མཁས་དབང་བྱམས་པ་འཕྲིན་ལས་མཆོག་གི་རྗེས་དྲན། ཁ་གྱ་བ་སངས་དོན།

文摘   2024-11-04 21:58   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平



༄༅།།མཁས་དབང་བྱམས་པ་འཕྲིན་ལས་མཆོག་གི་རྗེས་དྲན་ཡིད་ཀྱི་འོ་མཚོ་བསྲུབས་པའི་སྙིང་པོ།


ཁ་གྱ་བ་སངས་རྒྱས་དོན་གྲུབ།


སྙིང་རྗེ་བྱམ༵ས་པ་དགའ་བ་བཏང་སྙོམས་ཀྱིས།།

ལེགས་པར་བརྒྱན་པ༵་གངས་ལྗོངས་གསོ་བ་རིག།

ཡང་དར་དེད་དཔོན་མཆོག་གི་མཛད་འཕྲིན༵་ཆེ།།

གངས་དཀར་ཏི་སེ་ལས༵་ཀྱང་བརྗིད་ལ་བསྟོད།།


ཡ་བྲལ་མེས་པོའི་རིག་གནས་ཉིན་བྱེད་དབང་།།

དུས་ངན་རིག་གསར་ཆུ་འཛིན་སྟུག་པོ་ཡིས།།

རེ་ཞིག་བསྒྲིབས་ཀྱང་ཡང་དག་སྲིད་རླུང་གིས།།

མཐའ་རུ་བསྐྲད་དེ་པདྨོའི་སྐྱེད་ཚལ་མཛེས།།


འགྱུར་མེད་སྙིང་སྟོབས་གསེར་གྱི་སྲུབ་ཤིང་གིས།།

གསོ་གཞུང་འོ་མཚོ་ལན་བརྒྱར་བསྲུབས་པ་ལས།།

དགེ་མཚན་གྱིས་ཕྱུག་གསོ་རིག་ཟླ་ཤེལ་ནོར།།

འགྲོ་བ་ཀུན་དའི་གཉེན་དུ་སླར་ཡང་འཆར།།


བླ་སྨན་མཁྱེན་རབ་ནོར་བུའི་ཐུགས་བསྐྱེད་ལས།།

ལེགས་བསྐྱངས་གསུང་སྲས་བློ་ལྡན་ཤེས་རབ་ཅན།།

འགལ་རྐྱེན་བར་ཆད་བརྒྱ་ཕྲག་སྤངས་བྱེད་དེ།།

གསོ་རིག་ཡང་དར་འགན་ཆེན་ཕྲག་ཏུ་བཞེས།།


ལྕགས་རི་སྨན་གྲྭའི་ཕྱག་སྲོལ་དྲི་མ་མེད།།

གཞུང་བཙུགས་སྨན་རྩིས་ཁང་བཟང་དུ་དྲངས་ནས།།

སྨན་རྩིས་རིག་པ་ཡང་དར་འབྱུང་གནས་ཆེའི།།

རྒྱལ་མཚན་དགུང་དུ་བསྒྲེངས་མཁན་ཁྱེད་ཉིད་དོ།།


མཁས་པས་མཁས་པ་མཐོང་ཞིང་གཅེས་འཛིན་བཞིན།།

མཁན་ཆེན་ཚེ་རྣམ་ཐུབ་བསྟན་ཚེ་རིང་དང་།།

དཔལ་ལྡན་བསྟན་འཛིན་ཚུལ་རྒྱན་དབང་འདུས་སོགས།།

བསྡུས་ནས་ཡང་དག་སྨན་རྩིས་གཞི་རྐང་ཆགས།།


དེ་བཞིན་འགྲོ་ཕན་གླིང་ནས་ལེགས་འཁྲུངས་པའི།།

སྨན་རྩིས་ཁང་ཞེས་འཆི་མེད་ལྗོན་པ་ཉིད།།

བུ་བཞིན་བསྐྱངས་པས་ཁོ་ལག་མཁར་རྒྱས་ཤིང་།།

གཞན་ཕན་འབྲས་བཟང་ཡོངས་ཀྱི་གསོས་སུ་སྨིན།།


ཁྱད་པར་དུས་བསྟུན་རྒྱུད་འཛིན་བསླབ་གྲྭའི་སྡེ།།

བོད་ལྗོངས་གསོ་རིག་སློབ་ཆེན་ཕྱག་བཏབ་ནས།།

འཛམ་གླིང་རིས་མེད་སྐལ་ལྡན་བུ་སློབ་དག།

རིག་པའི་བདུད་རྩི་ཅི་འདོད་གཏེར་དུ་བསྐྱིལ།།


རྗེ་བཙུན་གཡུ་ཐོག་འཁྲུངས་ཡུལ་འཚོལ་ཞིབ་ཀྱིས།།

རྙིང་པ་དབུས་ཀྱི་སྟོད་ལུང་སྐྱིད་སྣ་དང་།།

གསར་པ་གཙང་གི་སྒོ་བཞི་རེ་ཐང་དུ།།

སོ་སོར་གཏན་ཕབ་རྗེས་དྲན་སྐུ་བརྙན་བཞེངས།།


ཁྱེད་ཐུགས་མཐའ་བྲལ་མཁའ་ལམ་ཡངས་པ་ལས།།

རིག་པའི་སེང་གེ་ཐུབ་ཚེ་རྗེ་དྲུང་གཉིས།།

བསམ་བཞིན་བཀྲ་ཤིས་འཁྱིལ་དུ་བཀས་མངགས་ནས།།

རྒྱུད་བཞིའི་དབང་ལུང་ཆོས་སྦྱིན་གྲུ་ཆར་འཇོ།།


གསུང་གི་མཛད་པར་སྡེ་སྲིད་ཐུགས་གཏེར་ལས།།

ལེགས་འཁྲུངས་རྒྱུད་ཀྱི་འགྲེལ་ཆེན་བཻ་སྔོན་ནོར།།

སྨན་ཐང་གཟུགས་རིས་མིག་གི་དགའ་སྟོན་ཆེ།།

ངོ་མཚར་མཐོང་བ་དོན་ལྡན་རྒྱས་པར་བཤམས།།


དཔལ་ལྡན་རྒྱུད་བཞིའི་དོན་སྙིང་མ་ལུས་པ།།

འཆི་མེད་དཔག་བསམ་ལྗོན་པའི་དཔེར་སྟོན་པའི།།

སྡོང་འགྲེམས་འདོད་འབྱུང་ནོར་བུའི་མཛོད་ཅེས་པས།།

ལག་མཐིལ་སྐྱུར་རློན་ཇི་བཞིན་གསལ་ལེར་བྱེད།།


གསོ་རིག་སྲོལ་འབྱེད་ཕྱོགས་བཞིར་དར་བར་བྱེད།།

དེ་ནས་འཛིན་སྐྱོང་དཔུང་གཉེན་གསེར་གྱི་འཕྲེང་།།

བསྟར་བའི་མཁས་གྲུབ་མེས་པོ་རིམ་བྱོན་གྱི།།

གངས་ལྗོངས་གསོ་རིག་ཉིན་བྱེད་རྣམ་ཐར་བརྩམས།།


གང་གི་མཛད་བཟང་མཚན་སྙན་དབྱར་སྐྱེས་རྔ།།

དབུས་ནས་བརྡུངས་པ་པེ་ཅིང་མཁར་དུ་གྲགས།།

བློ་ལྡན་མདོངས་མཐས་མ་བཟོད་རྒྱལ་སྨན་པའི།།

ཆོ་ལོའི་སྒྲོ་གུར་མེ་ཏོག་མཆོད་འབུལ་བྱེད།།


དེ་བཞིན་ཁྱེད་ཀྱིས་གསོ་རིག་བསྟན་པ་སྤྱིར།།

མཛད་པའི་འཕྲིན་ལས་བློ་ཆུང་ཤོངས་ཙམ་ཞུས།།

ད་ནི་ཕལ་བ་རང་ལའང་ཐུགས་རྗེ་ཡིས།།

གཟིགས་ཚུལ་ཅུང་ཟད་དྲིན་དྲན་ཆེད་དུ་ཞུ།།


བདེ་འབྱུང་གཙུག་རྒྱན་མཐོན་པོ་མཁར་གནས་ཀྱང་།།

སར་གནས་ཀུ་མུད་དགའ་ཚལ་བསྐྱངས་པ་བཞིན།།

དབུས་སུ་སློབ་གཉེར་ཤོག་ཅེས་བཀའི་ཕྱག་འཕྲིན།།

ཐེངས་གཉིས་བསྩལ་བ་བསམ་ན་དད་གུས་འཕེལ།།


ལན་ཅིག་མཁས་དབང་བསྟན་པ་རྒྱ་མཚོ་ཡིས།།

བདག་སོགས་ལྷ་ལྡན་ཞིང་དུ་མཇལ་སྐོར་ཁྲིད།།

དེ་དུས་ཁྱེད་སྐུ་སྙུང་གཞིས་བདེ་མིན་ཡང་།།

དགྱེས་རྒྱས་ངང་ནས་བཀའ་སློབ་གསེར་ཞུན་བསྩལ།།


ཁྱེད་གསུང་མན་ངག་བདུད་རྩིའི་བཅུད་ཀྱི་མཆོག།

རོལ་བའི་གོ་སྐབས་ཡག་པོ་མ་རེག་ཀྱང་།།

ཁྱེད་སྐུ་ཐེངས་བཞི་མཇལ་ཞིང་ཐུགས་བརྩེ་ཡིས།།

ཟིན་ཕྱིར་ལས་སྐལ་བཟང་བའི་འདོད་པས་ཚིམ།།


མདོར་ན་ཁྱེད་སྐུ་དབུས་སུ་བཞུགས་ན་ཡང་།།

གསུང་གི་གཟི་བྱིན་མདོ་དབུས་ཁམས་ན་འབར།།

ཐུགས་སྨོན་རྒྱ་ཆེ་གླིང་འདིའི་ཕ་རོལ་བརྒལ།།

མཚན་ཙམ་ཐོས་པས་ཀུན་གྱིས་སྙིམ་པ་ཟུམ།།


འཆད་པ་རྒྱུད་གཞུང་འགྲེལ་བཅས་ཐོགས་པ་མེད།།

རྩོད་པས་མ་རྟོག་ལོག་རྟོག་འཇོམས་མཛད་ཅིང་།།

རྩོམ་པས་སྨན་རྩིས་གཞུང་གི་མདུད་བརྒྱ་གྲོལ།།

དེ་ཕྱིར་ཡང་དར་དེད་དཔོན་མིང་དོན་ངེས།།


གཞན་ཕན་གཅེས་ནོར་གསོ་རིག་བསྟན་པ་མཆོག།

འཛིན་སྐྱོང་སྤེལ་ལ་ཐབས་ཤེས་རྩལ་རྫོགས་ཤིང་།།

ཐུགས་རྒྱ་ཆེན་པོས་ཕྱོགས་རིས་མ་མཆིས་པར།།

མདོ་དབུས་ཁམས་གསུམ་ཐུགས་པད་གེ་སར་སྦྲུམ།།


མི་ཆོས་ལྷ་ཆོས་ཡོན་ཏན་དབང་འབྱོར་ཞིང་།།

སྲིད་ཀྱི་གོ་མིང་མཐོན་པོའི་མངའ་ཐང་རྒྱས།།

གོང་མ་རྒྱལ་པོ་མཇལ་བའི་སྐུ་བསོད་ཅན།།

ཁྱེད་འདྲ་སྔོན་ལ་མ་བྱོན་ཕྱིས་འབྱོན་དཀའ།།


དེ་ལྟར་མི་མཁས་མཁས་པའི་སྒྲོ་འདོགས་མིན།།

མི་གུས་གུས་པའི་ཟོལ་བསྟོད་དེ་བས་མིན།།

མཛད་རྗེས་རགས་ཙམ་གསོང་བོར་བརྗོད་པ་ཡི།།

ཡིད་ཀྱི་འོ་མཚོ་བསྲུབས་པའི་སྙིང་པོ་ལགས།།

   ཞེས་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་དེ་སྒོས་སུ་ཡང་དར་ལ་སྐུ་དྲིན་རབ་ཏུ་ཆེ་བའི་མིང་དོན་ངེས་པའི་མཁས་དབང་ཆེན་མོ་བྱམས་པ་འཕྲིན་ལས་མཆོག་གི་མཛད་འཕྲིན་རྗེས་དྲན་ཡིད་ཀྱི་འོ་མཚོ་བསྲུབས་པའི་སྙིང་པོ་ཞེས་བྱ་བ་འདི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འགྲམ་མཐའ་བ་ཞོལ་མའི་རང་སྤྱིལ་ནས་རབ་རྒྱན་ཤིང་འབྲུག་ལོའི་དབྱུག་ཟླའི་ཚེས་བཟང་ལ་ཐོལ་བྱུང་དུ་སྦྱར་བ་དགེའོ།།


版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章