ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
—习近平
ཐོལ་བྱུང་གི་སྐྱོ་མགུར།
ཐེ་བོ་དཀོན་སེང་།
བྱམས་སྙིང་རྗེའི་བདག་པོ་སྤྱན་རས་གཟིགས།།
བློ་མཁྱེན་པའི་གཏེར་བདག་འཇམ་པའི་དབྱངས།།
མཐུ་ནུས་པའི་དབང་བོ་གསང་བའི་བདག།
རིགས་གསུམ་འདུས་ལྷ་དེས་དགེ་ལེགས་སྩོལད།།
དབྱར་ཕ་མ་འདྲ་བོ་འཇབ་ནས་བྲོས།།
སྟོན་ལྗོན་པའི་ལོ་འདབ་ལྷགས་པས་འཁྱེར།།
རྩྭ་འཇག་མས་འདར་འདར་ཤིག་གླུ་གྱེར།།
འབུ་སྦྲང་མའི་གཤོག་རྩལ་གཉོམ་བཞིན་འཆི།།
རི་ལུང་བའི་བཀྲག་མདངས་ཀུན་ནས་ཉམས།།
ཤྭ་དགོ་བས་སྡུག་སྐད་ལྷང་ལྷང་གྲག།
དགུན་རྒྱ་སྟག་ངར་མ་འཆར་ལ་ཉེ།།
ས་དོག་མོའི་མཛེས་ཉམས་བད་ཀྱིས་བཅོམ།།
བུ་བུ་མོའི་འཛུམ་མདངས་དབྱིངས་སུ་ཡལ།།
བྱ་ཁུ་བྱུག་སྐད་སྙན་བག་ལ་ཞ།།
རྫ་མཐོན་པོའི་དབུ་འཕང་ཁ་བས་མནན།།
གངས་ཁ་བའི་བང་རིམ་བཙག་གིས་གཏོར།།
སེང་དཀར་མོའི་མལ་ས་ཁྱི་ཡིས་བཟུང་།།
ཆུ་གཙང་པོའི་བཞུར་སྒྲ་ཇེ་ཆུང་རེད།།
ཉ་གསེར་མིག་འཁྱུག་རྩལ་འཁྱག་གིས་འགོག།
འབྲོང་དར་མའི་ལུས་སྟོབས་ཇེ་ཞན་རེད།།
འཕར་སྤྱང་ཚོགས་འདུར་རྒྱུག་ཇེ་མང་རེད།།
འབྲོག་སྒོ་ཕྱུགས་གྲངས་འབོར་ཇེ་ཉུང་རེད།།
རོང་ཞིང་ས་ཐན་པས་ཇེ་སྐམ་རེ།།
དུས་གནམ་གཤིས་འགྱུར་མདོག་ཇེ་སྡུག་རེད།།
ཆོས་གཤའ་མ་བྱེད་མཁན་བརྩི་ཐང་ལས།།
སྲིད་འབྱོར་བའི་ངོ་སོ་ལྡབ་ཀྱིས་མཐོ།།
ཆོོས་སེར་བོའི་དཔུང་སྡེ་གཉོམ་ཞིང་ལྷུང་།།
སྲིད་འཇིག་རྟེན་རྒུད་པའི་སྔ་ལྟས་ཤིག།
ཆོས་ཆོས་པའི་ས་ནས་ཉམས་ཤིང་རྒུད།།
སྲིད་སྐྱ་བོས་མ་འཇོན་དབུལ་ཞིང་ཕོངས།།
སྲིད་ཁ་ལ་འཁྱེར་ནས་ཆོས་སྲོལ་བསྣུབས།།
ཆོས་འཇིག་རྟེན་གང་ཡང་མ་འཁྱོངས་འདས།།
བྱ་རྒོད་པོའི་གཤོག་ཡ་རླུང་གིས་བཅད།།
མཛོ་ཁྱུང་དཀར་རྨོ་ཡ་ཤན་པས་བཤས།།
བྱ་འུག་པས་ཐན་སྐད་ཇེ་མཐོ་རེད།།
མི་བཟང་པོར་རྐྱེན་ངན་རླུང་འཚུབ་རྒོད།།
ལུས་ཕུང་ཁམས་འབྱུང་བཞི་འཁྲུགས་པས་མནར།།
སེམས་གསལ་རིག་ཆགས་སྡང་མུན་པས་བསྒྲིབས།།
དུས་ལོ་ཟླ་གཞན་དབང་རྐྱང་བའི་ཁྲོད།།
རང་མོས་པའི་འདུན་མ་ནམ་ཞིག་འགྲུབ།།
ཕྱི་དགྲ་བོའི་བཙན་གྱིས་མཐའ་ནས་གཅུན།།
ནང་མུན་འཐོམས་མང་པོས་ནང་ནས་བཤིགས།།
རེ་བཞག་སས་རང་ཚུགས་མ་ཟིན་འགྱུར།།
རང་རོགས་གཅེས་ཐམས་ཅད་རེ་ཐག་ཆད།།
དུས་རྙིང་བའི་སྲོལ་བཟང་མ་ཟིན་ཤོར།།
དུས་གསར་དར་སྔོན་ཐོན་རྗེས་མ་ཆོད།།
བུ་གསར་མ་རྙིང་གི་བར་ལྷག་ནས།།
བུ་འདི་ལྟར་རྒས་ན་ཀྱེ་ཧུད་སྐྱོ།།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!