11月5日
据新闻报道:今天是美国大选的最后一天,结果还没有公布,但目前来看两个竞争者没有太大的差距
ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། དེ་རིང་ནི་ཨ་རིའི་འདེམས་བསྐོ་ཆེན་མོའི་ཆེས་མཐའ་མཇུག་གི་ཉི་མ་རེད། མཇུག་འབྲས་ད་རུང་གསལ་བསྒྲགས་མ་བྱས། འོན་ཀྱང་མིག་སྔར་ལྟར་ན་འགྲན་རྩོད་པ་གཉིས་ལ་བར་ཁྱད་ཆེན་པོ་མི་འདུག
今天 དེ་རིང་།
美国 ཨ་རི།
大选 འདེམས་བསྐོ་ཆེན་མོ།
最后 ཆེས་མཐའ་མཇུག
结果 མཇུག་འབྲས།
公布 གསལ་བསྒྲགས།
目前 མིག་སྔོན།
竞争者 འགྲན་རྩོད་པ།
差距 བར་ཁྱད།
11月6日
据新闻报道:韩国政府证实已经有7000多名朝鲜士兵入镜了俄罗斯,开始跟乌克兰交战
ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ལྷོ་ཁོ་རེ་ཡའི་སྲིད་གཞུང་གིས་བྱང་ཁོ་རེ་ཡའི་དམག་མི་བདུན་སྟོང་ཙམ་ཨུ་རུ་སུ་ཡི་རྒྱལ་ཁུངས་སུ་ཐོན་ཡོད་པ་བདེན་དཔང་བྱས། ཡུག་རེན་དང་འཐབ་འཁྲུག་གི་འགོ་བཟུང་།
韩国 ལྷོ་ཁོ་རེ་ཡ།
政府 སྲིད་གཞུང་།
证实 བདེན་དཔང་བྱས།
朝鲜 བྱང་ཁོ་རེ་ཡ།
士兵 དམག་མི།
俄罗斯 ཨུ་རུ་སུ།
开始 འགོ་བཟུང་།
乌克兰 ཡིག་རེན།
交战 འཐབ་འཁྲུག་གི་འགོ་བཟུང་།
11月7日
据新闻报道:当地时间5号晚上,美国大选结果出来了,以277的票数特朗普胜利
ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ས་གནས་དེའི་དུས་ཚོད་ཚེས་ལྔ་ཉིན་གྱི་མཚན་མོར། ཨ་རིའི་འདེམས་བསྐོ་ཆེན་མོའི་མཇུག་འབྲས་ཐོན་སོང་། བདམས་ཤོག་ཉིས་བརྒྱ་དོན་བདུན་གྱི་ཐོག་ནས་ཁྲོམ་ཕུ་རྒྱལ།
当地 ས་གནས་དེ།
时间 དུས་ཚོད།
晚上 མཚན་མོ།
美国 ཨ་རི།
票数 བདམས་ཤོག་ཐོབ་གྲངས།
胜利 རྒྱལ་ཁ།
11月8日
据新闻报道:特朗普当上总统后,中国、印度、英国等多个国家祝贺特朗普了
ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན།
གསར་འགྱུར་ནས་སྙན་ཞུ་བྱས་པ་ལྟར་ན། ཁྲོམ་ཕུ་སྤྱི་ཁྱབ་ཀྱི་གོ་ས་ལ་བསྡད་རྗེས། ཀྲུང་གོ་དང་རྒྱ་གར། དབྱིན་ཇི་སོགས་རྒྱལ་ཁབ་མང་པོས་ཁྲོམ་ཕུ་ལ་རྟེན་འབྲེལ་ཞུས་འདུག
当上 གོ་ས་ཐོབ་པ།
总统 སྤྱི་ཁྱབ། སྲིད་འཛིན།
中国 ཀྲུང་གོ།
印度 རྒྱ་གར།
英国 དབྱིན་ཇི།
等 སོགས།
多 མང་པོ།
祝贺 རྟེན་འབྲེལ་ཞུ་བ།
11月11日
据新闻报道:对俄乌冲突特朗普提出了新的和平解决方案,俄罗斯撤军,乌克兰20年内不参加北约
ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ཨུ་ཡུག་འཐབ་འཁྲུག་ལ་ཁྲོམ་ཕུ་ལགས་ཀྱིས་ཞི་བདེའི་ཐག་གཅོད་ཀྱི་ཐབས་ལམ་གསར་པ་ཞིག་བཏོན། ཨུ་རུ་སུ་ཡིས་དམག་ཕྱིར་འཐེན་བྱ་རྒྱུ་དང་ཡུག་རེན་ལོ་ཉི་ཤུའི་ཚུན་ལ་བྱང་ཆིངས་ཚོགས་པར་ཞུགས་མི་རུང་ཞེས་ཟེར།
俄乌 ཨུ་ཡུག ཨུ་རུ་སུ། ཡུག་རེན།
冲突 འཐབ་འཁྲུག
提出 བཏོན་པ།
新 གསར་པ།
和平 ཞི་བདེ།
解决 ཐག་གཅོད།
方案 ཐབས་ལམ།
俄罗斯 ཨུ་རུ་སུ།
撤军 དམག་ཕྱིར་འཐེན།
乌克兰 ཡུག་རེན།
参加 ཞུགས།
北约 བྱང་ཆིངས་ཚོགས་པ།
11月12日
据新闻报道:马斯克宣布要撤走在台湾省的46个工厂,是为了支持特朗普的制造业回流美国的政策
ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། མ་སི་ཁི་ཡིས་ཐེ་ཝན་ཞིང་ཆེན་ན་ཡོད་པའི་བཟོ་གྲྭ་ཞེ་དྲུག་ཕྱིེར་འཐེན་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས། དེ་ནི་ཁྲོམ་ཕུ་ལགས་ཀྱིས་བཟོ་བསྐྲུན་ལས་རིགས་ཕྱིར་ཨ་རི་ལ་ཡོང་ཐབས་ཀྱི་སྲིད་ཇུས་བཀོད་པ་ལ་རྒྱབ་སྐྱོར་བྱས་པ་རེད་འདུག
马斯克 མ་སུ་ཁི། ཨ་རིའི་ཚོང་པ་ཆེན་པོ་ཞིག
台湾 ཐེ་ཝན། ས་ཆ་ཞིག
工厂 བཟོ་གྲྭ།
支持 རྒྱབ་སྐྱོར།
制造业 བཟོ་བསྐྲུན་ལས་རིགས།
回流 ཕྱིར་འཁོར་བ།
政策 སྲིད་ཇུས།
11月13日
据新闻报道:11日晚,广东珠海市体育中心,发生了一起严重汽车冲撞事件,造成35人死亡,43人重伤
ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ། གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ཚེས་བཅུ་གཅིག་གི་མཚན་མོར། ཀོན་ཏུང་ཀྲུའུ་ཧེ་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་ཤིག་ལ། རླངས་འཁོར་མཆོངས་བསྐྱོད་ཀྱི་དོན་རྐྱེན་ཡ་ང་བ་ཞིག་བྱུང་། མི་སོ་ལྔ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་གསུམ་ཙམ་ལ་རྨས་ལྕི་མོ་ཕོག
市 གྲོང་ཁྱེར།
体育 ལུས་རྩལ།
中心 ལྟེ་གནས།
严重 ཡ་ང་བ། ཚབས་ཆེན།
汽车 རླངས་འཁོར།
冲撞 མཆོངས་བསྐྱོད།
事件 དོན་རྐྱེན།
死亡 ཤི་བ།
重伤 རྨས་ལྕི་མོ།
11月14日
据新闻报道:特朗普重返白宫,会见乔拜登,两人开心合影了
ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ཁྲོམ་ཕུ་ཡང་བསྐྱར་ཕོ་བྲང་དཀར་པོ་ལ་ཕེབས་ཞིང་། ཇོ་དཔལ་ལྡན་དང་མཇལ་འཕྲད་གནང་། རྣམ་པ་གཉིས་ཀས་སྤྲོ་སེམས་འཁོར་བའི་ངང་ནས་མཉམ་པར་སྒྲོན།
重返 ཡང་བསྐྱར་ཕེབས་པ།
白宫 ཕོ་བྲང་དཀར་པོ།
会见 མཇལ་འཕྲད་གནང་བ།
乔拜登 ཇོ་དཔལ་ལྡན། ད་ལྟའི་ཨ་རིའི་སྲིད་འཛིན།
两人 རྣམ་པ་གཉིས།
开心 སྤྲོ་སེམས་འཁོར་བ།
合影 མཉམ་པར།
11月15日
据新闻报道:因为美国和欧洲很多方面意见不同,北约可能会解体
ཟླ་་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ཨ་རི་དང་ཡོ་རོབ་གཉིས་ཕྱོགས་མང་པོ་ཞིག་ནས་བསམ་ཚུལ་མི་མཐུན་པའི་རྒྱུ་མཚན་གྱིས། བྱང་ཆིངས་ཚོགས་པ་ཁ་འཐོར་དུ་འགྲོ་སྲིད་པ་ཞིག་རེད།
因为 རྒྱུ་མཚན།
欧洲 ཡོ་རོབ།
很多方面 ཕྱོགས་མང་པོ་ཞིག
意见 བསམ་ཚུལ།
不同 མི་མཐུན།
解体 ཁ་འཐོར།
11月18日
据新闻报道:印度发射了一枚高超音速导弹,射程大约是1500公里
ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། རྒྱ་གར་གྱིས་སྒྲ་ལས་མྱུར་ཚད་མགྱོགས་པའི་འཕུར་མདའ་ཞིག་འཕངས། འཕུར་ཚད་ཕལ་ཆེར་སྤྱི་ལེ་ཆིག་སྟོང་ལྔ་བརྒྱ་ཙམ་ཡིན་འདུག
印度 རྒྱ་གར།
发射 འཕངས།
高超音速 སྒྲ་ལས་མྱུར་ཚད་མགྱོགས་པ།
导弹 འཕུར་མདའ།
射程 འཕུར་ཚད།
大约 ཕལ་ཆེར།
公里 སྤྱི་ལེ།
11月19日
据新闻报道:乌克兰开始征召艾滋病和肺结核患者服兵役了,外界猜测乌克兰可能兵力严重不足
ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ཡུག་རེན་གྱིས་དམག་གི་བྱ་བ་བསྒྲུབ་ཆེད་ཨེ་ཛིའི་ནད་པ་དང་གློ་གཅོང་གི་ནད་པ་བསྡུ་འགོ་བཟུང་། གཞན་གྱིས་ཚོད་དཔག་བྱས་པ་ལྟར་ན་ཡུག་རེན་ལ་དམག་ཤུགས་ཀྱི་དཀའ་ངལ་ཆེ་བ་འདྲ་ཞེས་ཟེར།
乌克兰 ཡུག་རེན།
征召 བསྡུ་བ།
艾滋病 ཨེ་ནད།
肺结核 གློ་གཅོང་།
患者 ནད་པ།
服兵役 དམག་གི་ལས་དོན་སྒྲུབ་པ།
外界 ས་ཕྱོགས་གཞན།
猜测 ཚོད་དཔག
兵力 དམག་ཤུགས།
不足 མི་འདང་།
11月20日
据新闻报道:乌克兰首次使用美制武器袭击了俄罗斯本土,这次俄罗斯可能会用核武器来回应
ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ཡུག་རེན་གྱིས་ཨ་རིས་བཟོས་པའི་མཚོན་ཆ་བཀོལ་ནས་ཆེས་ཐོག་མར་ཨུ་རུ་སུའི་རྒྱལ་ཁོངས་ལ་འཐབ་རྒོལ་བྱས་འདུག ཐེངས་འདིར་ཨུ་རུ་སུ་ཡིས་རྡུལ་ཕྲན་མཚོན་ཆ་བཀོལ་ནས་འཁོན་ལན་སློག་སྲིད་པ་ཞིག་རེད།
首次 ཆེས་ཐོག་མ།
美制武器 ཨ་རིས་བཟོས་པའི་མཚོན་ཆ།
武器 མཚོན་ཆ།
本土 རྒྱལ་ཁོངས།
这次 ཐེངས་འདིར།
核武器 རྡུལ་ཕྲན་མཚོན་ཆ།
回应 ལན་སློག་པ།
11月21日
据新闻报道:俄罗斯的报复要来了,准备向乌克兰首都发射一枚威力超强的导弹,很多国家的大使馆都宣布暂停办公了
ཟླ་བཅུ་གཅིག་པའི་ཚེས་ཉེེར་གཅིག་ཉིན།
གསལ་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ཨུ་རུ་སུ་ཡི་འཁོན་ལན་ཐོན་ཡོང་གིན་འདུག ཡུག་རེན་གྱི་རྒྱལ་ས་ལ་འགད་ཤུགས་ཧ་ལས་ཆེ་བའི་འཕུར་མདའ་ཞིག་འཕེན་རྒྱུ་གྲ་སྒྲིག་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁབ་མང་པོ་ཞིག་གི་གཞུང་ཚབ་ཁང་གིས་གནས་སྐབས་གཞུང་གཉེར་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ།
报复 ཤ་འཁོན། འཁོན་ལན།
准备 གྲ་སྒྲིག
首都 རྒྱལ་ས།
威力 འགད་ཤུགས།
超强 ཤིན་ཏུ་ཆེ་བ།
导弹 འཕུར་མདའ།
大使馆 གཞུང་ཚབ་ཁང་།
暂停 གནས་སྐབས་མཚམས་འཇོག
办公 གཞུང་གཉེར་གྱི་བྱ་བ།
11月22日
据新闻报道:俄罗斯向乌克兰发射了一枚洲际导弹,这是二战以来用洲际导弹打击另外一个国家是头一次。
ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ཨུ་རུ་སུ་ཡིས་ཡུག་རེན་ཕྱོགས་ལ་གླིང་ཕྲན་བརྒལ་བའི་འཕུར་མདའ་ཞིག་འཕངས། འདི་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་གླིང་ཕྲན་བརྒལ་བའི་འཕུར་མདའ་བཀོལ་ནས་རྒྱལ་ཁབ་གཞན་པ་ཞིག་ལ་འཐབ་རྒོལ་བྱས་པ་ཐེངས་དང་པོ་རེད།
洲际导弹 གླིང་ཕྲན་བརྒལ་བའི་འཕུར་མདའ།
二战 འཁྲུག་ཆེན་གཉིས་པ།
打击 འཐབ་རྒོལ།
头一次 ཐེངས་དང་པོ།
11月25日
据新闻报道:印度成了世界上污染最严重的国家,不仅恒河污染严重,空气污染也爆表了
ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། རྒྱ་གར་འཛམ་གླིང་ཐོག་འབག་བཙོག་ཆེས་ཚབ་ཆེ་བའི་རྒྱལ་ཁབ་ཏུ་གྱུར། ཧིན་དྷུའི་ཆུ་བོའི་འབག་བཙོག་ཚབ་ཆེ་བར་མ་ཟད། མཁའ་དབུགས་འབག་བཙོག་ཀྱང་ཚད་ལས་བརྒལ།
印度 རྒྱ་གར།
污染 འབག་བཙོག
严重 ཚབ་ཆེ་བ།
不仅 མ་ཟད།
恒河 ཧིན་དྷུའི་ཆུ་བོ།
空气 མཁའ་དབུགས།
爆表 ཚད་ལས་བརྒལ་བ།
11月26日
据新闻报道:俄罗斯三个月生产的武器,相当于整个欧盟一年的产量
ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ཨུ་རུ་སུ་ཡིས་ཟླ་གསུམ་ལ་མཚོན་ཆ་བཟོ་བསྐྲུན་བྱས་པའི་འབོར་ཚད། ཡོ་རོབ་མནའ་འབྲེལ་གྱི་ཚོགས་མི་ཡོངས་རྫོགས་ཀྱི་ལོ་གཅིག་གི་འབོར་བསྐྲུན་གྱི་ཚད་དང་མཚུངས་ཞེས་ཟེར།
三个月 ཟླ་བ་གསུམ།
生产 བཟོ་བསྐྲུན།
武器 མཚོན་ཆ།
相当于 འདྲ།
整个 ཡོངས་རྫོགས།
欧盟 ཡོ་རོབ་མནའ་འབྲེལ་ཚོགས་པ།
一年 ལོ་གཅིག
产量 བསྐྲུན་ཚད།
11月27日
据新闻报道:如果乌克兰接受不平等停火,俄罗斯将在8到15年内进攻欧洲
ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། གལ་ཏེ་ཡུག་རེན་གྱིས་འདྲ་མཉམ་མ་ཡིན་པའི་འཐབ་འཁྲུག་མཚམས་འཇོག་དང་ལེན་བྱས་བཞག་ན། ཨུ་རུ་སུ་ཡིས་ལོ་བརྒྱད་ནས་བཅོ་ལྔའི་ནང་དུ་ཡོ་རོབ་ལ་ཕར་རྒོལ་བྱ་རྒྱུ་རེད་ཅེས་ཟེར།
接受 དང་ལེན།
不平等 འདྲ་མཉམ་མ་ཡིན་པ།
停火 འཐབ་འཁྲུག་མཚམས་འཇོག
进攻 ཕར་རྒོལ།
欧洲 ཡོ་རོབ།
11月28日
据新闻报道:以色列同意与黎巴嫩签署停火协议,这次冲突,共:3823个黎巴嫩人死亡
ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ཨི་ཟི་རེལ་ལེ་པ་ནོན་དང་འཐབ་འཁྲུག་མཚམས་འཇོག་གི་ཆིངས་ཡིག་འཇོག་རྒྱུར་མོས་འཐད་བྱུང་། སྐབས་འདིའི་འཐབ་འཁྲུག་གི་ཁྲོད་ནས། ཁྱོན་ལེ་པ་ནོན་གྱི་མི་༣༨༢༣ཙམ་རྐྱེན་ལམ་དུ་ཤོར།
以色列 ཨི་ཟི་རེལ། རྒྱལ་ཁབ་ཞིག
黎巴嫩 ལེ་པ་ནོན། རྒྱལ་ཁབ་ཞིག
同意 འཐད།
签署 མིང་རྟགས་བཀོད་པ།
协议 ཆིངས་ཡིག
这次 སྐབས་འདིར།
冲突 འཐབ་འཁྲུག
共 ཁྱོན།
11月29日
据新闻报道:我国2024年人均负债创下了历史新高,家庭总额超200万亿,人均负债高达14万元
ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ༢༠༢༤ལོར་རང་རྒྱལ་གྱི་རྒྱལ་དམངས་བུ་ལོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བསྐྲུན། ཁྱིམ་ཚང་གི་བུ་ལོན་ཁྱོན་དུང་ཕྱུར་ཁྲི་ཉིས་བརྒྱ་ལས་བརྒལ། མི་ཚང་མར་མ་མཉམ་བྱས་ན་མི་རེ་རེའི་བུ་ལོན་ཁྲི་བཅུ་བཞི་ལ་བསླེབས།
我国 རང་རྒྱལ།
人均 མི་ཚང་མར་ཆ་མཉམ་བྱས་པ།
负债 དོམ་བུ་ལོན།
历史 ལོ་རྒྱུས།
新高 མཐོ་གསར།
家庭 ཁྱིམ་ཚང་།
总额 སྤྱིའི་འབོར།
万 ཁྲི།
亿 དུང་ཕྱུར།
12月2日
据新闻报道:星巴克在韩国开了一家可以眺望朝鲜的咖啡厅,目前生意火爆
ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ཞིམ་པོ་ཁུ་ཡིས་ལྷོ་ཁོ་རེ་ཡ་ལ་བྱང་ཁོ་རེ་ཡ་མཐོང་ཐུབ་པའི་ཚིག་ཇ་ཁང་ཞིག་ཕྱེས། མིག་སྔོན་ཚོང་ཧ་ལས་ཡག
星巴克 ཞིམ་པོ་ཁུ། ཚིག་ཇ་ཁང་ཞིག
韩国 ལྷོ་ཁོ་རེ་ཡ། རྒྱལ་ཁབ་ཞིག
可以 ཆོག
眺望 མཐོང་བ།
朝鲜 བྱང་ཁོ་རེ་ཡ། རྒྱལ་ཁབ་ཞིག
咖啡厅 ཚིག་ཇ་ཁང་།
目前 མིག་སྔོན།
生意 ཚོང་ལས།
火爆 ཤིན་ཏུ་ཡག
12月3日
据新闻报道:叙利亚突然爆发内战,反政府军占领了多个地区,美国在支持反政府军,俄罗斯在支持政府军
ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། སི་རི་ཡ་ལ་གློ་བུར་དུ་་ནང་འཁྲུག་གི་དོན་རྐྱེན་བྱུང་། གཞུང་རྒོལ་དམག་གིས་ས་གནས་མང་པོ་ཞིག་བཙན་བཟུང་བྱས་སོང་ཟེར། ཨ་རིས་གཞུང་རྒོལ་དམག་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། ཨུ་རུ་སུ་ཡིས་གཞུང་དམག་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད།
叙利亚 སི་རི་ཡ། ཨ་རབ་ས་ཁུལ་གྱི་རྒྱལ་ཁབ་ཞིག
突然 གློ་བུར་དུ།
爆发 བྱུང་།
内战 ནང་འཁྲུག
反政府军 གཞུང་རྒོལ་དམག སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དཔུང་དམག
占领 བཙན་བཟུང་།
地区 ས་གནས།
支持 རྒྱབ་སྐྱོར།
政府军 གཞུང་དམག
12月4日
据新闻报道:在俄罗斯空军的支援下,叙利亚政府军摧毁了5个指挥中心和7个反政府军的仓库
ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ཨུ་རུ་སུའི་མཁའ་དམག་གི་རོགས་སྐྱོར་འོག སི་རི་ཡའི་གཞུང་དམག་གིས་གཞུང་རྒོལ་དམག་གི་བཀོད་འདོམས་ལྟེ་གནས་ལྔ་དང་མཛོད་ཁང་བདུན་རྩ་གཏོར་བྱས་ཞེས་ཟེར།
空军 མཁའ་དམག
支援 རོགས་སྐྱོར།
摧毁 རྩ་གཏོར།
指挥中心 བཇོད་འདོམས་ལྟེ་གནས།
仓库 མཛོད་ཁང་།
12月5日
据新闻报道:因为对总统的不满,在韩国首都爆发民众游行,抗议者呼吁立即逮捕总统
ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། སྤྱི་ཁྱབ་ལ་༼སྲིད་འཛིན།༽ལ་ཡིད་རྟོན་མེད་པའི་རྒྱུ་མཚན་གྱིས། ལྷོ་ཁོ་རེ་ཡའི་རྒྱལ་ས་ལ་འབངས་གྱེན་ལོག་གི་དོན་རྐྱེན་བྱུང་། ངོ་རྒོལ་བ་དག་གིས་མྱུར་དུ་སྤྱི་ཁྱབ་འཛིན་བཟུང་བྱ་དགོས་པའི་རེ་འབོད་བཏོན།
总统 སྤྱི་ཁྱབ། སྲིད་འཛིན་གྱི་མིང་གཞན།
不满 ཡིད་རྟོན་མེད་པ།
民众 འབངས།
游行 ཡར་ལངས།
抗议者 ངོ་རྒོལ་བ།
呼吁 རེ་འབོད།
立即 མྱུར་དུ།
逮捕 འཛིན་བཟུང་།
12月6日
据新闻报道:今年广东新增6990人感染艾滋病,其中感染者4416例,患者2574例
ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན།
གསར་འགྱུར་ལས་སྙན་ཞུ་བྱས་པ་ལྟར་ན། ད་ལོར་ཀོན་ཏུང་ལ་ཨེ་ཛིའི་ནད་དུག་འགོས་པའི་མི་གྲངས་༼༦༩༩༠༽ཙམ་གསར་དུ་བྱུང་། དེ་ལས་༼༤༤༡༦༽ཙམ་ནད་དུག་འགོས་པ་དང་༼༢༥༧༤༽ཙམ་ནད་པ་དངོས་ཡིན།
今年 ད་ལོར།
广东 ཀོན་ཏུང་། ས་ཆ་ཞིག་གི་མིང་།
新增 གསར་དུ་བྱུང་བ།
感染 ནད་སོགས་འགོས་པ།
艾滋病 ཨེ་ནད།
患者 ནད་པ།