ཅི་ཞིག་ལ་དབུལ་པོ་ཟེར། ཆོག་ཤེས་མེད་པ་ནི་དབུལ་པོ་ངོ་མའོ།།

文化   2024-11-12 20:48   四川  

ཅི་ཞིག་ལ་གསོན་པོའི་ནང་གི་ཤི་བོ་ཟེར།


དོར་ཞི་རིན་པོ་ཆེས་བརྩམས། ཐིག་ལེ་ནས་བསྒྱུར།


ཅི་ཞིག་ལ་གཙང་མ་ཟེར། སྒེར་སེམས་མེད་པ་ནི་གཙང་མའོ།།


ཅི་ཞིག་ལ་རིག་རྒོད་ཟེར། ཡིན་མིན་ཐག་ཆོད་པ་ནི་རིག་རྒོད་དོ།།


ཅི་ཞིག་ལ་དབུལ་པོ་ཟེར། ཆོག་ཤེས་མེད་པ་ནི་དབུལ་པོའོ།།


ཅི་ཞིག་ནི་མི་ཚེའི་ནོར་བུ་ཡིན། བདེན་དོན་དཔྱོད་པའི་བློ་གྲོས་ནི་ཚེ་འདིའི་ནོར་བུའོ།།


ཅི་ཞིག་ལ་མི་ཚེའི་རིན་ཐང་ཟེར། གཞན་ལ་བདེ་བ་བསྐྲུན་པ་ནི་མི་ཚེའི་རིན་ཐང་ངོ་།།


ཅི་ཞིག་ལ་མཐར་ཐུག་གི་མཛེས་པ་ཟེར། ཚངས་སྤྱོད་ནི་མཐར་ཐུག་གི་མཛེས་པའོ།།


ཅི་ཞིག་ལ་མི་སྡུག་པ་བྱ། རང་ཁོ་ན་ལས་ཅི་ཡང་མི་སེམས་པ་ནི་མི་སྡུག་པའོ།།


ཅི་ཞིག་ལ་གླེན་པ་ཟེར། གཞན་ལས་རང་གྲུང་ངོ་སྙམ་པ་ནི་གླེན་པའོ།།


ཅི་ཞིག་ལ་གསོན་པོའི་ནང་གི་ཤི་བོ་ཟེར། མི་སེམས་བྲལ་བ་ནི་གསོན་པོའི་ནང་གི་ཤི་བོའོ།།


ཅི་ཞིག་ལ་གྲོགས་པོ་ངོ་མ་ཟེར། རང་སྐྱོན་ཡོ་བསྲང་བྱེད་པར་སྐུལ་མཁན་ནི་གྲོགས་པོ་ངོ་མའོ།། 


ཅི་ཞིག་ལ་ལྐུག་པ་ཟེར། ཞེ་ས་དང་གུས་ཚིག་སྦྱོར་མི་ཤེས་པ་ནི་ལྐུག་པའོ།།


ཅི་ཞིག་ལ་ལོང་བ་ཟེར། གཞན་སྐྱོན་ལས་མི་མཐོང་བ་ནི་ལོང་བའོ།།ཅི་ཞིག་ལ་འོན་པ་ཟེར། གཞན་གྱི་བསླབ་བྱ་རྣ་ལམ་དུ་མི་འགྲོ་བ་ནི་འོན་པའོ།།


ཅི་ཞིག་ལ་སྨྲ་ཤེས་པའི་དུད་འགྲོ་ཟེར། ཁེ་ཕན་གྱི་ཆེད་དུ་གནས་ལུགས་དོར་བ་ནི་སྨྲ་ཤེས་པའི་དུད་འགྲོའོ།།


ཅི་ཞིག་གི་ཆེས་སྐྲག་ས་དེ་ཡིན། སྟོང་ལབ་ཀྱིས་མི་ཚེ་སྐྱེལ་མཁན་ནི་ཆེས་སྐྲག་ས་དེའོ།།


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章