【པོ་ཏ་ལ།】 ཚིག ཁ་གྱའི་ཁྱུང་སྔོན། གྱེར་མཁན། མྱི་ལྡོམ།

文摘   2024-11-08 10:05   甘肃  

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平


པོ་ཏ་ལ།  


རྩོམ་པ་པོ། ཁ་གྱའི་ཁྱུང་སྔོན།

གྱེར་མཁན།  མྱི་ལྡོམ།


   

   པོ་ཏཱ་ལ།  དམ་ཆོས་གླེགས་བམ་གྱི་གླེགས་ཐག་རིང་མོས་མདོ་དབུས་མཐོ་སྒང་གི་སྨྲ་སེང་བརྒྱ་ཡི་ལྟ་གྲུབ་དང་བརྒལ་བརྟག་ལས་བཞེངས་ཏེ་ཁེར་ཚུགས་ཅན་འགའ་རེར་རྣམ་དཔྱོད་ཀྱི་འཕྲུལ་ཞགས་བསྩལ་མྱོང་།  མེས་པོ་ཨག་ཚོམ་ཅན་ཚོས་རིག་གཞུང་གི་རྩིབས་མ་རེ་རེར་ཤེས་རབ་ཀྱི་བླ་ཤིང་བཙུགས་ཏེ། མདོ་རྒྱུད་ཀྱི་ཚིག་དོན་རེ་རེར་དཔྱད་ཞིབ་ཀྱི་རལ་གྲི་གདེངས་པས་ཡར་ལུང་གི་གཙང་བོ་དེ་ཡང་གྱེན་དུ་དྲངས།  ཨ་ཅེ་བལ་བཟའི་འཇོ་སྒེག་གི་བྱད་དབྱིབས་ངོམ་སའི་མེ་ལོང་སེར་པོ་མཚར་སྡུག་སྟོང་གི་ཁུགས་སོ་ན་ཁྱེད་ཉིད་འོད་ལམ་ལམ་གྱིས་སྒོར། ཨ་ཅེ་རྒྱ་བཟའི་རྨི་ལམ་ནང་དུ་བསྐུངས་པའི་ཁྱེད་ཀྱི་གསང་ཚིག་གི་ཡིག་འབྲུ་རེ་རེ་ལྷ་སའི་གཙང་བོའི་གླུ་དང་གར་གྱིས་བརྟོལ་མྱོང་། པོ་ཏཱ་ལ།  ངའི་ས་ཆེན་གྱི་གཡུ་རྔོག་ཏུ་སྐྱེས་འདྲའི་ཉི་མའི་དྲུང་གི་ཕ་མཁར་མཐོན་པོ།  ཚངས་དབྱངས་རྒྱ་མཚོའི་སྙན་ངག་གིས་བཞེངས་པའི་བརྗོད་མི་ཚར་བའི་སྲིད་པའི་སྒྲུང་རིང་།    

   པོ་ཏཱ་ལ།  ཆོལ་གསུམ་འཛིན་མའི་གོང་ཁར་བབས་པའི་ལོ་རྒྱུས་ཀྱི་བདེན་དབང་ཁུར་པའི་མི་ཡུལ་གྱི་རྡོ་རིང་ཐོག་མ། མི་བུ་གདུང་དྲུག་གི་དཔྲལ་བར་བཞད་པའི་གསེར་ནག་གི་ལཉྫ་སེར་པོ། ཁྱེད་ཀྱིས་གངས་དཀར་པོའི་རྒྱལ་ཁམས་གྲུ་བཞི་འོད་ཀྱི་ཟེར་མས་དཀྲིས་ཏེ་མི་ལ་དབང་ཐང་བསྩལ། རྒྱུ་ལ་ལོངས་སྤྱོད་བརྡོལ། རིགས་རུས་ལ་བླ་སྩོལ། སྙིང་སྟོབས་ཀྱི་དཔའ་དར་རིང་མོས་སྟོད་མངའ་རིས་ནས་བར་དབུས་གཙང་སྨད་ཨ་མདོའི་བར་སྒལ་ཚིགས་ཀྱི་རུས་པ་གཅིག་ཏུ་བསྡམས་ཏེ་ས་ཡི་བཙན་ས་བཟུང་ཞིང་འབྲོང་རྐྱང་དགོ་གསུམ་གཡུང་ལ་ཕབ་སྟེ་སྦྲ་མཐིང་སྨུག་གི་ཐུ་འོག་ལ་བཅུག  རྟ་མཆོག་སྟོང་གི་རྨིག་སྒྲས་བཅུམས་པའི་འཛམ་གླིང་གི་སུམ་གཉིས་དབང་དུ་བསྒྱུར་སའི་ཐབས་དང་བློ་སྤོབས་མངའ་བའི་ཆེན་པོའི་རྒྱལ་སྲིད་དར་ས།  མཐོ་བ་གནམ་གྱི་ཉི་ཟླ་འགྱོགས་པའི་གཡུ་ཡི་ཀ་བ་བརྟན་པོ། དམའ་བ་ས་གཞི་ཟིལ་གྱི་གནོན་པའི་རྔམ་བརྗིད་གངས་ཀྱི་ཕོ་བྲང་། པོ་ཏཱ་ལ།  ངའི་གཡུ་མཚོའི་མེ་ལོང་ལ་བཙུགས་པའི་ཆོས་སྲིད་ཀྱི་རྒྱལ་མཚན་མཐོན་པོ།  དྲན་དབང་དགེ་ཆོས་ཀྱི་རྣམ་དཔྱོད་ལ་བསྟིམས་པའི་ལོ་རྒྱུས་ཀྱི་དེབ་ཐེར་དཀར་དམར།  པོ་ཏཱ་ལ་་་་་་་་་

 

                                       ༢༠༡༧/ལོའི་༡༢/༡༢ལ་གཙོད་གྲོང་ཁྱེར་དུ།





བོད་སྐད་སྙན་སྒྲོན་པ་གྲགས་ཅན་བཀྲ་ཤིས་དབང་ཕྱུག་གི་གྱེར་འདོན་གསར་བ།

སྦྲ་ནག  གྱེར་ཚིག ཁ་གྱའི་ཁྱུང་སྔོན། གྱེར་མཁན། ཨ་མཆོག་བན་དེ་འཚོ།

མེས་པོ། གྱེར་ཚིག ཁྲ་གླག་སྲས། གྱེར་མཁན། མྱི་ལྡོམ། ཚ་ཤོས།

བོད་ཡིག་གི་གཤོག་པ། གྱེར་ཚིག ཁ་གྱའི་ཁྱུང་སྔོན།གྱེར་མཁན།གངས་དབྱངས།

ཀ་ཁ་ག་ང་བྱམས་བརྩེའི་གླིང་། ༤ སྙན་སྒྲོན་པ། ཨ་མཆོག་བནྡེ་འཚོ།

མཐུན་སྒྲིལ་གྱི་བོད་པ། གྱེར་ཚིག འབའ་སྣང་གྲོལ། གྱེར་མཁན། མྱི་ལྡོམ།

ཞོར་དུ་གླུ་གཞས་སྣ་ཚོགས་ལ་རོལ་མྱོང་བྱོས།


 

 

འཕྲིན་སྟེགས་འདིར་བཀོད་ཟིན་པའི་བརྩམས་ཆོས་གང་ཡིན་གྱི་བདག་དབང་དོ་དམ་པར་ཡོད་པས་གང་འདོད་ཀྱིས་ཕབ་བཤུའི་ལས་བགྱིད་པར་བྱར་མི་རིགས་སོ།། རྩོམ་བདག་གིས་ཆེད་དུ་བསྐུར་བའི་རིགས་མ་གཏོགས་རྩོམ་ཁུངས་སོགས་མི་གསལ་བའི་རིགས་འགོད་ཀྱིན་མེད།

 

 


ལེགས་སྐྱེས་གནང་ས།


ནང་དོན་དང་ཇུས་འགོད་སོགས་ལ་ལེགས་སྐྱེས་གནང་མིན་དེ་རང་དབང་ངོ་།།

ཡིག་ཟམ།

2797610002@qq.com



卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章