དབྱིན་ཇི་བ་ཞིག་གིས་བྲིས་པའི་བོད་ཡིག་ཡིག་གཟུགས།

文摘   2024-10-16 18:55   北京  


ཡང་རྒྱས་གོང་འཕེལ


ཡེ་ཤེས་ཀྱི་སྤྱན།

མ་ཧཱ་ཀཱ་ལ།

སིདྡྷི

ཨེ་ཝཾ།


འོད་ཐིག་ཅིག་སྒེའུ་ཁུང་བརྒྱུད་ནས་ལྕོག་ཙེའི་སྟེང་གི་ཁོ་ཧྥེ་པི་ཙིའི་སྟེང་ལ་ཕོག ཝེ་ཧེ་ས་ཁུལ་གྱི་སྔ་དྲོ་ནི་ནམ་ཡང་དེ་ལྟར་བག་ཕེབས་ཤིག་ཡིན། ཚེ་རིང་བཀྲ་ཤིས་ལགས་ཀྱིས་རྣམ་ཀུན་ལྟར་ཞལ་འདོན་དང་བསམ་གཏན་སྒོམ་རྗེས། ཉིན་གཅིག་གི་ཕྱག་ལས་གཉེར་འགོ་ཚུགས། ཁུ་སིམ་པའི་ལས་དོན་ཁང་འདི་རུ། ཉིན་ལྟར་སྨྱུག་རྩེ་ནས་བསམ་བློའི་རི་མོ་རྦབ་ཆུ་བཞིན་ཐོན།

བཀྲ་ཤིས་ཀྱིས་ཡིག་གཟུགས་འབྲི་བཞིན་པ།

བཀྲ་ཤིས་ནི་དབྱིན་ཇིའི་མི་ཡིན་ཞིང་། ཕ་མ་གཉིས་ཀ་སངས་རྒྱས་ཆོས་ལུགས་ལ་དད་པ་ཡོད་པའི་སྒྱུ་རྩལ་པ་ཡིན། རྣམ་ཀུན་ཆོས་པ་མང་པོ་ཞིག་ཁྱིམ་དུ་ཕེབས་ནས་ཁ་བརྡ་གནང་གི་ཡོད་པ་དེས་བཀྲ་ཤིས་ཀྱི་བསམ་བློའི་གོ་རྟོགས་སད་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཆུང་དུས་སུ། བཀྲ་ཤིས་ཀྱིས་རྟག་ཏུ་དཀྱིལ་ཀྲུང་བྱས་ནས་སྔོན་བྱོན་དམ་པ་ཚོའི་གསུང་ལ་བསམ་གཞིག་གནང་ཁུལ་བྱེད་ཀྱིན་ཡོད་ལ། དུས་དེ་ནས་བཟུང་ཁོ་པ་སངས་རྒྱས་ཆོས་ལུགས་ཀྱི་སྒྱུ་རྩལ་པ་ཞིག་བྱེད་རྒྱུའི་ཕུགས་བསམ་གྱི་ས་བོན་ཞིག་ཀྱང་སེམས་ཀྱི་ས་གཞིར་བཏབ།

ཧཱུྃ

ལྷག་པར་དུ་སྒྱུ་རྩལ་རིག་པའི་ཤེས་རམས་པའི་སློབ་གནས་ཐོབ་རྗེས། ཁོང་གི་མི་ཚེའི་ཁ་ཕྱོགས་སྔར་བས་ཁ་གསལ་དུ་སོང་། དགུང་ལོ་ཉེར་གཉིས་ལ་ཕེབས་སྐབས། ཁོ་པ་བཀའ་བརྒྱུད་པའི་ཆོས་སྒོར་ཞུགས་ནས་ཆོས་མིང་བཀྲ་ཤིས་ཞེས་པ་ཐོབ། དེ་ནས་མི་ལོ་བཅུ་དྲུག་རིང་ཁོང་གིས་བཙུན་པ་རྣམ་དག་ཅིག་བྱས་ནས་ཐོས་བསམ་སྒོམ་གསུམ་གྱིས་དུས་འདའ་བར་བྱས།

ཁོང་ན་རེ། གྲྭ་པ་བྱེད་འདོད་ཀྱི་བསམ་བློ་དེ་ང་རང་ལོ་བཅུ་གཅིག་སྐབས་ནས་བྱུང་། དེ་དུས་ཧྥ་རན་སིའི་དབུས་ལྷོའི་ཕྱོགས་སུ་སངས་རྒྱས་ཆོས་པའི་ལྟེ་གནས་ཤིག་ཡོད། ངས་དེ་ནས་བོད་ཀྱི་རིན་པོ་ཆེ་བགྲེས་པོ་འགའ་དང་མཇལ་བྱུང་། ཁོང་རྣམ་པའི་ཞི་དུལ་བག་ཡངས་དང་། གཏིང་དཔོག་དཀའ་བའི་མཁྱེན་རྒྱ་མཐོང་རྗེས། ང་རང་ཡང་ཁོང་རྣམ་པ་ལྟ་བུའི་གང་ཟག་ཅིག་བྱེད་རྒྱུའི་འདུན་པ་ཤུགས་དྲག་ཅིག་སྐྱེས་བྱུང་།

བཀྲ་ཤིས་འབྲུག་ཏུ་བཞུགས་སྐབས།

ད་ཆ་ངས་ཕྱིར་མིག་ཅིག་བལྟས་ཚེ། ངའི་ཡབ་ཡུམ་གཉིས་ཚུད་པའི་གང་ཟག་ཕལ་མོ་ཆེ་ཡ་མ་བརླ་འབའ་ཞིག་གི་ཁྲོད་དུས་འདའ་བར་བྱེད་བཞིན་འདུག ཁོང་རྣམས་དང་བསྡུར་ན་སློབ་གཉེར་འབའ་ཞིག་དོན་དུ་གཉེར་བའི་གྲྭ་པ་རྣམས་ནི་བདེ་སྐྱིད་ཤིག་རེད། གནས་ལུགས་དེ་ངས་ཆུང་དུས་ནས་ཤེས་པས། དེ་དུས་གྲྭ་པ་རྒན་པ་རྣམས་མཐོང་བ་དང་ངས་ཁོང་ཚོའི་ངུར་སྨྲིག་ཆོས་གོས་འཕྲོག་ནས་གྱོན་གྱི་ཡོད།

འོན་ཀྱང་དེ་དུས་ངས་ཕུགས་བསམ་དེ་གཞན་ལ་བཤད་ནུས་མ་བྱུང་། རྒྱུ་མཚན་གཙོ་བོ་ནི་མི་ཚོས་ང་ལ་གྲྭ་པ་བྱེད་རྒྱུའི་མཐུན་རྐྱེན་ཚང་མི་འདུག་ཅེས་ཟེར་གྱི་རེད་བསམ་མྱོང་། ངས་དེ་དུས་གང་ཟག་ཅིག་ལ་ངེས་པར་དུ་མཐུ་རྩལ་ཁྱད་པར་ཅན་ཞིག་མེད་ན་ཆོས་སྒོར་ཞུགས་ཆོག་གི་མ་རེད་བསམ་བཞིན་ཡོད། ཕྱིས་སུ་ངས་གཞི་ནས་ང་རང་གི་བསམ་བློ་དེ་ནི་བྱིས་པའི་བསམ་བློ་ཞིག་ཡིན་པ་གསལ་པོར་ཤེས།

སྐྱབས་འགྲོའི་ཕྱག་རྒྱ།

ཨ་དཀོན་རིན་པོ་ཆེས་སྔ་མོ་ཞིག་ནས་ང་རང་གྲྭ་པ་བྱེད་ངེས་པའི་ལུང་བསྟན་གནང་མྱོང་། ཁོང་ནི་ངའི་སློབ་དཔོན་ཡིན་ཞིང་ང་རང་ཆུང་བྱིས་པའི་དུས་ནས་ཁོང་གི་གཟིགས་རྟོགས་འོག་འཚར་ལོངས་བྱུང་བ་ཡིན་ཟེར་ཆོག ཏག་ཏག་ཁོང་གིས་ཇི་ལྟར་ལུང་བསྟན་གནང་བ་ལྟར་ཟླ་བ་འགའ་ཤས་ཀྱི་རྗེས་སུ་ངས་སྡོམ་པ་བླངས་པ་ཡིན། སྡོམ་པ་ལེན་པའི་སྐབས་སུའང་ངས་རིན་པོ་ཆེ་ཁོང་གིས་ཇི་ལྟར་མཁྱེན་པ་ཡིན་ནམ་སྙམ་ནས་ཡ་མཚན་དང་སྦྲགས་དད་པའི་མཆི་མ་འཁྲུག་འཁྲུག་ཏུ་བབས་བྱུང་།

དེ་དུས་ང་རང་སློབ་མཐར་ཕྱིན་མ་ཐག་ཡིན་པས། ནང་པའི་ཆོས་སྒོར་ཞུགས་པ་དེས་ང་རང་སྤྱི་ཚོགས་འཚོ་བའི་ལས་ཀ་འཚོལ་རྒྱུའི་གནས་ཚུལ་རྙོག་འཛིང་ཅན་དེ་དག་ལ་གདོང་གཏད་བྱེད་དགོས་མ་བྱུང་། དེ་ནི་ང་རང་ལ་མཚོན་ན་བདེ་སྐྱིད་ཆེན་པོ་ཞིག་རེད་ལ། ངས་ང་རང་ལ་སྐལ་པ་བཟང་པོ་དེ་འདྲ་ཞིག་མངོན་འགྱུར་ཡོང་བ་ཁ་ཞེ་གཉིས་མེད་ཀྱིས་ཤེས་བཞིན་ཡོད།

བཀྲ་ཤིས་ཆོས་སྒོར་ཞུགས་རྗེས།


སྡོམ་པ་བླངས་རྗེས་ཨ་དཀོན་རིན་པོ་ཆེས་ང་རང་ལ་ཆོས་ཁྲིད་གནང་བ་མ་ཟད། ཐ་ན་ཆོས་ཞྭ་དང་ཆོས་གོས་འཚེམ་དྲུབ་ཀྱི་ལག་རྩལ་སོགས་ཀྱང་བསླབས་གནང་བྱུང་། ཁོང་གིས་ང་ལ་ཤིན་ཏུ་དམ་པོ་གནང་གིན་ཡོད། ལས་ཀ་གང་ཞིག་གནང་ཡང་ཁོང་གིས་ཕུ་ཐག་ཆོད་པ་ཞིག་གནང་གི་ཡོད།

བཀྲ་ཤིས་དང་ཨ་དཀོན་རིན་པོ་ཆེ།

ངས་འཇམ་དཔལ་དབྱངས་ཡི་དམ་དུ་བསྟེན་ནས་སྒོམ་གྱིན་ཡོད། དེ་ཡང་ང་རང་ཡིག་གཟུགས་དང་མགྱོགས་ཀློག་སོགས་ལ་བརྩོན་དགོས་པས་སོ། ། ཆོས་གྲྭར་བསྡད་དུས་ང་རང་བོད་ཀྱི་གྲྭ་བཙུན་གྱི་འཚོ་བའི་ཕྱོགས་མང་པོ་ཞིག་ལ་སྤྲོ་བ་སླེབས་མྱོང་། དཔེར་ན་དེ་དུས་ངས་ཆམ་སོགས་ཆོས་ཀྱི་རོལ་མོ་དང་ཆོ་ག་ཕྱག་ལེན་སོགས་ཀྱང་སྦྱངས་པ་ཡིན། ཉམས་ལེན་ལ་རིམ་བཞིན་ཆ་རྒྱུས་བྱུང་བས་དགོན་པས་ང་རང་དབུ་མཛད་དུ་བཀོད་ནས་འབྲེལ་ཡོད་ཀྱི་ཆོ་ག་རྣམས་སློབ་ཁྲིད་བྱེད་ཁུལ་བྱས་པ་ཡིན། ངས་སྔ་རྗེས་སུ་སྔོན་འགྲོ་ཐེངས་གཉིས་ཞུས་ཤིང་བར་དུ་ལོ་གསུམ་ཟླ་གསུམ་གྱི་མཚམས་ཐེངས་གཅིག་ཀྱང་བྱས་པ་ཡིན།

བཀྲ་ཤིས་ཀྱི་རོལ་མོ་དཀྲོལ་བཞིན་པ།

ཕ་མེས་ནས་བརྒྱུད་པའི་སྒྱུ་རྩལ་བསམ་བློའི་མྱུ་གུ་ཞིག་བཀྲ་ཤིས་ཀྱི་སྙིང་དབུས་སུ་འབུད་འགོ་ཚུགས་པས། ཉིན་རེའི་སློབ་གཉེར་གྲུབ་རྗེས་ཁོང་གིས་སངས་རྒྱས་ཆོས་ལུགས་ཀྱི་རི་མོ་སྣ་ཚོགས་ལ་དོ་སྣང་གནང་།

ཁོང་ན་རེ། ཆུང་དུས་བཟུང་ཡབ་ཡུམ་གཉིས་ཀྱིས་ང་ལ་ཐང་ག་ལྟ་བུ་བོད་ཀྱི་སྒྱུ་རྩལ་རི་མོ་སྣ་ཚོགས་ལྟ་བར་ཁྲིད་ཀྱི་ཡོད། ང་རང་བསམ་ཡས་གླིང་དུ་འགྲོ་མྱོང་ལ། དེ་གའི་ལྡིབས་རིས་དང་རྒྱན་ཆ་རྣམས་ནི་ཡིད་དུ་འོང་བ་ཞིག་ཡིན་པས། བོད་ཀྱི་སྒྱུ་རྩལ་ནི་ང་རང་ལ་མཚོན་ན་ཤིན་ཏུ་སྙིང་ཉེ་བ་ཞིག་ཡིན།

འཇའ་རིས་སྤྲིན་པ།

བསམ་ཡས་གླིང་དུ་བོད་ཀྱི་སྒྱུ་རྩལ་པ་ཤེས་རབ་དཔལ་ལྡན་བཞུགས་ཡོད། ཁོང་གི་རྟག་ཏུ་བཀྲ་ཤིས་ལ་དགོན་པའི་ནང་གི་རྒྱན་རིས་སྣ་ཚོགས་བསྟན་གྱི་ཡོད། བཀྲ་ཤིས་ལགས་ཀྱིས། ང་རང་ཆུང་དུས་སུ་ཁོང་གི་ལས་དོན་ཁང་དུ་བསྡད་ནས་ཁོང་གིས་ཇི་ལྟར་ཐང་གའི་སྟེང་ལྷ་འདྲེ་རྣམས་འབྲི་བཞེངས་གནང་བར་ནན་གྱིས་ལྟ་ཞིབ་བྱེད་ཀྱི་ཡོད། ཁོང་གིས་བེད་སྤྱོད་པའི་ཚོན་མདོག་རྣམས་ནི་ཡིད་འོང་མཚར་སྡུག་ཅན་ཞིག་རེད།

ཟངས་མདོག་དཔལ་རི།


ལོ་འགའ་ཤས་ཀྱི་རྗེས་སུ། ལོ་བཞིར་སྒོམ་ལ་ཞུགས་སྐབས། བཀྲ་ཤིས་ཀྱིས་གསུང་རབ་བཤུ་འབྲི་བྱེད་འགོ་ཚུགས། དེ་ནས་བཟུང་ཁོང་གིས་ཉིན་མཚན་མེད་པར་ཤོག་བུའི་སྟེང་བོད་ཀྱི་ཡིག་གཟུགས་ཀྱི་གསང་བ་འཚོལ་རྙེད་བྱས།

ཁོང་ན་རེ། བོད་ཡིག་གསུང་རབ་བཤུ་འབྲི་བྱེད་རྒྱུ་ནི་ང་རང་ལ་སྦྱོང་བརྡར་ཁྱད་པར་ཅན་ཞིག་རེད། ང་ལ་སྒྱུ་རྩལ་གྱི་མིག་ཅིག་ཡོད་པས་བོད་ཡིག་རྣམས་ངས་སྒྱུ་རྩལ་གྱི་རྣམ་པ་གཞན་ཞིག་ཏུ་མཐོང་གི་འདུག ང་རང་ལ་མཚོན་ན་བོད་ཡིག་གི་མཛེས་པ་ནི་ཐང་ག་ལྟ་བུའི་སྒྱུ་རྩལ་གཞན་འགས་འགྲན་ཐབས་མེད་པ་ཞིག་རེད། དྲང་པོར་ཞུས་ན་ངས་ཆུང་དུས་ནས་བོད་ཡིག་ཤིན་ཏུ་མཛེས་པོར་མཐོང་གི་འདུག ང་རང་གྲྭ་པ་བྱས་རྗེས་ཡིག་གཟུགས་ཀྱི་རྩལ་ལ་ནན་གྱིས་སྦྱང་འདོད་ཡོད།

བསོད་ནམས་ཆེན་པོ།

ངས་རྣམ་ཀུན་ཁ་འདོན་དང་དཔེ་ཀློག་བྱེད་དུས། དཔེ་ཆ་རྙིང་པ་མང་པོ་ཞིག་གི་ཡི་གེ་རྣམས་ལོ་ཟླས་ཟད་ནས་མ་གསལ་པར་གྱུར་བར་མཐོང་དུས། སེམས་ནང་དེ་དག་དཔེ་བཤུས་བྱས་ནས་ཉར་ཚགས་བྱེད་རྒྱུའི་འདུན་པ་དྲག་པོ་སྐྱེས་ཡོང་གི་འདུག

ཕྱིས་སུ་བླ་མ་རྣམས་ཀྱིས་ཀྱང་ངའི་འདུན་པ་དེ་མཁྱེན་ནས། ཁྱོད་རང་བྱེད་འདོད་ཡོད་ན་དེ་ལྟར་བྱེད་ན་འགྲིག འདིར་ཟད་ལ་ཉེ་བའི་དཔེ་ཆ་བྲིས་མ་རྙིང་པ་ཞིག་ཡོད་པས། ཁྱོད་རང་གིས་དེ་བཤུས་ཞེས་གསུངས་བྱུང་། དེ་ནི་མ་ཧཱ་ཀཱ་ལའི་སྐོར་གྱི་དཔེ་ཆ་ཞིག་རེད། ངས་ལོ་གཅིག་སྤྱད་ནས་རྫོགས་པར་བཤུས་ནས་ད་བར་བེད་སྤྱོད་བྱེད་བཞིན་ཡོད།

དུས་གསུམ་ཀུན་མཁྱེན་གྱི་སྤྱན།

བཤུ་འབྲིའི་ཁྲོད་དུས་ཚོད་དང་རིག་པ་གཉིས་ཀའི་མཐུན་རྐྱེན་གཅིག་ཏུ་འཛོམས་དགོས་ཀྱང་། བཀྲ་ཤིས་ཀྱིས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་ཁར་ཉེ་འཁོར་གྱི་གྲོགས་པོ་ཚོས་ཀྱང་རྟག་ཏུ་བསྟོད་བསྔགས་དང་ཡི་རངས་གནང་བས་སེམས་ཤུགས་ཀྱང་ཇེ་ཆེར་འཕེལ། དེ་ལྟར་ནན་ཏན་མཛད་མཐར་ཁོང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་བྱང་ཆུབ་པར་གྱུར།

ཆོས་རྣམས་ཡིད་ཀྱི་རང་བཞིན།

དེ་དུས་གློག་ཀླད་ཡིག་གཟུགས་ཐོན་མེད་པས། ཀུ་ཤུ་ཀུང་སིར་ང་རང་ཀློག་ཀླད་ཀྱི་བོད་ཡིག་ཡིག་གཟུགས་འཆར་འགོད་བྱེད་རྒྱུར་གདན་འདྲེན་ཞུས་པ་བཞིན་ང་རང་ཡང་ལས་ཀ་དེར་དགའ་ཞེན་ཡོད་པས་ཐོག་མར་ཁས་བླངས་པ་ཡིན། ངའི་དམུགས་ཡུལ་ནི་བོད་ཀྱི་སྐད་དང་ཡི་གེར་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། དེ་ནི་བོད་ཀྱི་རིག་གནས་ཀྱི་རྨང་གཞི་རེད།

ཡིན་ནའང་འཆར་འགོད་ཀྱི་ལས་ཀ་དེ་རྙོག་དྲ་ཆེན་པོ་ཞིག་རེད་འདུག ཁོང་ཚོས་རྣམ་གྲངས་དེར་ཁྱོན་བསྡོམས་ཆུ་ཚོད་ཉིས་སྟོང་ལྷག་དགོས་རེད་ཟེར་བས། ངས་དགོངས་པ་མ་ཞུས་རང་ཞུས་བྱུང་། ང་རང་ཚན་རྩལ་ཁོ་ནའི་གཡོག་པོར་འགྱུར་འདོད་མི་འདུག

ཧཱུྃ

༢༠༠༠ལོར། དགུང་ལོ་སོ་བརྒྱད་ལ་ཕེབས་པའི་བཀྲ་ཤིས་ཀྱིས་གྲྭ་ཆས་ཕུད་ནས་སྐྱ་སར་ཕེབས་ཏེ། བོད་ཡིག་ཡིག་གཟུགས་ཀྱི་སྒྱུ་རྩལ་པ་ཞིག་བྱས། དེ་དུས་ཨ་དཀོན་རིན་པོ་ཆེས་ཐུགས་ཕམ་ཆེན་པོ་གནང་གི་འདུག དུས་ཡུན་རིང་པོ་ཞིག་ནང་ང་རང་ཁོང་དང་འབྲེལ་བ་དམ་པོ་ཡོད་ཅིང་། ངའང་ཁོང་གི་དྲུང་ཡིག་བྱས་ནས་ཡོ་རབ་རྒྱལ་ཁབ་མང་པོར་འགྲོ་མྱོང་། འོན་ཀྱང་དུས་ཚོད་དེ་དག་ཏུ་ངས་ཁོང་དང་བར་ཐག་ཀྱང་ངེས་ཅན་ཞིག་བཟུང་གི་ཡོད། རྒྱུ་མཚན་ནི་ངས་སྔོན་ཆད་བླ་མ་ནི་ཉི་མ་བཞིན། ཉེ་ན་རང་ཉིད་སྲེག་ཉེན་ཡོད་ཅེས་པའི་གཏམ་ཞིག་གོ་མྱོང་།

སྟོང་ཉིད་ཀྱི་སེམས།

ང་རང་སྐྱ་སར་ལོག་པའི་རྒྱུ་མཚན་མང་པོ་ཞིག་ཡོད་མོད། རང་ངོས་ཀྱི་རྐྱེན་གཙོ་བོ་ཞིག་ནི། ང་རང་སྒྲིག་གཞིར་སུན་སྣང་སྐྱེས་པ་དེ་ཡིན། བསམ་ཡས་གླིང་ལྟ་བུ་རིམ་བཞིན་སྒྲིག་གཞིའི་ལས་ཁུངས་ཤིག་ཏུ་གྱུར་འདུག གནད་དོན་གཞན་ཞིག་ནི་ང་རང"འཇིག་རྟེན་ངོ་མ"ཞིག་ལ་གདོང་གཏད་བྱེད་འདོད་འདུག

དམིགས་སྒོམ།

ང་རང་གྲྭ་སར་བཞུགས་དུས་ནས་སློབ་ཁྲིད་བྱས་མྱོང་། དེ་དུས་ང་རང་ཡོ་རོབ་ཀྱི་ནང་བསྟན་ལྟེ་གནས་འགའ་ཤས་ལ་སོང་ནས་སློབ་མ་རྣམས་ལ་སྒོམ་དང་ཆོ་ག་སོགས་བསླབས་མྱོང་། འོན་ཀྱང་སྐབས་དེ་དག་ཏུ་ང་རང་ཁྲི་ཐོག་ལ་བསྡད་ནས་མདུན་གྱི་ཁྱིམ་པ་ཕོ་མོ་དེ་དག་ལ་ལྟ་སྐབས། ངས་རང་ཉིད་ནི་ཁྲམ་པ་ཞིག་རེད་བསམ་གྱིན་འདུག

ངས་ཁོང་ཚོར་མཛུབ་སྟོན་བྱེད་ཁུལ་བྱས་ཀྱང་། ཁོང་ཚོར་དངོས་ཡོད་ཀྱི་འཚོ་བའི་དཀའ་ངལ་ཅི་ཞིག་འཕྲད་བཞིན་ཡོད་པ་རྩ་བ་ནས་ཤེས་ཀྱི་མེད། དེ་ནི་ངས་ཟེར་བའི"འཇིག་རྟེན་ངོ་མ"ཞེས་པ་དེ་ཡིན་ཏེ། ངས་རང་གི་ཉམས་ལེན་ལ་བརྟེན་ནས་མངོན་འགྱུར་ཡོང་བ་རྣམས་དངོས་ཡོད་འཚོ་བའི་གནད་དོན་ཐག་གཅོད་ཡོང་རྒྱུར་ཕན་པ་བསྐྲུན་ཐུབ་ན་བསམ།

རྡོ་རྗེ་ཕུར་པ།


སྐྱ་སར་ལོག་རྒྱུ་ནི་བརྒྱུད་རིམ་དཀའ་ཚེགས་ཅན་ཞིག་རེད། ང་རང་ཐེངས་མང་པོ་ངུས་པ་ཡིན། དེ་ནི་རང་གི་ཡོད་ཚད་འཕྲོག་པ་ལྟ་བུའི་སྣང་བ་ཞིག་འདུག ཐེངས་དང་པོར་ཁྱིམ་པའི་འཚོ་བ་རོལ་དགོས་དུས། དངུལ་གསོག་པ་དང་བུ་ལོན་སྤྲོད་པ། ཁྲལ་བསྐྱལ་བ་ལྟ་བུའི་གནས་ཚུལ་མང་པོ་ཞིག་སྒོ་ནས་སྦྱོང་དགོས་བྱུང་།

དེ་དུས་འཇིགས་སྣང་ཡོད་ཀྱང་སྒོམ་ཉམས་ལེན་བྱས་མྱོང་བའི་བཀའ་དྲིན་གྱིས་རང་སེམས་རྣལ་དུ་ཕབ་པར་ཕན་པ་བྱུང་། དོན་དུ་ནང་བསྟན་སྒྱུ་རྩལ་པ་ཞིག་ལ་མཚོན་ན་རང་སེམས་གཅུན་རྒྱུ་ནི་ཆ་རྐྱེན་གལ་ཆེན་ཞིག་རེད།

སེམས།

ང་རང་དབྱིན་ཇིའི་ལོན་ཏོན་དུ་རྒྱུན་སྡོད་བྱེད་ཀྱིན་ཡོད། མི་ཞིག་སྒྱུ་རྩལ་པར་འགྱུར་དགོས་ན། ཁོ་ཐོག་མར་ལོན་ཏོན་དུ་འཚོ་བོ་བསྐྱལ་དགོས། རྒྱུ་མཚན་ནི་ས་ཆ་འདིར་འབྲེལ་འདྲིས་མང་པོ་ཞིག་བྱུང་གི་ཡོད། གལ་སྲིད་ཁྱེད་རང་ལོན་ཏོན་ནས་བྱས་རྗེས་ཤིག་བཞག་ཐུབ་ན། ཁྱོད་རང་འཛམ་གླིང་གི་ས་ཆ་གང་དུའང་ལས་ཀ་གྲུབ་ཆོག

ལོན་ཏོན་དུ་བསྡད་པའི་ལོ་དང་པོར། ང་ནི་སྒྱུ་རྩལ་པ་དབུལ་པོ་ཞིག་ཡིན། དེ་དུས་ལས་དོན་ཁང་གོང་དམའ་པོ་ཞིག་གླ་ན་བསྡད་པ་ཡིན། གྱང་ཟུར་ན་འཁྲུད་གཞོང་རྙིང་པ་ཞིག་མ་གཏོགས་གཟུགས་པོ་འཁྲུད་ཆས་ཀྱང་མེད། 

བཀྲ་ཤིས་ཀྱི་གསར་རྩོམ་གནང་བཞིན་པ།

དེ་དུས་ངའི་དངུལ་ཁུག་ནང་ཨ་སྒོར་རེ་གཉིས་མ་གཏོགས་མེད་པས། ཐེངས་ཤིག་ལྟོགས་ཐག་ཆོད་ནས་ཨ་སྒོར་གཉིས་ཀྱི་བག་ལེབ་ཅིག་མ་ཉོས་ཁ་མེད་བྱུང་། སྐབས་དེ་དག་ཏུ་ང་རང་དངོས་གནས་དཀའ་ངལ་ལ་ཐུག་བྱུང་།

བཀྲ་ཤིས་ཀྱིས་གསར་རྩོམ་གནང་བཞིན་པ།


ཐེངས་ཤིག བཀྲ་ཤིས་ཀྱིས་གྲྭ་ཆས་གྱོན་ནས་ལོན་ཏོན་གྱི་སུའུ་ཧོ་ཁུལ་དུ་བསྐྱོད་སྐབས། ཉིན་གཅིག་གོང་འབར་གས་བྱུང་ནས་མི་མང་པོ་ཞིག་ཤི་སྨས་བྱུང་བའི་སྐྱེས་པའི་ཨར་ཁང་ཞིག་གི་མདུན་དུ་སླེབས་པས། ཁོང་གིས་གས་ཧྲུལ་དེའི་མདུན་དུ་དཀྱིལ་ཀྲུང་དུ་བཞུགས་ཏེ་སྒོམ་བརྒྱབ། 

དུས་ཚུད་འགའ་ཤས་ཀྱི་རྗེས་སུ། མི་མང་པོ་ཞིག་ཁོང་གི་འགྲམ་དུ་འདུས་ཏེ། མི་རྟག་རྐྱེན་ངན་ཆེན་པོ་དེའི་མདུན་ནས་བྱམས་སྙིང་རྗེ་སྒོམ། དེ་ནི་སྟེས་དབང་ལྷུན་གྲུབ་ཏུ་ཆགས་པའི་སེམས་གསོ་ཁྱད་པར་ཅན་ཞིག་རེད།

མི་རྟག་པ།

བཀྲ་ཤིས་ཀྱིས་ཕྱིས་སུ་དེ་ནི་ཁོང་གི་མི་ཚེའི་ལམ་ཚིགས་ཤིག་ཡིན་གསུངས། དུས་དེ་ནས་བཟུང་ཁོང་གིས་དེང་རབས་འཚོ་བའི་ཡོ་ལང་ཁྲོད་དཔའ་ངར་གྱིས་ཞུགས།

བཀྲ་ཤིས་ཀྱིས་དེང་རབས་པ་རྣམས་ཁེར་རྐྱང་ཆེན་པོ་ཞིག་གི་རྒྱ་རུ་ཚུད་ཡོད་པས། ཁོང་ཚོར་བོད་ཀྱི་རིག་གནས་ལྟ་བུས་སེམས་གསོ་བྱིན་དགོས། བརྒྱུད་རིམ་དེའི་ཁྲོད་ཡིག་གཟུགས་ཀྱིས་ནུས་པ་ཆེན་པོ་ཐོན་ཐུབ།

བྱང་སེམས།

ཁོང་ན་རེ། བོད་ཀྱི་ཡིག་གཟུགས་ནི་སེམས་ཀྱི་ལྡེ་མིག་ཅིག་ཏེ། གང་དེས་ང་ཚོའི་སེམས་ཀྱི་སྒོ་མོ་ཕྱེ་ཐུབ། ཆུ་ཚོད་གཅིག་གཉིས་རིང་བྱམས་སྙིང་རྗེ་དང་མི་རྟག་རྟེན་འབྲེལ་སོགས་ལ་བསམ་གཞིག་བྱས་ན། ང་ཚོས་ཉེ་འཁོར་གྱི་ཡོད་ཚད་ལ་གདོང་གཏད་བྱེད་རྒྱུར་ནུས་པ་ཆེན་པོ་བྱིན་ཐུབ།

རང་བྱུང་ཁམས།


སྔགས་ནི་བོད་ཀྱི་སྒྱུ་རྩལ་ཁྱད་འཕགས་ཅན་ཞིག་རེད། གང་དེས་སྒྲ་ཁོ་ནར་བརྟེན་ནས་མི་རྣམས་ལ་སེམས་གསོ་བྱིན་ནས་ཐར་ལམ་བསྟན་ཐུབ།

སྔགས།

༢༠༡༦ལོར། བཀྲ་ཤིས་ཀྱིས་རྒྱལ་ཁབ་མི་འདྲ་བའི་མི་བཅུ་དྲུག་ཁྲིད་ནས་སྔགས་ཀྱི་མཚམས་ཤིག་བཙུགས། ཉིན་རེའི་གསར་རྩོམ་གྱི་སྔོན་འགྲོའི་ཚུལ་དུ་ཁོང་ཚོས་སྒོམ་རྒྱག་གིན་ཡོད། བཀྲ་ཤིས་ཀྱིས་གསུངས་དོན་ལྟར་ན། ཡིག་གཟུགས་བརྩམས་ཆོས་རྩེ་གྲ་ཞིག་ནི་སྒོམ་གྱི་སེམས་ཁམས་ཡག་པོ་ཞིག་ནས་བྱུང་བ་རེད།

ཙེན།

ཁོང་གིས་ཁོང་ཚོས་མཎྡལ་མཛེས་པོ་ཞིག་འབྲི་རྒྱུར་བརྩོན་ལེན་བྱེད་བཞིན་མེད། དེ་ནི་ནང་སེམས་ལ་བརྟག་དཔྱད་བྱེད་སྟངས་ཤིག་ཡིན་གསུངས།

སློབ་ཁྲིད་དེ་མཇུག་སྒྲིལ་རྗེས། སློབ་མ་ཚོར་བསམ་གཞིག་མང་པོ་བྱུང་། ཁོང་ཚོས་དེ་ནི་ཡིག་གཟུགས་སྦྱོང་བརྡར་ཁོ་ན་མ་ཡིན་པར་ཁོང་ཚོའི་འཚོ་བར་ཕན་ཐོགས་ཆེན་པོ་བྱུང་གསུངས།

བསམ་གཏན་ཕྱག་རྒྱ།


བཀྲ་ཤིས་ཀྱི་བརྩམས་ཆོས་ལ་ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཁོང་གིས་དྲུང་པ་རིན་པོ་ཆེས་སྒོམ་གྱི་དག་སྣང་དང་ཡིག་གཟུགས་གཉིས་འོ་ཆུ་གཅིག་འདྲིས་གནང་ནས། གང་ཟག་གི་རྟོགས་པ་སད་སྟངས་དེར་དོ་སྣང་ཆེན་པོ་བྱས་མྱོང་གསུངས།

རང་བྱུང་ལྷུན་གྲུབ།

དེ་མིན་སི་ཏུ་རིན་པོ་ཆེས་ཁོང་ལ་ཡིག་གཟུགས་ཀྱི་རྣམ་གཞག་རྒྱས་པོ་ཞིག་ངོ་སྤྲོད་གནང་མྱོང་། དཔེར་ན་གསེར་ཡིག་ལྟ་བུ། འགའ་ཤས་ནི་ཉི་ཧོང་གི་ཡིག་གཟུགས་དང་ཡང་འདྲ་མོད། བོད་ཀྱི་བརྡ་སྤྲོད་དང་བསྟུན་དགོས་པས་ཆེད་སྦྱོང་ལ་བརྩོན་དགོས།

ཉི་ཧོང་གི་ཡིག་གཟུགས་ཨེན་སོ།

ཁོང་ན་རེ། གསར་རྩོམ་བྱེད་དུས་ངས་ཆེད་མངགས་ཡིག་གཟུགས་འབྲི་རྒྱུའི་སྨྱུ་གུ་ཁྱད་པར་དེ་འདྲ་སྤྱོད་ཀྱི་མེད། སྐབས་སྐབས་སུ་གྱང་ལ་རྩི་གཏོང་རྒྱུའི་ཕག་ཟེས་ཀྱང་འབྲི་ཆོག རྒྱུ་མཚན་ནི་དད་པ་ཞིག་སེམས་ཀྱི་ངོས་སུ་ཡོད་ན། ལག་ཆ་གང་ལ་བརྟེན་ན་ཡང་དེ་ཉིད་གང་སར་ཐོན་ཐུབ།

བཀྲ་ཤིས་ཀྱི་ཡིག་གཟུགས་དང་སྨྱུ་གུ


བོད་ཀྱི་རིག་གནས་ནི་འཛམ་གླིང་རིག་གནས་ཤིག་ཡིན་པས། བོད་རིགས་ཚོས་རང་བྱུང་ཁམས་དང་ཞི་བདེ་ངང་འཚོ་བཞིན་ཡོད། བོད་ཀྱི་རིག་གནས་ཁྲོད་ཚེ་སྲོག་ཡོད་ཚད་རིན་ཐང་ཅན་ཞིག་ཡིན་པས། བསམ་བློ་དེའི་སྐུལ་སློང་གིས་གང་ཟག་ཚོའི་འཚོ་སྟངས་ལའང་འགྱུར་བ་གཏོང་གི་ཡོད།

དེང་རབས་ཀྱི་མི་རྣམས་ལ་ཏག་ཏག་ཕྱོགས་དེ་འདང་མེད། དེང་གི་མི་རྣམས་ཁང་པ་རྫིག་པོ་དང་རླངས་འཁོར་མཛེས་པོར་བསྡད་ནས། འགྱིག་ཤོག་དང་སྣུམ་འདྲ་མིན་སྤྱད་ནས་ཁོར་ཡུག་གཏོར་བཤིག་བྱེད་རྒྱུར་གོམས་ཟིན།

བཀྲ་ཤིས་ཀྱི་ཡིག་གཟུགས་སློབ་ཚན།

ང་རང་དེ་སྔོན་ཨ་དཀོན་རིན་པོ་ཆེའི་སྤུན་མཆེད་ཅིག་གི་ཁྱིམ་དུ་གཟའ་འཁོར་འགའ་ཤས་བསྡད་མྱོང་། དེ་ནི་བོད་ཀྱི་འབྲོག་ཁུལ་དུ་ཡོད། ང་ཚོས་ཉིན་ལྟར་ཤ་ལ་ཚྭ་ཉུང་ཉུང་བརྒྱབ་ནས་བཙོས་ཏེ། རྩམ་པ་དང་བོད་ཇའང་ལྷན་དུ་བཟའ་ཡི་ཡོད། ནུབ་ཕྱོགས་པ་ཚོར་མཚོན་ན་བཟའ་བཏུང་དེ་ནི་བདེ་ཐང་ཞིག་མ་རེད། སྔོ་ཚལ་དང་ཤིང་ཏོག་ཟ་རྒྱུ་ཉུང་དྲགས་འདུག ཐོག་མར་ང་རང་ལའང་སེམས་ཁྲལ་དེ་འདྲ་བྱུང་།

སའི་གོ་ལ་ནི་བྱང་ཆུབ་སེམས་དཔའ་ཆེས་མཛེས་པ་ཉིད་དོ། །

འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། སྲོལ་རྒྱུན་གྱི་བཟའ་བཏུང་བྱེད་སྟངས་དེས་ངའི་ལུས་ལ་འཚོ་སྟོབས་ཆེན་པོ་རྒྱས་ནས་གདོང་པ་ཡང་བྱིས་པ་ལྟར་འཇམ་མཉེན་དུ་གྱུར་སོང་།

ཉམས་མྱོང་དེ་ལ་བརྟེན་ནས་ངས་བོད་ཀྱི་སྲོལ་རྒྱུན་ཟས་རིགས་ཀྱི་ཁྱད་ཆོས་ལ་བསམ་གཞིག་རྣལ་མ་ཞིག་བྱུང་། དེ་ནི་རང་བྱུང་ཁམས་དང་ཤིན་ཏུ་མཐུན་པའི་བཟའ་བཏུང་བྱེད་སྟངས་ཤིག་རེད་འདུག ངས་དེ་བརྒྱུད་ནས་གང་ཟག་དང་འཇིག་རྟེན་ཁམས། གང་ཟག་དང་ཟས་རིགས། གང་ཟག་དང་ཁོར་ཡུག་བཅས་ཀྱི་འབྲེལ་བའི་ཐད་ལ་ཉམས་མྱོང་གསོན་པོ་ཞིག་བྱུང་།

ཨེ་ཝམ།


ད་ཆ་བཀྲ་ཤིས་ནི་འཛམ་གླིང་ཐོག་སྙན་གྲགས་ཆེས་ཆེ་བའི་དེང་རབས་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་པ་ཞིག་ཏུ་གྱུར་ཟིན། ཁོང་གིས་སྣེ་ཁྲིད་ནས་རྒྱལ་སྤྱིའི་འགྲེམ་སྟོན་བྱེད་སྒོ་མང་པོ་ཞིག་འཚོགས་ཏེ། མི་རྣམས་ལ་འཚོ་བའི་ཡོ་ལང་ཁྲོད་སེམས་ཀྱི་ཞི་བདེ་འཚོལ་ཐབས་བསྟན།

བཀྲ་ཤིས་དང་སློབ་མ་རྣམས།

ཁོང་གིས། ངས་སྲོལ་རྒྱུན་ལ་གུས་ཕྱག་ཕུལ་འདོད། སྲོལ་རྒྱུན་ནི་དེང་རབས་ལ་མགོ་སྒུར་དགོས་རྒྱུ་ལྟ་ཞོག དེང་རབས་ཀྱིས་སྲོལ་རྒྱུན་འཕེལ་རྒྱས་ཡོང་རྒྱུར་རམ་འདེགས་བྱེད་དགོས། དེ་ནི་ངའི་གསར་རྩོམ་གྱི་དམིགས་ཡུལ་ཡིན་ལ། ཨ་དཀོན་རིན་པོ་ཆེས་རྒྱུན་པར་ང་ལ་"ནང་གི་སྙིང་པོ་མ་ཤོར། དེའི་ཁར་ནན་ཏན་བྱོས"ཞེས་གསུངས་པའི་སྙིང་པོའང་ངོ་། །

བཀྲ་ཤིས་ཀྱི་ཡིག་གཟུགས་བརྩམས་ཆོས།

དོན་དུ། བཀྲ་ཤིས་ཀྱིས་ཇི་ལྟར་ཡིག་གཟུགས་བརྒྱུད་ནས་མི་རྣམས་ལ་འཇིག་རྟེན་ལྟ་བའི་མིག་གསར་པ་ཞིག་འབྱེད་འདོད་པ་བཞིན། ད་ཆ་མི་རྣམས་ཀྱིས་ཀྱང་ཁོང་གི་རི་མོ་ལས་འཇིག་རྟེན་ཐུན་མོང་མིན་པ་ཞིག་མཐོང་ཐུབ།

བཀྲ་ཤིས་ཀྱིས་གསར་རྩོམ་གནང་བཞིན་པ།


ཚོགས་གཉིས།

པད་འདབ་སྟེང་གི་ཨ།

ཨོཾཨཱཿ ཧཱུཾ


ཕར་ཕྱིན་དྲུག

པར་ཁུངས། 
Tashi Mannox གི་དྲྭ་ཚིགས།
Interview with Tashi Mannox, Calligrapher, by the Mirror
Tashi Mannox,HOW STILLNESS ENHANCES CREATIVITY
རྒྱ་སྐད་དུ་སྒྱུར་མཁན། གཡང་མོ་བཀྲ་ཤིས།


Tashi Mannox
ཚེ་རིང་བཀྲ་ཤིས།

བོད་ཡིག་ཡིག་གཟུགས་ཀྱི་སྒྱུ་རྩལ་པ།

དབྱིན་ཇིར་འཁྲུངས། ཆུང་དུས་ནས་སངས་རྒྱས་ཆོས་ལུགས་དང་འབྲེལ་འདྲིས་བྱུང་། དགུང་ལོ་ཉི་ཤུར་རབ་ཏུ་བྱུང་། དགུང་ལོ་སོ་བརྒྱད་ལ་སྐྱ་སར་ལོག བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་རི་མོ་དང་མཐུན་པའི་ཡིག་གཟུགས་སྣ་ཚོགས་གསར་གཏོད་བྱས་ནས་རྒྱལ་སྤྱིའི་སྟེང་འགྲེམ་སྟོན་བྱེད་སྒོ་སྣ་ཚོགས་སྤེལ། མཚམས་དང་སྒོམ་སྒྲུབ་ཀྱི་ཉམས་ལེན་འཛིན་གྲྭ་བཙུགས་ནས་མི་རྣམས་ལ་ནང་སེམས་འཇིག་རྟེན་འཚོལ་རྟོགས་བྱེད་པའི་ཐབས་ཤེས་སློབ་བཞིན་ཡོད།


ཨ字耳钉


ༀ字白水晶耳坠


   
 


CHARU
ཆ་རུ། 迦入源于藏语,是一枚黑帐篷上的木扣子。社会企业|游牧可持续|博物馆|设计品牌心措
 最新文章