རྟོག་གྲོལ་ཡོན་ཏན་གྱིས་རང་ལ་གྲོས་སུ་བཏབ་པའི་སྐྱོ་མགུར་ཚིག་གསུམ།

文摘   2024-10-11 09:51   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台



国泰民安!世界和平!

树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力

—习近平

སྐྱོ་མགུར་ཚིག་གསུམ་མ།

སྐྱབས་དམ་པ་རྩ་གསུམ་ལྷ་ལ་འདུད།།

ལས་ཉོན་གྱི་འཁོར་བའི་འདམ་རྫོབ་ཏུ།།

སྡུག་བསྔལ་གྱིས་རྒྱུན་ཆད་མེད་པར་མནར།།

མ་རིགས་དྲུག་སེམས་ཅན་སྙིང་རེ་རྗེ།།


རྫ་བྲག་རི་མཐོན་པོ་སྨུག་པས་བཟུང་།།

རྩྭ་རྩི་ཤིང་སྨན་ཐོག་བད་ཀྱིས་བཅོམ།།

འབྲོང་གྲེ་སེར་སེམས་རྩ་སྡུག་གིས་ཟིན།།

ལས་དབང་གི་དར་རྒུད་སུ་ཡིས་འགོག།


གངས་དཀར་བོ་ཉི་འོད་ཚ་བས་བཞུས།།

སེང་དཀར་མོའི་གཡུ་རལ་རླུང་ལ་སྦུར།།

ལུས་རྩལ་དྲུག་ན་སོ་རྒ་བས་བཅོམ།།

སེང་ཁྱི་སར་ལྷུང་དུས་ཀུན་གྱིས་བརྙས།།


བྲག་དམར་པོ་གནམ་ལྕགས་ཐོག་གིས་གཏོར།།

སྟག་དར་མའི་ཐིག་ལེའི་གཟི་འོད་ཉམས།།

ཁའི་མཆེ་བཞི་རྣོན་པོ་བྲག་ལ་བརྡབས།།

སྟག་འདི་ལྟར་རྒས་ན་ཁྱི་དང་འདྲ།།


བྱ་ཁྱུང་ཆེན་གཤོག་རྩ་ནད་ཀྱིས་ཟིན།།

ཡར་འཕུར་སའི་ཨ་སྔོན་དུད་པས་ཁྱབ།།

མར་འབབ་སའི་བྲག་རི་ཐལ་བར་གྱུར།།

ཁྱུང་འདི་ལྟར་གྱུར་ན་འབྱུང་བྱ་འདྲ།།


རྩྭ་རྩི་ཤིང་ལྗང་ལོར་སྐྱོ་མདོག་ཤར།།

སྟོན་བརྒྱད་པའི་ཤིང་ལོ་ས་ལ་ལྷུང་།།

རྫ་མཐོན་པོ་དགུན་འཁྱགས་ཁ་བས་གཡོགས།།

འབྲུག་ཕོ་ཁྱུང་ངར་སྐད་བག་ལ་ཞ།།


སྐྱེས་པ་ནས་མི་རྟག་འཆི་བར་ངེས།།

འདུས་རྗེས་སུ་སོ་སོར་འབྲལ་བར་འགྱུར།།

དར་ཙམ་ནས་མར་ངོའི་ཟླ་བཞིན་རྒུད།།

བསགས་པ་ཀུན་མི་སྡོད་སྐད་ཅིག་འཛད།།


འཁོར་བ་ཡི་རང་མཚང་མ་རྟོགས་པར།།

ལོག་འཛིན་བཞིས་གདོན་ནས་བཅིངས་པ་འདི།།

སྤྲོས་བྲལ་གྱི་ལྟ་བ་གནམ་ལྕགས་ཀྱིས།།

རྨག་མེད་དུ་བྱས་ན་དགའ་བ་ལ།།


མདོ་སྔགས་ཀུན་འགལ་མེད་གྲོགས་སུ་ཤར།།

བདེན་པ་གཉིས་ཟུང་འབྲེལ་བཞག་པས་ཆོག།

ཐོས་བསམ་གཉིས་བསྒོམ་པའི་ཆེད་དུ་རྟོགས།།

བླ་མ་ཡི་བཀའ་བཞིན་སྒྲུབ་ནུས་ཤོག།


སད་སེར་གྱིས་བཅོམ་པའི་ལོ་ཟླའི་ཁྲོད༎ 

དཀའ་སྡུག་གི་མིག་ཆུ་གཙང་བོར་འདྲེས༎ 

འཁྲུལ་སྣང་ལ་ཨ་འཐས་མི་ཚེ་རྫོགས༎ 

གཉོམ་ཆུང་གི་སེམས་རྩ་འཁྱགས་ལ་འབྱར༎ 


ཆིག་ལབ་ལ་སྙིང་བོ་ཡེ་ནས་བྲལ༎ 

མཆོག་གསུམ་དང་ལས་འབྲས་དཔང་བཞག་སྟེ།།

རེ་དོགས་དང་རྣམ་རྟོག་རྒྱང་བསྲིངས་ནས༎

འཆི་མེད་ཀྱི་བཙན་ས་ཟིན་པར་ཤོག།


ཅེས་སེར་བྱེས་དགེ་བཤེས་རྟོག་གྲོལ་ཡོན་ཏན་རྒྱ་མཚོས་རང་ལ་གྲོས་སུ་བཏབ་པའོ།།

版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!


卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章