གསོལ་འདེབས་བསྟོད་དབྱངས་ཡིད་ཀྱི་མེ་ཏོག རྩེ་རི་འཇམ་དབྱངས་ཐེག་མཆོག

文摘   2024-10-08 21:54   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平


༧རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོར་གསོལ་འདེབས་བསྟོད་དབྱངས་ཡིད་ཀྱི་མེ་ཏོག


རྩེ་རི་འཇམ་དབྱངས་ཐེག་མཆོག


བྷོ་ཊའི་གངས་ཅན་ཡུལ་གྱི་ལྗོངས་འདི་ན། །

ལྟ་སྒོམ་སྤྱོད་ལ་འགྲན་ཟླ་མ་མཆིས་པའི། །

མི་ཕམ་དབྱངས་ཅན་དགེས་པའི་རྡོ་རྗེ་མཆོག །

བཀའ་དྲིན་བླ་མ་སྨྲ་བའི་སེངྒེ་དྲན། །


རྣམ་གཡེང་གིས་འདའ་བའི་གྱི་ན་ང་། །

སིན་དཔལ་གྱི་ཀུན་དགའ་ར་བ་ན། །

དྲན་དབང་གི་གསུང་རབ་མཇལ་བའི་ཚེ། །

གསོལ་འདེབས་ཀྱི་བསྟོད་དབྱངས་འདི་ལྟར་ཤོར། །


འཇམ་དབྱངས་མི་ཡི་རྣམ་རོལ་སྒྱུ་མའི་འཕྲུལ། །

འོད་གསལ་ལྷ་རིགས་འཇུ་ཡི་པད་དཀར་སྦུབས། །

ངོ་མཚར་གཟུགས་སྐུ་ཞིང་འདིའི་རྒྱན་དུ་འཕོས། །

འཇིགས་མེད་དམ་ཆོས་རྒྱ་མཚོར་གསོལ་བ་འདེབས། །


ཆེས་ཆེར་ཆུང་བ་དགུང་གྲངས་དྲུག་པའི་དུས། །

དྲན་དབང་ཐུགས་ཀྱི་བཅུད་འཕྲོག་ཕར་ཕྱིན་གཞུང་༎

ཚེགས་མེད་རྩོམ་པའི་མཁྱེན་རབ་གཏེར་བརྒྱའི་དཔྱིད༎

འཇིགས་མེད་དམ་ཆོས་རྒྱ་མཚོར་གསོལ་བ་འདེབས༎


བཀྲེས་བཀྲེན་བདེན་ཞེན་ཡེ་ཤེས་མེས་བསྲེགས་ཤིང་། །

ཡེངས་སེམས་བདེ་གཤེགས་མཁྱེན་བརྩེར་འདྲེན་བྱེད་རྗེ། །

བརྩེ་ཆེན་མཁྱེན་གཏེར་དགེ་ལེགས་བཤེས་གཉེན་དཔེ། །

འཇིགས་མེད་དམ་ཆོས་རྒྱ་མཚོར་གསོལ་བ་འདེབས། །


རྩ་གསུམ་ཀུན་འདུས་སེང་ཆེན་དགྲ་བླའི་རྗེ༎

རིག་སྟོང་དོན་གྱི་བླ་མ་འཇམ་དཔལ་དབྱངས༎

བྱིས་དུས་ཉིད་ནས་ཐུགས་ཀློང་གཅིག་འདྲེས་པ༎

འཇིགས་མེད་དམ་ཆོས་རྒྱ་མཚོར་གསོལ་བ་འདེབས༎


གསལ་གསལ་ཤེས་ཡོན་ནོར་བུའི་གཏེར་གྲོལ་ཏེ། །

ཟབ་ཟབ་ཤེས་བྱའི་དེ་ཉིད་གཟིགས་རྣམས་ཀྱང་། །

མཛེས་མཛེས་འཇམ་དཔལ་སྐུ་ཡི་ཏིང་ངེ་འཛིན། །

འཇིགས་མེད་དམ་ཆོས་རྒྱ་མཚོར་གསོལ་བ་འདེབས། །


ཡང་ཟབ་ཀུན་བཟང་ཐུགས་ཀྱི་བསྟན་པའི་གནད། །

རྩོད་པས་སུན་འབྱིན་ཕས་རྒོལ་ཡོངས་བཅོམ་ཞིང་། །

འོད་གསལ་སྙིང་བོའི་བསྟན་པ་གསལ་མཛད་པ། །

འཇིགས་མེད་དམ་ཆོས་རྒྱ་མཚོར་གསོལ་བ་འདེབས། །


གནས་ལྔ་གཟིགས་པའི་ཡོན་ཏན་ཁོ་ནས་ཁྱེད། །

མཁས་དགུའི་གཙུག་གི་ནོར་བུར་མཚུངས་མིན་ཏེ། །

ཞི་ཞིང་དུལ་བའི་སྤྱོད་མཆོག་མ་སྨད་པ། །

འཇིགས་མེད་དམ་ཆོས་རྒྱ་མཚོར་གསོལ་བ་འདེབས། །


ལྟར་སྣང་ཟིལ་གནོན་གསུང་གི་དབང་ཕྱུག་ཆེ། །

ཆེ་བའི་རྩེ་མོར་འཛེགས་ཀྱང་སེམས་དཔའི་ཚུལ། །

ཚུལ་འདིར་མཁས་རྣམས་སྙན་ངག་ཆུ་གཏེར་རྡོལ། །

འཇིགས་མེད་དམ་ཆོས་རྒྱ་མཚོར་གསོལ་བ་འདེབས༎


ལ་ལ་དད་པའི་མིག་ནས་མཆི་མ་དཀུ། །

ལ་ལ་གསང་གསུམ་ཆེ་བའི་ཅ་ཅོ་འབྱིན། །

ལ་ལ་ལང་ལོང་ཕྱག་གིས་མཆོད་པ་བྲེལ། །

བདག་ནི་བླ་མའི་གླེགས་བམ་མཇལ་བར་གདའ། །


    ཞེས་པ་ནི་འཇམ་མགོན་བླ་མའི་ཞལ་སྐྱིན་མ་ཧཱ་པཎྜིཏ་རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ་མི་ཕམ་དབྱངས་ཅན་དགེས་པའི་རྡོ་རྗེར་གསོལ་འདེབས་བསྟོད་དབྱངས་ཡིད་ཀྱི་མེ་ཏོག་ཅེས་པ་ནི་དྲན་དབང་མཆོག་གི་གསུང་འབུམ་པོད་བཅུ་དགུའི་བདག་ཉིད་ཅན་བླུས་ཤིང་མཇལ་བ་དང་ལྷན་དུ་ཁོང་རྡོ་རྗེ་འཆང་གི་དུས་མཆོད་ཀྱི་ཉིན་མོར་རྩེ་རི་འཇམ་དབྱངས་ཐེག་མཆོག་འབོད་པས་གྱི་ན་བ་དེས་རེ་སྐོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་རེབ་གོང་གོང་བ་མཛེས་པའི་རྒྱན་གཅིག་ཆོས་རྫོང་ར་བ་དཀར་པོ་ནས་སྦྱར་བ་ཛ་ཡནྟུ།།


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章