སུམ་རྟགས་ཀྱི་དོགས་གནས་ལ་དཔྱད་པ། པདྨ་དགའ་བ།

文摘   明星   2024-09-21 09:55   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台

ཐོད་རྒལ་གྱི་བརྗེད་བྱང་བྱང་ཐང་བྱང་གི་འབྲུག་སྒྲ།  ཧི་མ་ལ་ཡ།


སུམ་རྟགས་ཀྱི་དོགས་གནས་ལ་དཔྱད་པ་གཟུར་གནས་དགྱེས་པའི་གཏམ། 


རྩོམ་པ་པོ། པདྨ་དགའ་བ།  


གངས་ལྗོངས་ཆོས་དཔལ་རིག་གཞུང་མངའ་ཐང་ཀུན། །       

སུམ་གཉིས་ས་ཡི་རྩེ་རུ་བསྒྲེངས་མཛད་པའི། །       

གདོང་དམར་དཔའ་བོའི་སྔོན་བྱོན་མཁས་གྲུབ་ཚོགས། །       

ཁྱད་པར་མེས་དབོན་རྣམ་གསུམ་ཞབས་ལ་འདུད། །

              

རྨོངས་མུན་འཐིབ་པའི་མཐའ་འཁོབ་ལ། །       

སྨྲག་ལ་སྒྲོན་མེ་བཏེགས་པ་བཞིན། །       

མུན་པ་སེལ་བའི་འོད་སྣང་ཉིད། །       

ཐོན་མི་ཨ་ནུ་རྒྱལ་གྱུར་ཅིག།        

     

འོད་གསལ་དྲི་མེད་རིགས་པའི་གནད། །        

དཔལ་ལྡན་ཟླ་བ་རང་བྱོན་བཞིན། །        

སྔ་འགྱུར་བསྟན་པའི་གཙུག་གི་ནོར། །        

རོང་ཟོམ་ཆོས་བཟང་ཞབས་ལ་འདུད།                 


     ནང་དོན་གནད་བསྡུས།  ཅེས་མཆོད་པར་བརྗོད་པའི་ཤིས་ཚིག་སྔོན་དུ་བཏང་ནས་སྐབས་དོན་གང་ཞིག་ལ་དཔྱད་པར་བྱ་བ་ནི་ཡུལ་གངས་ཅན་པའི་བརྡ་སྤྲོད་པའི་བསྟན་བཅོས་དག་གི་ལུགས་གཞིར་བཞག་ནས་སྐབས་དོན་དེ་ཉིད་ཀྱི་དོན་དང་དེ་ལས་འཕྲོས་པའི་དོགས་དཔྱོད་འགའ་ཞིག་གོ།      
    བརྡ་ཆད་གཙོ་བོ།   བོད།   བརྡ་སྤྲོད་པ། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བ། པྲ་ཏི་རིན་ཆེན་དོན་གྲུབ་བམ་པ་ཏི་འཇམ་དབྱངས་དཀར་པོ། 
     གཞུང་དངོས་ལ་གཞན་གྱི་ལུགས་བརྗོད་པ་དང་དེ་ཡི་དགོངས་དོན་སི་ཏུའི་མི་འདོད་ཚུལ་དང་སི་ཏུའི་དགོངས་པ་འཐད་ལྡན་དུ་སྨྲ་ཚུལ་གསུམ།   གཞན་གྱི་ལུགས་ནི་གང་འདྲ་བའི་སྒོ་ནས་བཤད་ཟེར་ན་དེ་ཉིད་ཅེས་པ་བྱ་བའི་ཡུལ་ལ་བྱ་བ་བྱས་པ་ཙམ་སྟོན་པའི་ཕྲད་གཞིར་བཞག་པ་ཀུན་གྱིས་དགོངས་པར་འགལ་བ་མེད་མོད་དེའི་ནང་ཚན་ཟེར་ན་དབྱེ་བ་དེ་ཉིད་ཅེས་པ་བྱ་ཡུལ་དང་བྱ་བ་གཉིས་མཚམས་སྦྱོར་བྱེད་ཀྱི་ཕྲད་ལ་གོ་དགོས་པ་ནི་གཞན་ལུགས་རེད་སྙམ་མོ། ། 
      རང་ལུགས་ཟེར་ན་སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བས་མཛད་པའི་ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ལས།    དེ་ཉིད་ཅེས་པ་ཚིག་སྔ་ཕྱི་མཚམས་སྦྱོར་བྱེད་ཀྱི་ཕྲད་གང་ཞིག་བྱ་བ་དང་བའི་ཡུལ་དང་བྱ་བ་གཉིས་པོ་ལ་སྔ་ཕྱི་ངོ་བོ་གཅིག་པ་སྟོན་བྱེད་ཀྱི་ཚིག་གོ། ། 
      སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བས་མཛད་པའི་སི་ཏུའི་འགྲེལ་ཆེན་འདི་ནི་བོད་གངས་ཅན་པའི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་ལས་དེ་སྔོན་ཆེས་རིགས་ལམ་དང་ལྡན་པ་ཞིག་སྟེ་ཁོང་གི་བསྟན་བཅོས་འདི་དང་གྲགས་པ་མཉམ་པ་ཤིག་ཡོད་པ་ནི་པྲ་ཏི་རིན་ཆེན་དོན་གྲུབ་བམ་པྲ་ཏི་འཇམ་དབྱངས་དཀར་པོ་ཞེས་པའི་མཚན་གྱི་སྙན་པ་ཅན་གང་ཡིན་པ་དེ་ཡིན་ཞིང་ཁོང་ཡང་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཀྱིས་དགོངས་དོན་བཀྲལ་ནས་བོད་ཕལ་བྱས་རྗེས་ཆེན་པོ་བཞག་པའི་བོད་ཀྱི་མཁས་པ་རྣལ་མ་ཞིག་ཡིན་པ་དང་ཁོང་གི་རྗེས་འབྲངས་ཀྱང་ཨ་ལག་དམུ་དགེ་བསམ་གཏན་ཚང་སོགས་ཀྱིས་མཚོན་པའི་མཁས་པ་བགྲངས་ལས་འདས་པ་ཡོད་ཀྱང་འདིར་འགའ་ཞིག་གི་དཔེ་མཚོན་ཙམ་དྲངས་ནས་བརྗོད་པ་དང་དེར་མ་ཟད་དེང་སང་བོད་ཀྱི་སློབ་གྲྭའི་འཁོར་ཡུག་ཕལ་ཆེ་བའི་བརྡ་སྤྲོད་པའི་ཁུངས་བཅོལ་ས་ལྟ་བུར་ཆགས་ཡོད་པས་པྲ་ཏི་སི་ཏུ་གཉིས་བོད་ལ་སྐུ་དྲིན་གང་ཆེ་མེད་པ་ཤིག་ཡིན་པར་གུས་པས་གོ་བ་ལེན་གྱིན་ཡོད་ན་ཡང་། བརྡ་སྤྲོད་པའི་གཞུང་ལ་དཔྱད་པའི་སྐབས་སུ་རང་ཉིད་ཀྱིས་འཆད་ཚུལ་ནི་ (ཀུན་མཁྱེན་མི་ཕམ་རིན་པོ་ཆེས་ལེགས་བཤད་རིན་པོ་ཆེ་སྣང་བའི་གཏེར་ལས་གཞུང་འཆད་པའི་སྐབས་སུ་ཚིག་ཚོགས་ཀྱི་སྤྲོས་པ་མི་སྐྱོང་བར་གསུང་ནས་རྟགས་རིགས་སོགས་གཞུང་དེར་རྒྱས་པར་མ་བཀོད་པ་ལྟར་གོ་བ་རྣལ་མའམ་རིགས་ལམ་ཡང་དག་གི་ཁུངས་སུ་ལ་ལྡན་དང་ཁྱབ་པ་སུ་ལ་ཡོད་སོགས་ལ་གཞིགས་ན་ལེགས་པར་སྙམ་པས་དེ་ལྟར་འབྲི་ཁུལ་བགྱི་སྙམ་ཡང་རང་བློ་དམན་པས་གནད་དུ་འཁྱོལ་བ་མི་ཤོད་ནའང་རགས་ཙམ་འབྲི་བར་བྱ་བ་ལ། རྣམ་འགྲེལ་ལས། ཡིད་ཆེས་ཚིག་ལས་མི་བསླུ་བའི་སྤྱི་ལས་རྗེས་སུ་དཔག་པ་ཉིད་ཞེས་གསུང་པའི་སྐབས་ནས་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབས་ནས་དེས་ཤུགས་ཀྱིས་དེས་གསུངས་དེ་གཞལ་བྱ་ཤིན་སྐོག་སྟོན་པའི་ལུང་དོན་རྣམས་ལུང་ཚད་མ་ཡིན་པར་ཁས་ལེན་པ་བཞིན་དུ་གུས་པས་ནི་གསུང་བདེན་པ་གང་མང་ལ་བལྟས་ནས་རང་ལུགས་འཇོགས་པར་བྱེད་པ་ལ་སི་ཏུ་པཎ་ཆེན་གྱིས་གསུངས་དག་བདེན་པར་སྣང་སྟེ། ཡོངས་གྲགས་ལ་པྲ་ཏི་རིན་ཆེན་དོན་གྲུབ་མཆོག་གིས་སུམ་ཅུ་བའི་མཚན་ཉིད་དུ་ཀཱ་ལི་སུམ་ཅུའི་སྦྱོར་བ་རྒྱ་ཆེར་སྟོན་པས་ན་སུམ་ཅུ་བ་ཟེར་བ་ཡོངས་གྲགས་སམ་དེའི་སྔ་རྒོལ་དུ་ཐད་ཀར་པྲ་ཏི་འཇོག་པ་པྲ་ཏིའི་དགོངས་དོན་ཕྲན་ཙམ་ཡང་མ་རྟོགས་པར་ལང་ཤོར་དག་གི་སྨྲས་པ་སྟེ།   
     པྲ་ཏིས་ནི།བོད་ཀྱི་བརྡ་སྤྲོད་པས་བསྟན་བཅོས་སུམ་ཅུ་པའི་རྣམ་བཤད་ཀུན་ཏུ་བཟང་པོའི་དགོངས་པ་གསལ་བར་བྱེད་པའི་རྒྱན་ཅེས་བྱ་བ་ལས། དེ་ལ་བྱཱ་ཀ་ར་ཎ་ནི་ལུང་སྟོན་པའམ་བརྡའ་སྤྲོད་པ་སྟེ་སྒྲའི་མཚན་ཉིད་མིང་ཚིག་ཡི་གེའི་རྣམ་འགྱུར་གྱི་སྒོ་ནས་དོན་ལུང་སྟོན་པའམ་བརྡ་སྤྲོད་པས་དེ་སྐད་ཅེས་བྱའོ། །
    ཏྲཱིཾ་ཤད་ནི་སུམ་ཅུ་པ་སྟེ། ཀཱ་ལི་སུམ་ཅུས་སྦྱོར་བ་རྒྱ་ཆེར་སྟོན་པས་བརྗོད་བྱའི་སྒོ་ནས་བཏགས་པའོ།། ཞེས་གསུང་པ་དང་། སི་ཏུ་པཎ་ཆེན་གྱིས་ནི་སྒྲའི་མཚན་ཉིད་ལུང་དུ་སྟོན་ཅིང་ལེའུ་ཕྱི་མ་རྣམས་ཀྱིས་རྟེན་གཞིར་གྱུར་བ་གང་ཞིག་གཞུང་ཚད་ཤླཽཀ་སུམ་ཅུར་གྲངས་ངེས་པས་ན་སུམ་ཅུ་བ་ཞེས་མཚན་ཉིད་སོ་སོ་བ་གཉིས་ཡོད་ལ་དེ་གཉིས་ཀྱིས་གང་འགྲིགས་སྙམ་ན་སི་ཏུ་པཎ་ཆེན་གྱིས་དེ་ལྟར་གཞན་ལུགས་དག་ལ་ཇི་ལྟར་དགག་པ་དེ་ཡིས་མཚན་ཉིད་དེ་གཉིས་འཇོག་པའི་སྟེང་ནས་སི་ཏུ་པཎ་ཆེན་མཆོག་གི་དགོངས་པ་འགྲིག་སྙམ་ནས་སི་ཏུའི་དགོངས་པ་གཞུང་དོན་ཅི་མ་ཅི་བཞིན་འདིར་དྲངས་ན། སི་ཏུའི་འགྲེལ་ཆེན་ལས། ཡང་རྩ་བ་སུམ་ཅུ་བ་ཞེས་པའི་སྐབས་སུ་ཕལ་ཆེར་གྱིས་ཀཱ་ལི་སུམ་ཅུ་བརྗོད་བྱའི་གཙོ་བོར་སྟོན་པའི་དོན་དུ་བཀྲལ་ཅིང་། འགའ་ཞིག་གིས་ན་ཡམ་དུ་ཤླཽཀ་སུམ་ཅུ་ཙམ་ཞིག་ཡོད་པའི་དོན་དུ་བཀྲལ་ཅིང་། སྔ་རྒོལ་སྔོན་མ་དེ་པྲ་ཏི་ཡིན་པར་འདོད་པ་ནི་པྲ་ཏིའི་ཡིག་ཆ་མཐོང་མ་མྱོང་བའི་གཟུ་ལུམ་སྨྲས་པ་ཡིན་པ་རྟོགས་པར་བྱའོ། །དེས་ན་པྲ་ཏིའི་ལུགས་ཀྱིས་མཚན་ཉིད་འཇོག་ན་དེ་ལ་བྱཱ་ཀ་ར་ཎ་ནི་ ལུང་སྟོན་པའམ་བརྡའ་སྤྲོད་པས་དེ་སྐད་ཅེས་བྱའོ། )    (ཏྲཱིཾ་ཤད་)ནི་སུམ་ཅུ་པ་སྟེ། ཀཱ་ལི་སུམ་ཅུས་སྦྱོར་བ་རྒྱ་ཆེར་སྟོན་པས་བརྗོད་བྱའི་སྒོ་ནས་བཏགས་པའོ། །        
      དེས་ན་འདིས་སྔ་སྒོལ་ཏེ་ཀཱ་ལི་སུམ་ཅུ་ཙམ་སྨྲ་མཁན་པྲ་ཏི་ཡིན་པར་སྨྲ་བ་ནི་གཟུ་ལུམ་གྱིས་གཟུ་ལུམ་ཁྲིད་དེ་གཡང་གཟར་དུ་ཕྱིན་པ་དང་འདྲའོ། །    རྟགས་འཇུག་ལ་ཡང་སུམ་ཅུ་པའི་མིང་འཇུག་པར་ཐལ་བའི་ཐལ་བ་འཕེན་ས་དེ་སུ་ཡིན་འཚོལ་བར་བྱའོ། །
      སུམ་ཅུ་པར་ཀཱ་ལི་སུམ་ཅུའི་ཚིག་ཕྲད་རྣམ་དབྱེ་སོགས་བསྟན་ལ། རྟགས་འཇུག་ཏུ་དེའི་རྟགས་ཀྱི་དབྱེ་བ་སོགས་བསྟན་པས་གཉིས་ཀར་ཀཱ་ལི་སུམ་ཅུའི་བྱ་བ་སྟོན་པ་མཉམ་པའི་ཕྱིར་ཞེས་པའི་ཐལ་བ་དེ་སུ་ལ་འཇུག་ན།    སི་ཏུས། གཞན་ཡང་བོད་ཀྱི་བརྡ་སྦྱོར་བའི་བསྟན་བཅོས་རྩོམ་ན་ཀཱ་ལི་སུམ་ཅུའི་བརྗོད་བྱའི་གཙོ་བོར་མེད་པ་ནི་ཆེས་མི་རིགས་པས་རྩ་བ་བརྒྱད་པོ་ཐམས་ཅད་ཀྱང་མིང་དེས་ཁྱབ་པར་བཞེད་ན་ནི་འདིིར་དམིགས་ཀྱིས་གདགས་ན་དོན་མེད་དོ་ཞེས་གསུང་པ་ནི་ཤིན་ཏུ་འཐད་པར་སྙམ་མོ། །    
     བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་ཀྱིས་མཚན་ནི།   ཆོས་ཀྱི་རྒྱལ་པོ་སྲུང་བཙན་སྒམ་པོས་བཀའ་ཆེམས་ཀ་ཁོལ་མ་ལས། ༡ལུང་སྟོན་པ་རྩ་བ་སུམ་ཅུ་བ། ༢ ལུང་སྟོན་པ་རྟགས་ཀྱི་འཇུག་པ། ༤ཀ་སྨད་སུམ་ཅུར་བསྒྱུར་བ། ༥སྡེབས་སྦྱོར་སྒྲིག་པའི་གཞི་མ།༦ ཐོན་མིའི་མདོ་རྫིའི་་སྒྲ་མདོ། ༧སྔགས་ཀྱི་བཀླག་ཐབས་མུན་པའི་སྒྲོན་མེ། ༨ཀླུ་དབང་མགུལ་རྒྱན་སོགས་ཡོད་པ་ཤེས་པར་བྱའོ། དེས་ན་སི་ཏུས་མཚན་ཉིད་བཞག་པ་ལ་དེ་ལས་ཁྱད་ཆོས་ཆེ་བའི་གནད་གཅིག་ཡོད་པ་ནི། སྒྲཱའི་མཚན་ཉིད་མིང་ཚིག་གི་ཡི་གེས་རྣམ་པར་སྣང་ཞིང་ལེའུ་ཕྱི་རྣམས་ཀྱིས་རྟེན་གཞིར་གྱུར་བ་གང་ཞིག་གཞུང་ཚད་ཤློཀ་སུམ་ཅུར་གྲངས་ངེས་པས་ན་དེ་ལྟའོ། །   
       

སླར་སྨྲས་པ།          

དབྱངས་དང་སྐད་གདངས་འཇམ་དབྱངས་དབྱངས་ཅན་མཉམ། །   

ཚིག་དང་ངག་སྐད་བསམ་པའི་དཔལ་རྣམས་ལ། །    

ཀུན་ཏུ་བདུད་བཏུལ་ཐུབ་པས་རྟག་ཏུ་བསྐྱངས། །    

མཛེས་ཉམས་ཟླ་ཟེར་འཚེར་བ་གངས་ཅན་དེ། །    

འོད་སྐར་ཡོངས་གྲོལ་འཕགས་སར་གཏན་འབྱོར་ཤོག།    

           
     ཅེས་པ་འདི་ནི་གུས་པ་ཕྲན་པདྨ་དགའ་བའམ་ཐུབ་བསྟན་རིག་འཛིན་རྡོ་རྗེས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བ་བཅུ་བའི་ཚེས་བཅོ་ལྔ་ཉིན་གྲུབ་པར་བྱས་པའོ། །



版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章