ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
༄༅།།བདེ་མཆོག་གི་ཕོ་བྲང་གཉའ་གོང་བྲག་དཀར་ནས་བཞེངས་པའི་མགུར།
ཡབ་རྗེ་སྐལ་ལྡན་རྒྱ་མཚོ།
དར་དཀར་གྱི་ཡོལ་བ་ཕྱར་འདྲའི། །
གཉའ་གོང་གི་བྲག་དཀར་གནས་ན། །
རེབ་གོང་གི་སྐལ་ལྡན་རྒྱ་མཚོས། །
རྒྱང་གླུ་འདི་ལེགས་པར་འཐེན་ནོ། །
བླ་མ་དང་དཀོན་མཆོག་དྲིན་ལས། །
རོང་འབྲོག་གི་ས་ཆ་གར་ཡང་། །
བཟའ་བཏུང་དང་ལྟོ་གོས་རྙེད་བྱུང་། །
གར་ཕྱིན་ཡང་ཕ་ཡུལ་ཡིན་འདུག།
ལྷ་ཆོས་ལ་འབད་ལོ་བྱས་འདིས། །
མི་ཆོས་ཀྱི་འདུན་མ་འགྲུབ་བོ། །
མི་ཆོས་ལ་འབད་འབུངས་བཏོན་ཀྱང་། །
ལྷག་ཆོས་ལ་འགྲུབ་ངེས་མེད་དོ། །
ཡོན་ཏན་རང་རྒྱ་ཆེ་མེད་ཀྱང་། །
ཐམས་ཅད་ལ་གུས་ལྟར་བཅོས་པས། །
སྙན་གྲགས་ཀྱི་ལོ་མ་རྒྱས་ཀྱང་། །
ཉམས་རྟོགས་ཀྱི་དོན་འབྲས་མེད་དོ། །
དཀོར་ཟས་དང་ཁ་གཉིས་འཕྲད་ཀྱང་། །
འཇུ་བྱེད་ཀྱི་བཟླས་བརྗོད་མེད་པས། །
སེམས་ཉིད་ཀྱི་ཀོ་སྐམ་གྱོང་བས། །
གདམས་ངག་གི་རླན་གྱིས་མ་ཕན། །
རང་ཡུལ་ལ་ཞེན་ཆགས་ཆེ་བས། །
མི་ཡུལ་གྱི་དབེན་པ་མ་བསྟེན། །
རོ་སྙོམས་ཀྱི་ལྡོམ་བུ་མ་བྱས། །
ཆགས་སྡང་ལ་འབུར་འཇོམས་མ་ཐུབ། །
མངའ་རིས་དང་གཙང་བ་བེ་རི། །
སོག་པོ་དང་རྒྱ་ནག་རྒྱལ་བོའི། །
གདན་ས་ཡང་མི་རྟག་འགྱུར་ན། །
གཞན་དག་ལ་ངེས་པ་གར་སྣང་། །
ནམ་ཟླ་དང་དུས་བཞིའི་འགྱུར་ལྡོག།
སྐྱ་སེར་དང་སྐྱེ་བོའི་འཆི་ལུགས། །
མངོན་སུམ་དུ་ཀུན་ལ་གསལ་བཞིན། །
ད་དུང་ཡང་དར་རྒུད་མ་དྲན། །
ཐོས་བསམ་གྱི་བཤད་པའི་གྲྭ་རུ། །
མཁས་པ་རྣམས་ཀུ་ཅོ་ཆེ་ཡང་། །
ལུང་སྟོང་གི་བྲག་ཕུག་སྐམ་པོར། །
སྤྲང་བཙུན་བདག་ཀུ་ཅོ་ཆེ་འོ། །
དཔེ་མང་ལ་ཞིབ་ཏུ་བལྟས་པས། །
མདོ་སྔགས་ཀྱི་གཞུང་ལུགས་མང་བོའི། །
དཀའ་གནས་ལ་ངེས་པ་རྙེད་པས། །
སེམས་ཉིད་ལ་བདེ་ཉམས་ཤར་རོ། །
གནས་ཚུལ་དེ་བསམ་ཚེ་སྤྲོ་ཡང་། །
གོ་ཚུལ་དང་སེམས་གཉིས་འགལ་བས། །
ཞེ་རྒྱུད་ལ་ཕན་པར་མ་གྱུར། །
དེ་ཕྱིར་ནི་བསམས་ཤིང་སྐྱོ་འོ། །
ཞེས་པ་འདི་ཡང་དཔལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་གཉའ་གོང་བྲག་དཀར་དུ་རང་དགར་སྐལ་ལྡན་རྒྱ་མཚོས་སྨྲས་པའོ། །
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!