གཅན་ཚའི་མ་ཎི་དགོན་པར་མཇལ་བའི་བརྗེད་ཐོ།  དར་ཞིང་འོད་དཀར།

文摘   2024-10-02 17:08   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

——习近平


གཅན་ཚའི་མ་ཎི་དགོན་པར་མཇལ་བའི་བརྗེད་ཐོ།

 

དར་ཞིང་འོད་དཀར།  རྨ་ལྷོ།

 

     ཟླ་གཅིག་ཙམ་གྱི་སྔོན་ནས་མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་ཆུ་བཟང་དང་བྱང་གི་དགོན་ཆེན་བཞི གཅན་ཚའི་མ་ཎི། ལྡེ་ཚ་ དགོན་པ། ཆུ་དཀར་རི་ཁྲོད། ལཽ་ཀྱ་ཏུན་དགོན་པ།  ཁྭ་ཏའི་ཁ་བ་དགོན་བཅས་ལ་མཆོད་མཇལ་དུ་འགྲོ་བར་མ་གྲོས་ངང་གིས་ཆོས་མཐུན་མོས་པའི་རིགས་ལ་གྲོས་ཁ་བྱུང་།  སྤྱི་ལོ་༢༠༢༤ལོའི་སྤྱི་ཟླ་༩ཚེས་༢༦ཉིན་མི་ཕྱེད་པའི་དད་པ་བརྟན་པོའི་མཐུའི་ཤུགས་ཀྱིས་དེད་པ་མིན་ཀྱང་།   གྲགས་སྙན་གྱི་རོལ་མོའི་དབྱངས་ཀྱིས་བཀུག་པས་ཀྱང་ཡིན་སྲིད་དེ།   ཞོགས་པའི་སྐྱ་རེངས་ཀྱི་ཐུ་བ་མ་བཀྱགས་པའི་དུས་སུ་ལམ་དུ་ཆས་ཤིང་།    ཐོག་མར་ལམ་ཁར་བདེ་ཞིང་མཆོད་མཇལ་གྱི་དབུ་འཛུགས་ས་གཅན་ཚའི་མ་ཎི་དགོན་དུ་མཆོད་མཇལ་དུ་སོང་།   དགོན་གནས་འདི་ནི་དེང་གི་སྲིད་འཛིན་གྱི་དབང་དུ་བྱས་ན་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།  ནང་སྟོད་གྲོང་བརྡལ་དུ་ཆགས། མཚོ་ངོས་ལས་མཐོ་ཚད། 2650ཡོད།   རྒྱ་ཡིག་གིས། 昂斯多ཞེས་བྲིས་ཡོད།  དེ་ནི་ནང་སྟོད་ཅེས་པའི་ས་མགོ་ལོགས་སུ་བཀླགས་ཏེ་སྒྲ་ཕར་ཆགས་པར་འདོད།  གཅན་ཚའི་མ་ཎི་ཆུ་འཁོར་གྱི་ནང་གཞུག་ཏུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཕྱག་འཁོར་སྙིང་བོར་ཕུལ་ཡོད་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་དང་།  ཀརྨ་རོལ་པའི་རྡོ་རྗེ་སོགས་ཀྱིས་རབ་གནས་མཛད།  མ་ཎི་ལ་དུས་བཟང་རྣམས་སུ་རིལ་བུ་འབབ་པར་གྲགས།  ་རྟེན་འབྲེལ་གྱི་དབང་གིས་ཀྱང་ཐེངས་འདིར་རྗེ་བླ་མའི་བསྟན་པའི་ཆུ་གོ་ལྟ་བུ་དཔལ་ལྡན་བྱ་ཁྱུང་ལ་མ་མཇལ་བའི་ཐོག་མར་རྗེ་བླ་མའི་ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་པའི་ཕྱག་འཁོར་རྟེན་དུ་བཞུགས་པའི་མ་ཎི་ཆུ་འཁོར་ལ་མཇལ་རྒྱུ་དང་།   ལྷག་པར་དུ་རྟེན་འབྲེལ་གྱི་དབང་གིས་རང་ལ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བསོད་ནམས་དང་ཁུར་དུ་བབས་པ་ཆེན་པོ་མེད་ཀྱང་།   དཀོར་ལ་གཟན་པའི་སྤྱང་ལྟོགས་ཤིག་ཡིན་སྟབས།  ནམ་རྒྱུན་དཀོར་སྦྱོང་གི་ཐབས་སུ་འགྲོ་བའི་ཁ་ཏོན་ཙག་ཙིག་དང་དཔེ་ཀློག་ནི་ཆུ་བོའི་རྒྱུན་བཞིན་བསྟེན་པར་ཤོག་ཅིག་ཅེས་པའི་སྨོན་ལམ་གྱི་དབང་གིས་མ་ཎི་ཆུ་འཁོར་ལ་མཇལ།   ཞོགས་པའི་ཆུ་ཚོད་༩དང་སྐར་མ་༩སྟེང་དགོན་ནང་དུ་འབྱོར་བ་དང་དགེ་འདུན་པ་ཞིག་གིས་ལྷ་གཉེར་གྱི་ཚུལ་དུ་ལྡེ་མིག་ཅིག་བཟུང་ནས་འདུ་ཁང་གི་མདུན་དུ་ཕེབས།    དེ་ནས་ང་ཚོར་མཆོད་མཇལ་ཞིག་གཏང་རོགས་ཞེས་སྙན་སེང་ཕུལ་བ་ན།  ངག་དམའ་མོའི་སྒོ་ནས་སྐད་རིགས་གང་ཡིན་དང་ལན་ཅི་གནང་ལ་གསལ་ཆ་མ་ཡོད་མོད།   སིལ་སིལ་གྱི་ལྡེ་མིག་གིས་གློ་སྒོ་ཕྱེ་སྟེ་ནང་དུ་བཏང་།  བདག་ལ་མཚོན་ན་འདི་ནི་དགོན་འདིར་ཐེངས་གཉིས་པའི་མཆོད་མཇལ་ཡིན།   ཐོག་མའི་མཆོད་མཇལ་ནི་ལོ་འགའི་ཡར་སྔོན་དུ་རང་དགོན་པའི་དོ་དམ་ཁང་གི་འགོ་གཙོ་ལ་བསྡད་པའི་སྐབས་སུ་བསྟན་བདག་བླ་མའི་ཐུགས་བཀོད་བཞིན་གཉན་ཐོག་ན་ཡོད་པའི་ཁོང་གི་ནང་ཆེན་གྱི་སྒོ་འདི་འདྲ་ཞིག་གིས་དགོན་པའི་ཆོས་རའི་སྒོ་ཆེན་ཡང་འགྲིག་འདུག་ཅེས་པའི་གསུང་ལྟར་རང་གིས་དོ་དམ་ཁང་ལ་སྙན་སེང་དང་གྲོས་ཁ་བཏོན་པ།   བླ་མའི་གསུང་གིས་བསྐུལ་བ་སོགས་ཞུས་པ་ལྟར་དོ་དམ་ཁང་གི་མི་སྣ་རྣམས་མོས་མཐུན་གྱིས་དོ་དམ་ཁང་གི་ཀྲུའུ་རིན་གཞོན་པ་བློ་བཟང་བཤད་སྒྲུབ་ངེད་གཉིས་ཀྱིས་མཚེས་མགུར་དུ་ཤིང་བཟོ་འཚོལ་དུ་སོང་སྟེ་གཏན་འཁེལ་བ་བྱུང་།   དེའི་རྗེས་སུ་ནམ་རྒྱུན་བྱ་བ་གང་ཡོད་ལ་རང་གིས་འབད་འབུངས་ལྷག་མེད་བྱེད་པའི་ཁུལ་བགྱི་བའི་དུས་སུ་སྐབས་ཤིག་དུས་ཚོད་རང་བཞིན་དུ་བུད་པས་གཅན་ཚའི་མ་ཎི་ཞེས་པའི་དགོན་པར་མཇལ་དུ་ཐོག་མར་སོང་བ་ཡིན།   འདི་ནི་ཞོར་འཕྲོས་སུ་སོང་ཡང་ཐོག་མར་མཇལ་བའི་གཏམ་རྒྱུད་དུ་འགྱུར་ཐུབ་པས་བསྡུས་ཙམ་འདིར་སྤེལ་བ་ལགས།  འདུ་ཁང་གི་ཀུན་དགའ་ར་བ་ནི་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་ཏེ།   རང་ཉིད་འདུ་ཁང་གི་ནང་དུ་ཁ་ཡར་འཁོར་གྱིས་གྲལ་མགོར་མཇལ་དུ་སོང་བ་ཡིན་ན།  རང་གི་གཡོན་དུ་མགོ་གཟུགས་དགོས་པས་ན། གྱན་དང་བོའི་ནང་དུ་གསེར་མདོག་གི་འོད་ཀྱིས་འཁྱུད་པའི་མ་ཎི་འཁོར་ཆེན་གཅིག་བཞུགས་པ་དང་དེ་ནི་སྲུང་མ་མགོན་པོ་ཆོས་དྲག་པ་ལ་བཞུགས།  དེ་ནས་མཇལ་ས་གྱན་གཉིས་པའི་ནང་དུ་སྐུ་ཡི་རྟེན་ལ་ཇོ་བོ་ཡིད་བཞིན་ནོར་བུ་མི་ཚད་ཅན་བཞུགས། རྗེ་བཙུན་འཇམ་པའི་དབྱངས། རྗེ་བླ་མ་བློ་བཟང་གྲགས་པའི་དཔལ།   བྱང་ཕྱོགས་སྐྱོང་བའི་ནོར་བདག་རྣམ་ཐོས་སྲས་སོགས་ཁྲི་གང་ལས་མི་ཆུང་བ་སོགས་བཞུགས།  དབུས་ཀྱི་གདོང་གྲལ་གྱི་གྲལ་མགོར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཕྱག་འཁོར་ནང་རྟེན་དུ་བཞུགས་པའི་མ་ཎི་འཁོར་ཆེན་དང་མདུན་དུ་ཆོས་རྗེ་ཁོང་གི་སྐུ་བརྙན།  སྒྲོལ་ལྗང་བཅས་བཞུགས་ཤིང་མཇལ་འཕྲལ་ཙམ་དུ་ལོ་རྒྱུས་རྣམ་ཐར་ལས་བྱུང་བའི་སྔོན་གྱི་སྐྱེས་ཆེན་ཚོའི་ཐུགས་སྟོབས་དང་སྐུ་ཚེགས་ཀྱི་རིམ་པ་རྣམས་རྨོངས་བློར་འཆར་བ་ཙམ་གྱིས་སྐད་ཅིག་མ་ཙམ་གྱི་ཡུན་ཚད་ལ་དད་པ་ཞིག་དང་ཡང་ན་བཤད་མི་ཤེས་པའི་ཚོར་བ་གློ་བུར་བ་ཞིག་གིས་བསྣུན་ཡོང་།   དེ་ནས་རིམ་བཞིན་གྱན་བཞི་བའི་ནང་དུ་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་དང་གྱན་ལྔ་བའི་ནང་དུ་ཡང་མ་ཎི་འཁོར་ཆེན་ཞིག་བཞུགས།  མ་ཎི་འཁོར་ཆེན་གསུམ་ག་ཆུ་འཁོར་རང་ཡིན་པ་དང་ཉིན་མཚན་ཀུན་ཏུ་ཆད་མེད་ཀྱིས་འཁོར་བ་རང་རེད།  དེ་ལྟར་དུས་ཡུན་ཧ་ཅང་ཐུང་བའི་སྐབས་ཤིག་ཏུ་མཇལ་ཏེ་སེམས་བསྐྱེད་གསོལ་འདེབས་དང་། མཎྜལ་ཕུལ་ཏེ་སྨོན་ལམ་དང་བླ་མ་བརྟན་བཞུགསསོགས་ཞུས་ཤིང་འགྲོ་གྲོགས་ཐུན་མོང་གིས་དགོན་པ་སོ་སོར་མཆོད་མེ་དབུལ་རྒྱུ་ལྟར་འདིར་ཡང་མར་མེ་ཕུལ་ཏེ་གཤིན་གསོན་ཀུན་ལ་སྐྱབས་འཇུག་བཅོས་མིན་གྱིས་ཞུས།   

 


གྱང་ལྡེབས་སུ་གསར་བྲིས་ལྟ་བུའི་ཚོན་གྱིས་འབྲི་ལུགས་ལ་སྔར་བྲིས་ཀྱི་ཉམས་ཀྱིས་གནས་བརྟན་བཅུ་དྲུག  རྒྱལ་སྲིད་སྣ་བདུན། མཆོད་པའི་ལྷ་མོ་ལྡེབས་བྲིས་མི་ཚད་ཀྱི་ཚད་སོགས་བཞུགས།  ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོའི་ཆེན་པོ་རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གི་དྲུང་ཆེན་ཆོས་དཔལ་རྒྱ་མཚོས་གནང་བའི་ཕྱག་བྲིས་བསྟར་མ་སོགས་བཅས་ལ་མཇལ་གྲུབ་ཅིང་།  འདུ་ཁང་གི་ཕྱི་ནང་གི་བཀོད་པ་མཛེས་ཤིང་ཉི་འོད་ཀྱིས་བརྒྱན་པའི་གསེར་ཏོག  གསེར་ཟངས་ཀྱི་བྱ་འདབ།  གཡུ་གྱོའི་མདའ་ཡབ།  བཀྲ་ཤིས་རྟགས་མཚན་བརྒྱད་ཀྱིས་སྤྲས་པའི་ཁང་རའི་སོ་ཕག  ཁྱམས་འོག་གི་ཀྭ་ཐུམ་སོགས་མ་ལུས་པས་དད་པའི་རྐྱེན་ལ་བསོད་ནམས་ཀྱི་ཚོགས་འཕེལ་བའི་དགེ་གནང་ངོ་།།  

 

འདུ་ཁང་རང་གི་གཡས་ཕྱོགས་སུ་གཙུག་ལག་ཁང་ངང་མ་ཎི་འཁོར་ཁང་གང་ཡིན་མ་ངེས་པ་ཡོད་ཀྱང་མཆོད་མཇལ་མ་ལོན།  དགོན་པའི་གྲྭ་བཙུན་རྣམས་བཞུགས་ཀྱི་ཆ་ནས་འདུ་ཁང་གི་ཕྱོགས་ཕྱོགས་སུ་ཁང་མིག་གི་རྣམ་པ་མང་དུ་ཡོད་པ་དེ་ཡིན་པར་སེམས་ལ།  བཙུགས་ཤིང་ར་བ་དང་མ་ཎིའི་འབབ་ཆུ།  བསང་གཏོང་ས་ཆེ་ཆུང་གཉིས་དང་བདུག་སྤོས་ཕུལ་ས།   མར་མེ་འབུལ་ས་བཅས་ཕྱི་ལོགས་སུ་བཀོད།  སེར་རྩི་བྱུགས་པའི་ཕྱི་ར།  ཉིས་ཐོག་ཅན་གྱི་སྒོ་ཆེན།  དར་མོ་ཆེ།  རྡོ་ཀ་མ་རུ་པ་ལས་གྲུབ་པའི་རྒྱ་ནག་གི་ཐང་བཙུན་པའི་བཞེངས་སྐུ་སོགས་བཞུགས།  

 

མ་ཎི་ཆུ་འཁོར་གྱི་འཁོར་ཆུ་འབབ་པར་མཇལ་དུས་འདོད་དགུའི་ཆར་འབ་མ་བཏོན་ཏེ་མཆོད་གསུམ་འཕངས་ཤིང་དེ་ནས་ཁ་ལ་མྱངས་ཤིང་སྨན་གཟུངས་བཏོན་ཏེ་ཁ་ལག་བཀྲུས་ཤིང་མཇུག་ཏུ་མཉམ་པར་བསྐྱོན་ཏེ་བྲག་བྱ་ཁྱུང་དུ་ཆས།

 

བོད་གངས་ཅན་གྱི་སྒ་རིག་པའི་བསྟན་བཅོས་ལེ་ཚན་འགའ་ཕྱོགས་བསྡུས་བཞུགས་སོ།།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2003.12.p18 

རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ།ཆོས་རྫོང་ར་བ་དཀར་བོའི་དཔེ་ཚོགས་རྩོམ་སྒྲིག་ཁང་།པོད་ག་བ།p119 

སྐྱབས་རྗེ་མ་ཧྰ་པཎྚི་ཏ་༧བླ་མ་རྡོ་རྗེ་འཆང་ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ་བཞུགས་སོ།།(གླེགས་བམ་གསུམ་པ།)མི་རིགས་དཔེ་སྐྲུན་ཁང་།   2004.7. p151 


版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!



卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章