས་གཅིག་ལ་བསྡུས་པའི་བཀའ་དྲིན་སུས་བརྗེད།།


གནས་ཕག་མོ་གྲུ་བའི་གྲོང་ཚོའི་ཕུག་ཏུ།།

ཁམས་རྡོ་རྗེ་རྒྱལ་པོས་དགོན་པ་བཏབ་ནས།།

ཏཱ་བྱང་ཆུབ་རྒྱལ་མཚན་ཁྲི་དཔོན་བསྐོས་པས།།

དཔལ་ཕག་གྲུའི་སྡེ་སྲིད་མངའ་ཐང་རྒྱས་སོ།།


གོང་ཞལ་ལྕེ་བཅོ་ལྔ་ཕྱག་རྒྱས་བཏབ་པ།།

ཁྲིམས་ཚུལ་བཞིན་བརྩི་བ་རྒྱལ་འབངས་ཁྱད་མེད།།

འབངས་མི་སེར་ཐམས་ཅད་བདེ་འཇགས་ཡིན་པས།།

དུས་བཟང་བོ་རྒན་མོ་གསེར་ཁུར་ཞེས་སོ།།


རྗེ་རྒྱལ་བ་གཉིས་པས་འགྲུབ་མཐའི་སྲོལ་ཕྱེ།།

ཡུལ་མཐའ་དབུས་མེད་པར་སྐྱིད་ལ་རོལ་དུས།།

དཔུང་རྒྱབ་རོགས་མི་གཅིག་ཐ་དད་གྱུར་པས།།

ནང་སྡེ་གཟར་ཆེ་བ་རིན་སྤུངས་གཙང་རྒྱལ།།


སྔོན་རྒྱལ་དབང་གཉིས་པའི་རྡོ་ཁང་སྔོན་མོར།།

མཚན་དངོས་ལ་དགའ་ལྡན་ཕོ་བྲང་བཏགས་ཡོད།།

ཕྱིས་ལྔ་བ་ཆེན་མོས་སྲིད་དབང་བཟུང་སྐབས།།

མིང་རྒྱུན་འབྱམས་སོང་བས་དགའ་ལྡན་ཕོ་བྲང་།།


དཀར་དམར་གྱི་ཕོ་བྲང་རྒྱ་བསྐྱེད་བྱས་སོང་།།

ཆོས་གཙུག་ལག་རིག་གནས་དར་སྤེལ་གཏོང་ཡོད།།

དགུང་ཉི་ཟླ་འདྲ་བའི་ཆོས་སྲིད་ལམ་ལུགས།།

དོན་རང་ཚུགས་ཐུབ་པའི་ལམ་ལ་ཞུགས་ཡོད།།


རང་སོོ་སོའི་དབང་རྩ་བརྟན་པའི་ཆེད་དུ།།

རྒྱ་ཧོར་གྱི་རུ་དཔུང་རྒྱབ་རྟེན་འཚོལ་ཡོད།།

གནའ་སྔ་མོའི་སྲིད་ཀྱི་འགྲོ་སྟངས་འདི་ཡང་།།

དུས་དེང་སང་འཛམ་གླིང་འཁོར་ཕྱོགས་ཡིན་ནོ།།


དུས་ཉི་ཤུའི་་ལོ་རབས་སུམ་ཅུ་བཞི་བཅུར།།

ས་འཛམ་གླིང་འཐབ་འཁྲུགས་ཆེ་བའི་དུས་ལ།།

ཐབས་སྣ་དགུ་འཐེན་ཡང་བསོད་ནམས་དམན་པས།།

ལས་ཐམས་ཅད་སྟོང་བའི་དབྱིངས་ལ་ཐིམ་སོང་།།


ལོ་བསྐལ་བ་ལྔ་བཅུ་ང་བརྒྱད་ང་དགུ།།

སའི་བླ་འོག་བསྒྱུར་འདྲའི་མུན་ནག་ལོ་ཟླར།།

ཡུལ་ཀུན་པོ་འཐབ་རྩོད་ནད་མུག་འཁྲུགས་ལངས།།

ཕྱོགས་ཀུན་ལ་ཁྱབ་པ་སྤྱི་མཐུན་ལས་ཡིན།།


གོང་སྲིད་ཇུས་བཟང་བོའི་ཉི་ཟེར་ཕྲ་མོ།།

བོད་རྒྱལ་ཁམས་ཆེན་མོར་ཡུན་ཙམ་འཕྲོས་དུས།།

མགོན་པཎ་ཆེན་བཅུ་བས་ཐུགས་སྟོབས་བསྐྱེད་ནས།།

བོད་ཆོས་རིག་ཉི་ཟླ་མཁའ་རུ་འཕགས་སོང་།།


དུས་ད་ལྟ་ལྟོ་གོས་སྣ་འཛོམས་ཡིན་རུང་།།

ནང་བླ་སྲོག་ཕྲ་མོ་ཆད་ལ་ཉེ་འོ།།

ཁྲིམས་ཟེར་ནས་བསྒྲགས་རྒྱུ་ཤིན་ཏུ་མང་རུང་།།

དེ་ཚུལ་བཞིན་སྲུང་མཁན་གཅིག་ཀྱང་མི་འདུག།


གནའ་དེང་མ་དར་བའི་ལོ་རྒྱུས་བཤད་ན།།

དུས་དེང་སང་རློམ་ནི་ཧ་ཅང་དཀོན་པས།།

སྡུག་ཐམས་ཅད་རང་རང་ཁོག་ལ་བཅུག་ནས།།

འུ་ཐུག་ནས་སྐྱོ་བ་བསང་ཐབས་ཡིན་སོང་།།

 

  ཞེས་པ་འདི་ཡང་འདི་ལོའི༼༢༠༢༤༽དྲུག་པའི་ཤིང་སློང་གི་ཚེས༡༡ཉིན་རང་ཤག་དཔེ་མང་སྤུངས་པའི་ལྡིང་ཁང་ནས་འཕྲལ་མར་སྦྱར་བ་དགེ་གྱུར་ཅིག །


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章