གླུ་ཚིག “ཕྱུག་པོའི་བུ་ཡི་ནུ་རིན་ཐེངས་གཅིག་རེད་”ཟེར་ན། བསོད་ཐར།

文摘   2024-11-12 21:41   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台




གླུ་ཚིག “ཕྱུག་པོའི་བུ་ཡི་ནུ་རིན་ཐེངས་གཅིག་རེད་”ཟེར་ན།



རྩོམ་འབྲི་བ།  ལྡོང་རོང་བསོད་ཐར།


གླུ་ཚིག་ནང་དུ་ཇི་སྐད་དུ།
“བུ་མོ་སྒྲོལ་མ་ཕྱུག་པོའི་བུ་ལ་མ་སྟེར། །
ཕྱུག་པོའི་བུ་ཡི་ནུ་རིན་ཐེངས་གཅིག་རེད། །”
      དེ་ཟེར་ན།   དགོད་རྒྱུ་ངུ་རྒྱུ་གཉིས་ཀ་ཡོད་ནི་ཞིག་མ་རེད་དམ།   ཀྱེ་ཀྱེ། དུས་དེང་སང་གླུ་བ་ཤེས་མེད་ལ་གླུ་ཚིག་འཆོལ་མེད་པ་འདི།  གྲོང་དང་ལུང་དུ་ཉུལ་བའི་ཁྱི་ཕོ་ཁྱོ་མོ་ཚོས་ཚང་བཅའ་བ་དང་གཉིས་སུ་མེད།  བསམ་བློ་ནི་མི་གཏོང་།  ངོ་ཚ་ནི་མི་ཤེས། གང་འདོད་འདོད་དུ་ལས། ཡིན་མདོག་མདོག་འདྲ་བྱེད།  ཟེར་བ་དེ་ཨེ་ཡིན་ན། གླུ་བ་སུ་ཡིན་དང་འབྲི་མཁན་སུ་ཡིན་ནི་མི་ཤེས། ཤེས་ཀྱང་དགོས་མ་ཆུང་ངུ་རུ་ཟད།

     “ཕྱུག་པོའི་བུ་ཡི་ནུ་རིན་ཐེངས་གཅིག་རེད་”ཟེར་ན།  ཕྱུག་པོའི་བུ་དེ་ནར་མ་སོན་པའི་བྱིས་པ་དམར་འབྱར་ཞིག་ཨེ་རེད།  དེ་ཡིན་ན་བུ་མོ་སྒྲོལ་མ་ཤ་ཚ། བྱིས་པ་མ་སྐྱེས་སྔོན་ལ་མ་ཡི་ཚབ་ཏུ་འགྲོ་རྒྱུ་རེད། འདིའི་ལུགས་འདི་ཁྱེད་ཚོས་གསར་བཏོད་བྱས་པ་ཨེ་ཡིན།  དེ་ཡིན་ན་མི་སྲིད་སྲིད་པ་ཞིག  མ་རེད།  བུ་མོ་སྒྲོལ་མ་ཕྱུག་པོ་ཚང་ལ་གནས་སུ་སོང་རྗེས།  རང་གི་བྱིས་པ་ལ་ནུ་མ་བསྣུན་དགོས་རེད།  དེ་ལ་རིན་པ་ཞིག་དགོས་རེད། དེ་ལ་ནུ་རིན་ཐེངས་གཅིག་ཟེར་རེད་ཟེར་ན།  དེ་མྱི་ཡིས་སྐད་ཆ་བཤད་སྟངས་ཤིག་ཨེ་རེད།  ཨ་མས་རང་གི་བྱིས་པ་ལ་ནུ་རིན་མཐོ་དམན་གྱི་ལྟ་བ་ཞིག་ཨེ་ཡོད་ན། མ་རེད།  བུ་མོ་སྒྲོལ་མ་གནས་ལ་འགྲོ་དུས།   འགྲོ་སའི་ཕྱུག་པོ་བུ་ལ་ནུ་མ་ནུ་རུ་འཇུག་དགོས་རེད་ཟེར་ན།  དེ་འདྲ་བསྣུན་སྲོལ་རེ་ཡོད་དང་མེད། དེ་ཡོད་ནའང་དེ་འདྲའི་དམར་རྗེན་ཞིག་བཤད་ཨེ་ཉེན་ན།  ཡང་གཅིག་བཤད་ན་གོ་བ་ཁ་ཁ་བཟོ་ལོག་ཨེ་འགྲོ་ན།  དེ་ལོག་སོང་ན་ངོ་གདོང་དམར་པོ་བཟོ་རེད་ཨེ་འགྲོ་ན།   མ་ཟད་ཁྲིམས་མཐུན་ལུགས་མཐུན་ཅན་པོ་བཟོ་ཨེ་ཡིན་ན།  ཁ་དོག་སེར་པོ་བཟོ་གོ་ཨེ་འགྲོ་ན།  མིན་ཁྱེད་ཚོར་གོ་བ་ཁ་ཁ་འདྲ་ཡོད་ལེ་ཨེ་ཡིན།

    གང་ལྟར། སུ་ཡིན་གང་ཡིན་ནི་མི་ཤེས།  །གླུ་ཚིག་ཁྱད་མཚར་ཞིག་ཐོས་པས། །དགོད་ཞོར་འཕྱ་ཞོར་དུ་བྲིས་ཏེ། །“ནུ་རིན་ནུ་རིན་”འདྲ་ཟེར་དུས། །ངོ་ཡང་ཚ་མོ་འདྲ་བྱུང་སོང་། །

      2024/5/31ཞེས་ཀྱང་དར་མདོའི་མ་ལ་ཡ་ཞེས་པའི་བོད་ཟས་ཁང་ནས་རོགས་པ་ཞིག་ལ་ཁ་མཚར་དང་ལྷན་དུ་བྲིས

版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章