༡༩༨༠ལོའི་ཟླ༢པའི《རྒྱལ་ཁབ་ས་ཁམས།》མདུན་པར།
(པར་ཁུངས། དུས་དེབ《རྒྱལ་ཁབ་ས་ཁམས།》)
ངོས་རང་ཉེ་བའི་ལོ་ཁ་ཤས་ཀྱི་ཡུན་ལ་ཁ་བ་ཅན་པའི་ཡུལ་དུ་འཐག་ལས་ཀྱི་ལག་ཤེས་ལ་ཞིབ་འཇུག་བྱེད་པར་བསྐྱོད་པ་ཡིན་ལ། གྲོགས་པོ་དག་གིས་ཀྱང་འཐག་ལས་བྱས་པའི་དངོས་པོ་ཞིག་མཐོང་ཚེ་ང་ལ་ལྟད་མོར་སྤྱོན་གྱིན་ཡོད། གཙང་གསུམ་ཆུ་བོའི་མ་ལག་ཀུན་གྱི་འགོ་ཁུངས་མཚོ་བོད་ས་མཐོའི་ལུང་བ་སྒ་སྐྱེ་རྒུའི་ས་ཆ་ནས་ལག་སོན་བྱུང་བའི་རྒྱང་འཕེན་སྤྱོད་ཆས་ཀྱི་འཐག་དངོས་ཤིག་སྟེ། བོད་པ་རྣམས་དེ་ལ་འུར་རྡོ་རུ་འབོད་ཀྱིན་ཡོད། སྤྱིར་བཏང་ལྷོ་གླིང་འཛིན་མའི་ཡུལ་གྲུ་ཀུན་ཏུ་འུར་རྡོ་རིགས་ཤིན་ཏུ་མང་པོ་ཡོད་ན་ཡང་། སྒ་སྐྱེ་རྒུ་ནས་ལག་སོན་བྱུང་བའི་འུར་རྡོ་དེ་ནི་ངས་མཐོང་མྱོང་བའི་འུར་རྡོ་ཐམས་ཅད་ཀྱི་ནང་ནས་ཆེས་མཛེས་ཤིང་ལྟ་ན་སྡུག་པ་དེ་རེད། འུར་མཐིལ་གྱི་གཡས་གཡོན་དུ་ཤྭ་དང་འབྲུག་གི་རི་མོ་བསླེས་ཡོད་ཅིང་། དེ་ཡང་རྙོག་འཛིང་ཆེ་བས་ག་ལྟར་བསླེས་སམ་སྙམ་ནས་ཞིབ་འཇུག་གི་བློ་སྦྱོང་མང་པོ་ཞིག་ཟིན་སོང་།རྒྱང་འཕེན་སྤྱོད་ཆས་ཀྱི་ཐག་པ་འདིའི་བཟོ་དབྱིབས་ནི་ཐག་པ་གཞན་ལས་ཁྱད་དུ་འཕགས་ཤིང་དབྱེ་འབྱེད་ཀྱི་ཚད་ཧ་ཅང་མཐོ་བར་འདུག འུར་རྡོའི་ལྟེ་བ་ནི་ལྟེབས་ཁུག་ཅིག་སྟེ། དེ་ལ་འུར་མཐིལ་ཟེར་ཞིང་རྡོ་འཇོག་གནས་སུ་ཆེད་དུ་བཟོས་པ་ཡིན། འུར་མཐིལ་གྱི་གཞོགས་གཉིས་སུ་ཡ་མཆོག་དང་མ་མཆོག་ཅེས་ཐག་སྣེ་གཉིས་སུ་བཀར་ཡོད་ལ། དེ་གཉིས་ཀྱི་སྣེ་གཉིས་སུ་འུར་ལུང་དང་། འུར་ལྕེ་བཟོས་ཡོད་པ་ཞིག་རེད། འུར་མཐིལ་དང་འུར་ལྕེ། ཡ་མཆོག་དང་མ་མཆོག འུར་ལུང་སོགས་འུར་རྡོའི་སྟེང་གི་ཆོས་ཐམས་ཅད་ནི་མཁྲིག་མ་དང་མཛུབ་མོའི་བར་གྱི་འཐག་ལས་ཀྱི་ཤེས་རབ་ཅིག་རེད་ཟེར་རྒྱུ་ལས་སྨྲ་བསམ་བརྗོད་ལས་འདས་པ་ཞིག་རེད་དོ། །ང་ཚོའི་འུར་རྡོ་ཡར་ལ་ཕྱར་ཏེ་མདུན་རྒྱབ་ཀྱི་ངོས་དང་། གཡས་གཡོན་སོགས་ལ་བལྟས་ཏེ། འུར་རྡོའི་འཐག་ལས་ཀྱི་སྒྲིག་གཞིའི་གྲུབ་ཚུལ་ལ་བསམ་གཞིག་ཅིག་བཏང་ཆོགབོད་ཀྱི་ས་ཆ་ཕལ་མོ་ཆེ་ཞིག་ཏུ་འཐག་དངོས་འདི་ལ་འུར་རྡོ་ཟེར་ཞིང་། འུར་ནི་སྒྲའི་འབྱིན་སྟངས་ཀྱི་ཁྱད་པར་ཞིག་སྟེ། འུར་རྡོ་འཕེན་སྐབས་རླུང་ཤུགས་ཀྱིས་འུར་ལྟ་བུའི་སྒྲ་ཞིག་རྟ ག་པར་ཡོང་ག ཤིས། འུར་རྡོ་ཞེས་གྲགས་ཤིང་། རྡོ་ནི་རྡོ་བ་སྟེ། འུར་རྡོ་ཞེས་པ་ནི་རྗེས་གྲུབ་ཀྱི་མིང་ཞིག་ཏུ་ངོས་བཟུང་ན་འགྲིགཁྱེད་རང་ད་ལྟ་མདོ་དབུས་མཐོ་སྒང་དུ་སླེབས་ཚེ་འབྲོག་པ་ཚོས་འུར་རྡོ་རྟ་ལྕག་བྱེད་བཞིན་པ་དང་། འུར་རྡོས་སྒོ་ཟོག་འདོགས་ཀྱིན་པ། འུར་རྡོ་ཕྱར་བཞིན་སྒོ་ཕྱུགས་འདེད་བཞིན་པའི་སྣང་ཚུལ་མཐོང་ཐུབ་ལ། འུར་རྡོ་ནི་འབྲོག་པའི་ཕྱུགས་ལས་ཀྱི་ཆ་ཐམས་ཅད་ནས་མཐོང་བཏུབ་པའི་ལག་ཆ་ཞིག་ཡིན། འོན་ཏང་སྤྱི་ལོ་སྔོན་གྱི་༡༢༠༠༠ནས་༨༠༠༠སྐབས་ཀྱི་རྡོ་ཆས་གསར་མའི་དུས་སྐབས་སུ། འུར་རྡོ་ནི་གྲི་དང་མདའ་མདུང་། དབྱུག་པ་ལྕགས་གཟེར་ཅན་སོགས་མཚོན་ཆའི་ཁྲོད་ན་མངོན་གྱིན་ཡོད། སྐབས་དེར་གཞན་གྱི་སྲོག་ལ་རྒོལ་བའི་ཚེ་ན་ཡང་། རྡོའི་ཆེ་ཆུང་དང་དབྱིབས་ཚད་ངེས་ཅན་དུ་བྱས་ནས་གཟུ་བྱའི་ཡུལ་དེའི་མིག་དང་སྣ་གདོང་སོགས་ལ་གཟུས་ཚེ་སྲོག་ལེན་གྱི་མཚོན་ཆ་ཞིག་ཡིན་པར་འདུག་གོ།གཤམ་གྱི་གཡོན་ངོས་པར་རིས་སུ་གསལ་བའི་རྡོ་རིལ་བྱ་ཡི་སྒོང་བ་ཙམ་ཡོད་པ་དེ་འདྲ་འུར་མཐིལ་དུ་བཞག་ནས་འཕངས་ན་རྡོ་བ་མཁའ་དབྱིངས་སུ་འགྲོ་སྐབས་ཀྱི་འགལ་རྐྱེན་ཇེ་ཉུང་ལ་གཏོང་ཐུབ་ཅིང་། གཡས་ཕྱོགས་པར་རིས་སུ་གསལ་བའི་ལྕགས་བཟོས་མདེའུ་ལ་དེ་ལས་ཀྱང་ཟིལ་ཤུགས་ཤིན་ཏུ་ཆེ།སྐབས་འདིར་ང་ལ་དོགས་པ་ཞིག་སླེབས་སོང་། བརྒྱ་ལ་འུར་རྡོ་ནི་རྡོ་འཕེན་བྱེད་ཀྱི་ལག་ཆ་རྐྱང་བ་ཙམ་དུ་སོང་ཚེ། ཅི་སླད་དུ་འུར་རྡོའི་སྟེང་ལ་འབྲུག་རིས་དང་རྨ་བྱ། མེ་ཏོག་སོགས་ཀྱི་འཐག་རིས་གཟབ་ནན་གྱིས་འཚེམ་དགོས་པ་ཡིན་ནམ། ལྷག་དོན་ཟད་སླ་སའི་ངོས་གཉིས་ཆར་ལ་རི་མོ་བསླེས་ཡོད་དོན་ག་རེ་ཡིན་ནམ།འུར་རྡོའི་སྟེང་གི་ཆེས་མཛེས་པའི་འཐག་རིས། འབྲུག རླུང་། ཤྭ་བ་བཅས།དོགས་པ་འདིའི་ལན་འཚོལ་སླད། ང་རང་ཆེད་དུ་སྒ་སྐྱེ་རྒུའི་བྱམས་དང་ཤེས་རབ་ལ་ཐུགས་འདྲིས་ཆེ་བའི་དགེན་བསོད་ནམས་བཀྲ་ཤིས་ཀྱི་སྐུ་དྲུང་དུ་བཅར་ཞིང་། དགེན་ལགས་ཀྱི་འུར་རྡོ་མང་པོ་ཉར་ཚགས་བྱས་འདུག་པས་མིག་རྒྱ་ཐེངས་ཤིག་སྐྱེད་འདོད་ཀྱི་འདུན་མས་ཀྱང་རབ་ཏུ་བསྒུལ། དགེན་ལགས་ཀྱིས་གསུང་རྒྱུར། འུར་རྡོ་ལ་བྱེད་ནུས་མང་དུ་ཡོད་དེ། དཔེར་ན་ཆོས་ལུགས་ཀྱི་ངོས་ནས་བཤད་ན་མོ་ཆས་ཀྱི་རྫས་ཁྱད་པར་བ་ཞིག་དང་དགྲ་ལྷའི་གོ་མཚོན་བརྒྱད་ཀྱི་ཡ་གྱལ་ཞིག་གོ། འུར་རྡོ་ནི་ང་ཅག་བོད་ཀྱི་འབྲོག་པ་ཚོའི་དན་རྟགས་ཤིག་ཡིན་ལ། ད་ལྟ་འབྲོག་པ་མང་པོ་ཞིག་གིས་ཕྱུགས་འཚོ་བཞིན་མེད་ན་ཡང་། གང་དུ་གཞིས་ཆགས་པའི་ཁྱིམ་རེ་རེར་འུར་རྡོ་རེ་བཀལ་ནས་འདུག་ལ། དེས་ནི་ཤིན་ཏུ་བཀྲ་ཤིས་པ་མཚོན་གྱི་ཡོད། འུར་རྡོ་ནི་ཤེས་རབ་དང་ལྡན་པའི་སྤྱོད་ཆས་ཤིག་ཡིན་པས། མནོལ་ཚེ་བཀོལ་ན་ཡང་ནོར་འཕྱུག་ཐེབས་ངེས་པས། ནམ་ཡང་མཐོ་ས་དང་ས་གཙང་སར་འཇོག་དགོས།དེའི་ཕྱིར་འབྲོག་པ་ཚོ་གང་དུ་འགྲོ་ན་ཡང་འུར་རྡོ་ལ་དང་དོད་ཆེན་པོ་བྱེད་ངེས་ཤིང་། གང་འདོད་དུ་ས་རུ་ཡང་མི་འཇོག ཁྱིམ་གྱི་མཐོ་སར་འགེལ་བ་ལས་མ་གུས་པའི་སྣང་ཚུལ་གང་གིས་ཀྱང་མི་བརྫི། གལ་སྲིད་གདོན་འདྲེས་བརླམས་པའི་གནས་ག་ཤེད་ཅིག་ཏུ་འགྲོ་དགོས་པ་ཤར་ཏེ། བརྒྱ་ལ་གནས་དེར་མཚན་མོ་ཉལ་ཡང་དགོས་པ་ཡིན་ན། འུར་རྡོ་ཆུ་མིག་དགུ་སྒྲིལ་ཞིག་ལུས་པོ་ལ་མ་བྲལ་ན། འུར་རྡོས་ནམ་ཡང་འབྲོག་པ་ཚོར་སྲུང་སྐྱོབ་བྱེད་ངེས་པས། འུར་རྡོ་ནི་རང་ལུས་སྲུང་བའི་གོ་ཆ་ཞིག་ཡིན།འུར་རྡོའི་སྟེང་གི་སྤྱན་རས། འུར་རྡོ་ཆུ་མིག་དགུ་སྒྲིལ་སྟེང་འདི་འདྲ་རྟག་པར་མཐོང་ཡོང་།ངས་ནི་རི་མོའི་ཞིབ་ཚགས་ཡག་དྲགས་པས་སླར་ཐེ་ཚོམ་ཡང་མ་བྱས་སོ། །ངས་ནི་ཞིབ་ཚགས་ཆེན་པོས་རང་གི་ལག་མཐིལ་དུ་ཡོད་པའི་འུར་རྡོ་འདི་ལ་བལྟས་ཤིང་རང་དབང་མེད་པར་དེ་ལ་ཞིབ་ལྟ་ཐེངས་མང་ལ་ཤོར་སོང་། འུར་ལུང་དང་། འུར་ལྕེ། འུར་མཐིལ། ཡ་མཆོག་དང་མ་མཆོག་ཟླུམ་གཟུགས་དང་ལེབ་གཟུགས་ཐམས་ཅད་ཀྱི་སྐུད་པའི་ཚོས་གཞི་སྒྲིག་སྟངས་དེ་ལྗང་གུ་དང་དམར་པོ། རྫ་མདོག་དང་།སེར་པོ་བཅས་ཀྱི་གོ་རིམ་གཅིག་ལས་མ་འདས་པས། ངོ་མ་རང་དབང་མེད་པར་ཡིད་སེམས་ཁྱེར་སོང་།དེ་ལས་ཀྱང་ང་ཧང་སངས་དགོས་པ་ཞིག་ནི། ངས་འཚེམ་དྲུབ་ཀྱི་ཆ་ཤས་ལ་བལྟས་ཚེ་ཕྱི་ཚུལ་གྱི་གྲུབ་གཟུགས་ཁོ་ནར་སྒྲིག་གཞི་ཞིབ་ཚགས་པས་མ་ཚད། བཤིག་ནས་བལྟས་ན་དེའི་རྨང་གཞི་ཡང་ལྗང་ཁུ་དང་། དམར་པོ། རྫ་མདོག སེར་པོ་བཅས་ཀྱི་ཞིབ་ཚགས་པའི་གོ་རིམ་དེ་ལས་ཅུང་ཟད་ཙམ་ཡང་འདའ་མི་འདུགའུར་རྡོ་ཡི་གྲུབ་ཆ་གཙོ་བོ་ནི་ཐིག་དང་པོ་བླངས་པ་ནས་ཟམ་མ་ཆད་པར་མཇུག་བསྐྱངས་བའི་རིགས་ལམ་ཞིག་ཡིན་འདུག་པས། གློ་རྡེག་འདི་ནི་དབུགས་ཐེངས་གཅིག་གིས་བསླེ་བའི་གོ་རིམ་ཞིག་ཡིན་ནམ་སྙམ་པའི་ངེས་ཤེས་ཤིག་འདྲོངས་ཡོང་། དེའི་དུས་ཕྱོགས་གཅིག་ནས་ཇུས་འགོད་དང་རང་དབང་གི་བཟོ་རྩལ་གཉིས་ཟུང་འབྲེལ་བྱས་པ་ལ་ཡ་མཚར་སྐྱེས་ཤིང་། ཡང་ངོས་གཞན་ཞིག་ནས་འཐག་བྱང་བླངས་ནས་རང་གི་བསམ་ཚུལ་འགྲིག་མིན་ལ་བདར་ཤ་ཞིག་གཅད་ན་སྙམ་སོང་།ཚོད་ལྟའི་དངོས་པོ། སྐུད་པ་བརྒྱད་འཐེན་ནས་ཟླུམ་གཟུགས་འཐག་འགོ་བླངས་ཏེ། དང་པོ་འུར་ལྕེ་བཟོས་རྗེས། སྐུད་སྣེ་གཉིས་སུ་ཕྱེས་ནས་མཐུག་སྲབ་ཀྱི་ཚད་དང་གཞི་འགྲིག་པའི་རྨང་བཏིང་ན། ད་གདོད་དམིགས་གཞི་ལྟར་འབྲས་བུ་མངོན་སྲིད།ཚོད་ལྟའི་གོ་རིམ་ཁྲོད། འུར་མཐིལ་བཏུམ་ཆས་ཀྱི་ཆེད་དུ། མ་རྐང་བཅུ་དྲུག་དེ་གཉིས་སུ་བགོས་ཤིང་། མ་རྐང་བརྒྱད་དེས་གྲུ་བཞི་ཀ་བར་བསྒྲིགས།རིང་ཚད་ཀྱིས་འུར་མཐིལ་ལ་ཐུམ་སྒྲིལ་གང་ལེགས་བྱེད་ཐུབ་ཚེ། སྐུད་པ་གཅིག་རྐང་བཞིར་གཏུབ་ནས་སྲིང་སྐུད་རེ་བཞི་བཟོས་ཏེ་སྙོམས་པོར་འཐག་པའི་རས་ཤིག་ཏུ་འགྱུར་ཞིང་། དེའི་སྟེང་དུ་འཚེམ་དྲུབ་བྱེད་བདེ་པོ་ཡོད། གཞན་ཡང་མཇུག་བསྡུའི་དུས་སུ། ལྷག་མའི་སྐུད་པས་འཐག་འཁྱུད་ཀྱི་ཐབས་ལ་བརྟེན་ནས་རྐང་གཅིག་ལ་འགྱུར། དོན་དངོས་སུ་འུར་ལུང་གི་རི་མོ་ཇི་ལྟར་འཐག་དགོས་མིན་ངས་མིག་སྔར་ད་དུང་གཏན་འཁེལ་བྱེད་ཐུབ་མེད། དེ་ནི་ཚོད་དཔག་བྱས་པ་ལྟར་ན་ངས་འཐག་བྱང་བཀོལ་བས་ཡིན། སྤྱིར་ལས་ཆོད་དང་ཁོད་སྙོམས་པའི་ཚད་ཀྱི་སྟེང་ནས་ང་ལ་རོགས་བྱས་མོད། འོན་ཀྱང་འཐག་བྱང་སྟེང་གི་ཁུང་བུ་བཞིས་སྔར་བཞིན་ཐིག་གི་སྤོ་སྒུལ་ལ་ཚད་བཀག་བྱས་ཡོད། རྫ་མདོག་དང་སེར་ཐིག་ལས་གྲུབ་པའི་རི་མོ་ནི་བྱང་བུས་འཐག་པའི་ལག་རྩལ་གྱིས་མངོན་འགྱུར་བྱེད་ཐབས་མི་འདུག་པ་འདྲ།ཁ་བ་ཅན་པའི་ཡུལ་དུ་ལག་ཤེས་ཁོ་ནར་བརྟེན་ནས་འུར་རྡོ་བཟོ་བཞིན་ཡོད། མཛུབ་མོའི་འཐག་ལས་ཀྱི་རོལ་རྩེད་ནི་ཅི་བས་ཀྱང་ངོ་མཚར་ཞིང་འུར་རྡོ་བཟོ་བར་ཧ་ཅང་འཚམས་པ་ཞིག་རེད་ཨང་། འཐག་བྱང་ལ་བརྟེན་ནས་རི་མོ་དེ་དག་ངས་བཟོ་ཐུབ་མ་བྱུང་།འབྲོག་མིས་འུར་རྡོ་བཟོ་བཞིན་པ། པར་ལེན་པ། ཅེ་ན་ཁུ་ལས་ཀིན།དེ་མིན་འདིར་འཚོལ་ཞིབ་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ང་ཡི་བློ་སྒོ་ཆེས་ཆེར་ཕྱེས་པའི་དཔེ་དེབ་གཉིས་མི་གླེང་ཀ་མེད་བྱུང་སོང་།(གཡོན།)Peter Collingwood བྲིས་པའི་《The Techniques of Tablet Weaving》(གཡས།)རྒྱང་འཕེན་སྤྱོད་ཆས་འཐག་ལས་སྐོར་གྱི《SLING BRAIDING TRADITIONS AND TECHNIQUES From Peru, Bolivia, and Around the World》作者RODRICK OWEN & TERRY NEWHOUSE FLYNN ངའི་རྒན་ལགས་ཀྱིས་གསལ་འདེབས་ཐེངས་མང་བྱས་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། “ཁྱོད་ཀྱིས་ལག་འགུལ་ནས་དྲིས་ལན་འཚོལ་དགོས།” གསུངས། ངོ་མ་ལག་འགུལ་རྗེས་འུར་རྡོ་ཡི་འཁེལ་འཐག་ནི་དབུགས་ཐེངས་གཅིག་གིས་གྲུབ་པ་ཞིག་ཡིན་པ་ཧ་གོ་སོང་། འདས་ཟིན་པའི་ལོ་འགའི་རིང་གི་འཐག་ལས་ཀྱི་ཡུལ་གྲུ་ཀུན་ལ་བརྟག་དཔྱད་བྱེད་སྐབས་བོད་རིགས་ཀྱིས་བེད་སྤྱོད་གཏོང་མཁས་པའི་སྔ་ཕྱི་དང་གཡས་གཡོན་གྱི་འཐག་ལས་ལག་རྩལ་གྱིས་ང་རང་ཧ་ལས་སུ་བཅུག དེ་འདྲའི་ལག་ཤེས་འཐག་ལས་ལ་བརྟེན་ནས་འཐག་སྐུད་སྲ་བརྟན་དུ་གཏོང་ཞིང་འཐག་རིས་གསལ་ཐུབ་པ་ཤིན་ཏུ་ཡ་མཚན་པའི་གནས་སུ་ཆེ། འཐག་རྩལ་གྱི་ངོས་ནས་འཐག་སྐུད་སོ་སོར་ཕྱེ་བའམ་བསྲེས་ནས་འཐག་པའི་ལག་རྩལ་དེ་ཡིད་དཔོག་ཀྱང་ཐུབ་དཀའ། མཐུད་མཚམས་མེད་པའི་ཐག་པ་ནི་སྲ་བརྟན་དང་སྤྱོད་ཡུན་རིང་། གཞན་ཁ་བ་ཅན་པའི་ཡུལ་དུ་འཐག་ལས་ཀྱི་ཐབས་ཤེས་གང་དག་ཡོད་ཨང་། ངས་སྔར་བཞིན་དེ་ལས་མང་བའི་ཤེས་བྱ་རེ་ཤེས་རྒྱུའི་རེ་སྒུག་བྱས་ཡོད། གལ་ཏེ་ཁྱོད་ལ་ཡང་ཐུགས་སྤྲོ་བྱུང་ན། ཀོ་བ་དང་རས། ཐག་པ་སོགས་ཀྱིས་མཉམ་ཏུ་འུར་རྡོ་སྟབས་བདེ་ཞིག་བཟོས་ལ་ཚོད་ལྟ་ཐེངས་ཤིག་བྱོས་དང་།རྩོམ་སྒྱུར་མཁན།
མེ་སྤྲེའུ། (འཇིགས་མེད་ཤེས་རབ།)
美智
མཚོ་སྔོན་འབའ་རྫོང་གི་མི། སྙན་ངག་དང་གླུ་ཚིག་གསར་རྩོམ། བརྙན་ལེན་དང་པར་ལེན། བཅར་འདྲི་སོགས་ཀྱི་ལས་ཀ་བྱས་མྱོང་། ལྷ་སའི་མེ་ཏོག་ཐང་དམངས་སྲོལ་འཚིག་ཇ་ཁང་གི་ཇུས་འགོད་པ་དང་འགན་ལེན་པ་ཡིན།
青海同德人,从事过文学创作、摄影、采访等工作,担任“拉司通咖啡厅”的设计者和负责人。