ཆོས་རིག་གཅིག་ཏུ་འཛིན་མཛད་པའི།།
རྒྱལ་བའི་བཀའ་ལས་མ་འདའ་ཞིང་།།
སྲིད་ཀྱི་དོན་ཡང་མ་འདོར་བའི།།
གྲྭ་ལོག་འཁོར་བཅས་སྤྱན་འདྲེན་པ།།
དགེ་ཆོས་རིག་པའི་དཔའ་བོ་བྱོན།།
ཨ་ལགས་དོར་ཞི་མཁས་རྒན་བྱོན།།
ཞང་བོད་ནམ་མཁའི་ནོར་བུ་བྱོན།།
ཁངས་དཀར་ཚུལ་ཁྲིམས་སྐལ་བཟང་བྱོན།།
དུང་དཀར་བློ་བཟང་འཕྲིན་ལས་བྱོན།།
ཁམས་ཀྱི་ཐུབ་ཕུན་དགྲ་ལྷ་བྱོན།།
རིག་སྨྲ་ཤར་རྩེ་དབང་འདུས་བྱོན།།
གྲྭ་ལོག་གདོང་ཐོག་མིང་ཅན་བྱོན།།
མཁས་པ་ཧོར་གཙང་འཇིགས་མེད་བྱོན།།
གསོ་སྨྲ་འཇིགས་མེད་ཕུན་ཚོགས་བྱོན།།
དཔྱོད་མཁས་དྷི་ལུང་ལྷ་ལྡན་བྱོན།།
སྙན་ངག་གཅན་ཡུལ་རང་སད་བྱོན།།
རྐང་ཚའི་སེང་རྡོར་ཉིད་ཀྱང་བྱོན།།
མཁར་མེ་བསམ་གཏན་གྲྭ་ལོག་བྱོན།།
ཆུ་སྐྱེས་བསམ་གཏན་འབོད་པ་བྱོན།།
དཀར་མཛེས་ལྕང་ཞབས་འགྱུར་ཚེ་བྱོན།།
ཆབ་མདོ་ཤེས་རབ་འབོད་པ་བྱོན།།
རྨ་ཡུལ་དུག་ལྕེ་ཉིད་ཀྱང་བྱོན།།
རྫ་ཡུལ་ཚེ་རིང་བཀྲ་ཤིས་བྱོན།།
ཡུལ་ཤུལ་ཚེ་དབང་བཀྲ་ཤིས་བྱོན།།
ཚ་སྒང་བློ་གྲོས་དཔལ་ལྡན་བྱོན།།
རྡོ་སྦིས་བོང་རྫི་ཉིད་ཀྱང་བྱོན།།
དུས་དཔྱད་དགུ་རོང་སྤུན་གྲོལ་བྱོན།།
ལྡོང་རོང་བསོད་ཐར་འབོད་པ་བྱོན།།
མཁས་པ་བླ་བྲང་སྐལ་བཟང་བྱོན།།
གཅན་རོང་བསྟན་འཛིན་ཉིད་ཀྱང་བྱོན།།
ལྡོང་རུས་ཅན་གྱི་ནོར་སྡེ་བྱོན།།
རྫ་ཡུལ་པདྨ་དབང་རྒྱལ་བྱོན།།
མདོ་སྨད་ཟླ་གྲགས་འབོད་པ་བྱོན།།
མཁས་དབང་ར་སེ་དཀོན་རྒྱམ་བྱོན།།
འགྱན་མི་སངས་རྒྱས་དོན་འགྲུབ་བྱོན།།
འབའ་སྲས་སྲོལ་རྩོམ་མཁན་པོ་བྱོན།།
ཨ་ཁུ་བྱམས་པ་རྡོ་རྗེ་བྱོན།།
སྙན་བཟང་གཡུང་དྲུང་ཚེ་རིང་བྱོན།།
ཚ་ནག་ཀུན་བཟང་འབོད་པ་བྱོན།།
མཐུ་སྟོབས་ནུས་པ་མི་ཆུང་ཞིང་།།
བསྟན་འགྲོའི་དོན་ལ་མི་སུན་པའི།།
གྲྭ་ལོག་གང་དང་གང་དག་རྣམས།།
ད་ཚུར་བྱོན་ལ་དོན་ཆེན་སྒྲུབས།།