ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
国泰民安!世界和平!
树立中华民族共同体意识,坚定文化自信,促进文化繁荣,为民族复兴,国家强盛而不懈努力
——习近平
པཎ་ཆེན་རིན་པོ་ཆེ་སོགས་ལ་ཕུལ་བའི་ཞུ་ཡིག་དག་གི་མཆོད་བརྗོད།
ཀུན་མཁྱེན་འཇིགས་མེད་དབང་བོ།
ཕུན་ཚོགས་གསེར་གྱི་ངང་པ་བརྒྱས་བསྟེན་དཔལ་ལྡན་དྲི་མེད་ཡིད་བཞིན་མཚོར། །རྣམ་རྒྱས་ཐུགས་བསྐྱེད་ས་བོན་གྲུང་པོ་སྙིང་རྗེའི་ག་བུར་ཆུས་བརླན་པས། །རླབས་ཆེན་སྤྱོད་པའི་ཡལ་ག་ཁྱོན་ཡངས་ལེགས་བྱས་མེ་ཏོག་བཞད་པའི་རྩེར། །ཀུན་མཁྱེན་དམ་པའི་འབྲས་བུས་ཉེར་དུད་ཆོས་ཀྱི་རྒྱལ་པོ་རྒྱལ་གྱུར་ཅིག །བློ་བཟང་རྒྱལ་ཀུན་མཁྱེན་བརྩེའི་ཕུང་པོ་ནི། །དུས་མཐར་ངུར་སྨྲིག་གོས་ཀྱི་འཁྱུད་པ་ལ། །དཔལ་ལྡན་ཡེ་ཤེས་ཞེས་བྱའི་གྲགས་དཀར་གྱིས། །སྲིད་གསུམ་དབུགས་འབྱིན་གང་གི་ཞབས་པད་དྲུང་། ། མཐོང་བ་དོན་ལྡན་ཞལ་རས་ཉིན་བྱེད་ཀྱིས། །སྙིང་གི་ཆུ་མཚོར་དད་པའི་འདབ་བརྒྱ་པ། །འབུམ་ཕྲག་ཚར་དུ་དངར་བའི་གེ་སར་ལས། །ཞུ་ཡིག་རྐང་པ་དྲུག་པའི་གླུ་འདི་ལེན། །དེང་དུས་འཛམ་གླིང་མཁས་གྲུབ་མཐའ་དག་གི །མདུན་ས་གཅིག་གྱུར་ཆོས་སྲིད་འབྱོར་པའི་རླབས། །མང་འཁྲུགས་ལེགས་བཤད་རིན་ཆེན་འབྱུང་བའི་གནས། །བློ་གསལ་གདེངས་ཅན་བྱེ་བའི་བསྟི་གནས་སུ། །མཚན་དཔེ་འོད་བརྒྱའི་དྲ་བ་སྟོང་འགྱེད་སྐལ་བཟང་མོས་མཁར་འགོག་པ་མེད། །ཚངས་དབྱངས་འབྲུག་སྒྲའི་དཔལ་གྱིས་ཉེར་མཛེས་ལེགས་བཤད་ཆོས་ཆར་རྟག་ཏུ་འབེབས། །སྒྲིབ་བྲལ་ཡེ་ཤེས་སྤྲོས་པས་དབེན་ཀྱང་སྣ་ཚོགས་དངོས་པོའི་དེ་ཉིད་གཟིགས། །ཡོན་ཏན་རིན་ཆེན་ཚོགས་ཀྱིས་རྣམ་བཀྲ་བློ་བཟང་རྒྱལ་བསྟན་མཛེས་པའི་རྒྱན། །རྨད་བྱུང་དཔག་པར་དཀའ་བའི་རྣམ་ཐར་གྱིས། །བདེ་སོགས་བདག་པོ་ཐུབ་བསྟན་ལྷུན་པོའི་སྤོར། །རྩེ་བའི་གར་གྱིས་བློ་གསལ་ལྷ་ཕྲན་རྣམས། །ཀུན་དགའི་དཔལ་གྱིས་སྐྱོང་ཞིང་བཞུགས་ལགས་གྲང་། །འདི་ན་གང་གི་ཞབས་སྐྱེས་ནོར་བུའི་རྡུལ། །སྤྱི་བོར་ལྷུང་བས་སྐལ་བཟང་བྱས་གྱུར་ཀྱང་། །ཞལ་དཀྱིལ་ཟླ་ཤེལ་མངོན་དུ་མ་གྱུར་པས། །སྙིང་འདི་གདུང་བའི་མེ་ལྕེ་དག་གིས་བསྲེགས། །དེ་ལྟ་ནའང་ཁྱོད་སྐུའི་སྣང་བརྙན་དཀར། །དད་པའི་པིར་གྱིས་རང་སེམས་མེ་ལོང་དུ། །བྲིས་པའི་རི་མོའི་ལེགས་བྱས་མ་ཉམས་པ། །སྙིང་ལ་ཐོབ་པས་སྤྲོ་དགའི་མྱོས་པ་འཛིན། །དེང་དུས་ཐུབ་བསྟན་ཟླ་བ་ནི། །རྩོད་པའི་ཆུ་འཛིན་བླ་གོས་འཆང་། །བསྟན་འཛིན་རྒྱུ་སྐར་ཕྲེང་བ་རྣམས། །མྱང་འདས་ཆུ་ལྷའི་ཕང་པར་གཤེགས། །ཆོས་ཀྱི་ཚུལ་ལ་གཟུ་ལུམ་དུ། །རང་དགར་སྤྱོད་པས་འཚོ་བ་ཡི། །ངན་རྟོག་ལུང་བོང་ཚོགས་རྣམས་ཀྱིས། །ནོར་འཛིན་བཞིན་རས་དོག་པོར་བྱས། །ཀྱེ་མ་དུས་འདིར་རྒྱལ་ཀུན་འདུས་ཞལ་སྙིང་སྟོབས་མཆོག་གི་བདུད་རྩིའི་གཏེར། །ཕྱོགས་ལས་རྣམ་རྒྱལ་གྲགས་པའི་རྔ་སྒྲ་མ་ལུས་སྐྱེ་དགུའི་རྣ་བའི་དཔྱིད། །ཁྱོད་ཀྱི་འཕྲིན་ལས་བཅུ་གཉིས་བདག་པོའི་ངོ་མཚར་སྣང་བ་དང་བྲལ་ན། །ཐུབ་བསྟན་ནགས་ཀྱི་པདྨོའི་མཛེས་པ་ངེས་པར་ཟུམ་པ་ཉིད་དུ་འགྱུར། །དེ་སླད་གཞིག་བྲལ་རྟག་པའི་ཁྲི་ལ་འགྱུར་བ་མེད་པའི་ཞབས་བཀོད་དེ། །མཁས་རྣམས་སྙིང་གི་བདུད་རྩིའི་སྐྱེས་མཆོག་བཀའ་པོཏ་ཆེན་པོ་ལྔ་ཡི་གཞུང་། །སྒྲ་དང་སྙན་དངགས་བྲྀཏྟ་ཛ་ཏི་སྐར་རྩིས་མངོན་བརྗོད་རྒྱ་མཚོ་བཅས། །འཆད་དང་རྩོད་དང་རྩོམ་ལ་ཟླ་བྲལ་གྲགས་པའི་བ་དན་སྒྲེང་དུ་གསོལ། །མཐའ་དབུས་ཕྱོགས་ཀྱི་ནགས་ཀླུང་ཡངས་པར་བློ་བཟང་ཆོས་ཚུལ་མངལ་འཛིན་པའི། །མཁས་མང་མགྲིན་སྔོན་རེ་བའི་མིག་འབུར་ཐུགས་རྗེའི་སྤྲིན་ལ་གཏོད་བྱེད་ན། །ལུང་རིགས་གློག་ཕྲེང་དོ་ཤལ་གྱིས་སྒེག་ལེགས་བཤད་འབྲུག་སྒྲ་རོལ་བ་ཡིས། །རྒྱལ་དབང་གྲགས་པའི་མདོ་རྒྱུད་སྲོལ་ཆེན་རྫོགས་ལྡན་སྤྲིན་བཞིན་རྒྱས་པར་གསོལ། །བདག་ཀྱང་མགོན་པོ་ཁྱོད་ཀྱི་ཞབས། །བསྟེན་ལས་གསུང་གི་བདུད་རྩི་ནི། །ནམ་ཞིག་འཐུང་སྙམ་རེ་བའི་མེས། །སྙིང་གི་ཆུ་གཏེར་ཁོལ་བ་འཛིན། །སླད་དུ་འདྲེན་བྱེད་འོ་མའི་མཚོར། །གཟུགས་སྐུའི་ཟླ་ཤེལ་རོལ་པ་ལས། །བདག་བློ་ཆུ་བྱའི་མཛེས་མ་ནི། །ལེགས་བཤད་རྫ་རྔ་བརྡུང་བར་སྨོན། །གང་གི་བཀའ་དྲིན་གདུགས་དཀར་གྲིབ་བསིལ་དུ། །ཉེ་བར་འཚོ་བ་གང་དེས་ཕུལ་བའི་མཆིད། །ཨུཏྤལ་མཐིང་གའི་གེ་སར་བཞད་པའི་ངོགས། །སྤྱན་རས་བུང་བ་ཡུད་ཙམ་རོལ་བྱེད་ཅིང་། །སྙིགས་མའི་འདབ་བཟང་གིས་གཙེས་ཀླུ་དབང་བདག །བརྩེ་ཆེན་ཆུ་གཏེར་ཀློང་ནས་མི་འདོར་བའི། །བཀའ་ལུང་བཟང་པོ་ཡིད་ཀྱི་འདོད་འཇོ་བ། །རྟག་ཏུ་ཕན་པའི་རང་བཞིན་ཡང་ཡང་སྩོལ། །
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!