ཁམས་པ་བླུན་པོ་ཡིན་པའི་རྟགས་མཚན་དགུ། ཐུབ་བསྟན་ཕུན་ཚོགས།

文化   2024-12-13 18:08   四川  
ཁམས་པ་བླུན་པོ་ཡིན་པའི་རྟགས་མཚན་དགུ།

རྒན་ཐུབ་བསྟན་ཕུན་ཚོགས།


གཅིག གཏེར་སྟོན་དང་གྲུབ་ཐོབ་ཆེས་མང་ས་ཁམས་ཕྱོགས་ཡིན་ཞིང་། དེ་དག་གི་མགོ་སྐོར་འོག་ཏུ་ཚུད་མཁན་ཡང་ཁམས་པའོ། །


གཉིས། བླ་མའི་ཆེད་དུ་མི་གསོད་ཐུབ་པ་དང་། བླ་མའི་བཀའ་ལ་བརྟེན་ནས་མི་གསོད་པར་ཐེ་ཚོམ་མེད་པའོ། །


གསུམ། དམྱལ་བར་འགྲོ་ཐུབ་མཁན་གྱི་འདས་ལོག་པ་མང་བ། འདས་ལོག་པ་མང་ཤོས་ཡིག་རྨོངས་བ་ཡིན་པ། དེ་དག་གི་མགོ་སྐོར་འོག་ཏུ་ཚུད་མཁན་ཁམས་པ་མ་གཏོགས་མེད་པ།


བཞི། བླ་མས་ཆུང་མ་བླངས་ཤིང་བུ་ཕྲུག་སྐྱེས། ཁྲི་ཐོག་ནས་ཆོས་བཤད་པའི་སྐྱ་མིན་སེར་མིན་སངས་རྒྱས་བསྟན་པའི་དགྲ་བོ་ཁམས་ཕྱོགས་སུ་ཡོད་པ་དང་། དེ་ལ་དད་པ་བྱེད་མཁན་ཀྱང་ཁམས་པ་མ་གཏོགས་མེད་དོ། །


ལྔ། མངོན་སུམ་ལུང་པའི་ཕར་རྒྱབ་ཀྱི་དོན་དག་མི་མཁྱེན་མོད། ལྐོག་གྱུར་སྐྱེ་བ་ཕྱི་མ་ལག་མཐིལ་དུ་ལེན་མཁན་ཏེ། དཔེར་ན་མི་ག་གེ་མོ་སྐྱེ་བ་ཕྱི་མར་ཕག་ལུས་དང་ནོར་ལུས་བླངས་འདུག  ག་གེ་མོ་དམྱལ་བར་ལྷུང་འདུག  ག་གེ་མོ་བདེ་བ་ཅན་དུ་སྐྱེས་འདུག་ཟེར་ནས་རྫུན་བཤད་མཁན་ཁམས་ཕྱོགས་སུ་ཡོད་པ་དང་། དེ་ལ་ཡིད་ཆེས་མཁན་ཡང་ཁམས་པ་མ་གཏོགས་མེད་དོ། །


དྲུག རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་སྒོ་ནས་དགོན་པའི་ཁྲིམས་དང་བླ་མའི་ཁྲིམས་སོགས་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་འཚོ་བ་ལ་ཐེ་གཏོགས་བྱེད་པ་སྟེ། དཔེར་ན་དགེ་བཅུའི་ཁྲིམས་ལྟ་བུའོ། དེ་འདྲའི་ལོག་ཁྲིམས་ཁམས་ཕྱོགས་ལས་གཞན་ན་མེད་པའོ། །


བདུན། ལྷ་དང་སྲུང་མའི་ཆེད་དུ་འཁྲུགས་རྩོད་བྱེད་མཁན་ཁམས་ཕྱོགས་ལས་ཡུལ་གཞན་ན་མེད་པའོ། །


བརྒྱད། མི་གཅིག་གིས་ཉིན་གཅིག་ལ་བཀའ་འགྱུར་པོ་ཏི་ལྔ་དང་དྲུག་དག་འདོན་ཐུབ་མཁན་ཁམས་ཕྱོགས་ལས་གཞན་ན་མེད་དོ། །


དགུ  ཕ་མ་བུ་ཕྲུག་སྐྱོང་བ་ལས། དགོན་པའི་ནང་དུ་ལྷ་རྟེན་ཆོས་གསུམ་བཞེངས་བར་འབད་པ་དང་འགྲན་རྩོད་ཆེ་བ།  རྟ་དང་བླ་མའི་ཆེད་དུ་འགྲོ་སོང་གཏོང་མཁན་ཁམས་ཕྱོགས་སུ་མང་བའོ།


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章