རྨེ་གྲྭ་ཚེ་རིང་བསམ་འགྲུབ་ཀྱིས་འཆད་ཁྲིད་གནང་རྒྱུ་ཡིན་པས་ཕེབས།

文化   2024-10-22 19:05   四川  

རྨེ་གྲྭ་ཚེ་རིང་བསམ་འགྲུབ་ཀྱིས་འཆད་ཁྲིད་གནང་རྒྱུ་ཡིན་པས་ཕེབས་བསུ་ཞུ།

 

དུས་བབ་ཀྱི་དགོས་མཁོ་ཁྱད་པར་ཅན་ལ་དམིགས་ནས་རྨེ་གྲྭ་ཚེ་རིང་བསམ་འགྲུབ་ལགས་ཀྱིས་རིན་མེད་ངང་འཆད་ཁྲིད་གནང་རྒྱུ་ཡིན་པས་ཕེབས་བསུ་ཞུ།

 

     དཔེ་ཁྲིད་གསར་བརྡ།


   བོད་ཁུལ་གྱི་ས་ཆ་སོ་སོ་ནས་བོད་རང་གི་སྐད་ཡིག་དང་བརྡ་སྤྲོད་སློབ་འདོད་ཆེ་བའི་གཞོན་སྐྱེས་ཕོ་མོ་རྣམ་པ་ལགས། རང་གི་སྐད་ཡིག་ལ་དུང་བ་ཆེ་བའི་སློབ་མ་སྐོར་ཞིག་གི་རེ་སྐུལ་ལྟར ༢༠༢༤ ལོའི་སྤྱི་ཟླ ༡༡ ཚེས ༡ ཉིན་ནས་བོད་ཀྱི་སློབ་སྟོན་པ་གྲགས་ཅན་དང་བོད་ཀྱི་བརྡ་སྤྲོད་ཆེད་མཁས་པ་རྨེ་གྲྭ་ཚེ་རིང་བསམ་འགྲུབ་ལགས་ཀྱིས་དེང་སྐབས་ང་ཚོའི་སྐད་ཡིག་གི་ཡ་ང་བའི་ཉམས་རྒུད་ལ་དམིགས་ཏེ་བོད་ཞིང་འབྲོག་མང་ཚོགས་དང་གསར་སྐྱེས་སློབ་མ་ཚོ་ལ་དྲྭ་ལམ་ནས་བོད་ཀྱི་བརྡ་སྤྲོད་སྐོར་དང་སྤྱི་ཚོགས་གནས་བབ་ཀྱི་རྒྱུན་ཤེས་གལ་ཆེན་སྐོར་རིན་མེད་དུ་འཆད་ཁྲིད་གནང་རྒྱུ་ཡིན་པས་དེ་ལུགས་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་ཚོགས་པའི་ནང་ཞུགས་རོགས།  

 

གསལ་བཤད། 

འཆད་ཁྲིད་མཁན།  རྨེ་གྲྭ་ཚེ་རིང་བསམ་འགྲུབ། 

ཧི་མ་ལ་ཡ་རིག་མཛོད་ཁང་གི་གཙོ་འཛིན་གཞོན་པ། 

བོད་ཀྱི་སྤྱི་ཚོགས་སློབ་གསོ་བ་གྲགས་ཅན། 

བརྩམས་ཆོས་ལ་པོད་དྲུག་བཞུགས།

 

སློབ་མའི་ཆ་རྐྱེན།

༡སྐྱ་སེར་ཕོ་མོ་རྒན་གཞོན་ལ་ཁྱད་པར་མེད། 

༢ བོད་ཀྱི་སྐད་ཡིག་སྦྱང་བ་ལ་རེ་འདུན་ཆེ་བ།

༣ དུས་ཚོད་ལྟར་སློབ་ཁྲིད་ལ་གསན་སྦྱང་གནང་ཐུབ་མཁན། 

༤ དགེ་རྒན་དང་ཚོགས་པའི་སྒྲིག་གཞི་ལ་བརྩི་སྲུང་ཤེས་པ། 

༥ ལྷག་ཏུ་བོད་ཡིག་འབྲི་ཀློག་གི་རྨང་གཞི་ཡག་པོ་ཡོད་མཁན་ཞིག་ཡིན་དགོས།

༦ ལས་དང་པོ་བ་དང་བསྟུན་ནས་རྨང་གཞིའི་བརྡ་སྤྲོད་ནས་ཁྲིད་རྒྱུ་ཡིན་པས་དེ་ལུགས་ཞུ། 

 

འཁྲིད་བྱ།

སུམ་ཅུ་པ་ལེགས་བཤད་ལྗོན་དབང་། རྟགས་འཇུག་དཀའ་གནད་གསལ་མེ། 

བདེ་ཐང་དང་སྤྱི་ཚོགས་སྟེང་གི་རྒྱུན་ཤེས་སྐོར་གྱི་སློབ་ཁྲིད་བཅས་ཡོད། 

 

དོ་དམ་པའི་འབྲེལ་གནས།

འཕྲིན་ཕྲན་གྱི་འབྲེལ་ལམ་འདི་བརྒྱུད་ནས་ཚོགས་པའི་ནང་ཞུགས་དགོས། 

chanpin1234


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章