རྫོང་སར་འཇམ་དབྱངས་མཁྱེན་བརྩེ་མཆོག་གི་གསུང་དུམ་ཐོར་བུ་འགའ།

文化   2024-09-22 19:58   四川  
རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཚང་གི་གསུང་དུམ་ཐོར་བུ་འགའ། 

༡ ལོ་ན་ཆུང་དུས་རྩེད་ཆས་ཆག་ཚེ་ཁྱོད་རང་ངུ་སྲིད། ཡིན་ནའང་ནར་སོན་རྗེས་དེ་འདྲ་བྱེད་མི་དཔེ། རྒྱུ་མཚན་ཁྱོད་ཀྱིས་དེ་ཉིད་རྩེད་ཆས་ཙམ་དུ་ངོས་འཛིན་པས་རེད། དེ་དང་འདྲ་བར་འཇིག་རྟེན་འདིའི་རིན་ཐང་མང་པོ་ཞིག་ཀྱང་། དཔེར་ན་སྙན་གྲགས་དང་། བསྟོད་བསྔགས། སྐྱོན་བརྗོད། དོ་ཁུར། སྣང་མེད། བདེ་སྐྱིད། ཐོབ་ཤོར་སོགས་ཀྱང་རྩེད་ཆས་དང་གཉིས་སུ་མེད་དེ། ངེད་ཅག་གི་བློ་གྲོས་ཡོངས་སུ་སྨིན་ཚེ་འདི་དག་ཡོད་ཚད་རྩེད་ཆས་ཙམ་དུ་ངོས་ཟིན་ནོ། 

༢ གལ་ཏེ་ཁྱོད་ཀྱི་ལུས་ན་རྣག་ཁྲག་གིས་ཟིན་པའི་རྨ་ཁ་ཞིག་ཡོད་པ་མིན་ན། གཞན་གྱིས་ཚྭ་བཏབ་ནས་ཁྱོད་ལ་གནོད་མི་ཐུབ། ནམ་ཞིག་ཁྱོད་ཀྱིས་རང་ཉིད་ལ་གནོད་པ་གང་ཞིག་ཐེབས་སོང་བསམ་ན། དེ་ནི་ཁྱོད་རང་གི་སྟེང་ན་རྨ་ཁ་ཡོད་པས་རེད། 

༣ མི་ཚེའི་དུས་ཚོད་ཕལ་མོ་ཆེའི་ནང་དུ་ང་ཚོས་མི་གཞན་གྱི་ངོ་མདོག་ལ་བལྟས་ནས་འཚོ་བ་རོལ་ཞིང་། དེ་ཡང་དོན་དུ་རང་ཉིད་བདེ་ལྷོད་ལྷོད་ཅིག་ཡོང་ན་བསམ་པ་ཡིན།

༤ སྐྱེ་བ་སྔོན་མའི་ཁྱོད་ཀྱི་གཅེས་ལོ་མས། ད་རེས་མིས་བཟོས་ཐང་ཆེན་སྟེང་ན་ཕུག་རོན་གྱི་སྐྱེ་བ་བླངས་ཡོད་ཀྱང་སྲིད། གཤོག་པ་རྡེབ་བཞིན་ཁྱོད་ཀྱི་གམ་དུ་བབས་ཀྱང་ཁྱོད་རང་ངོ་ཤེས་མི་སྲིད། དེ་བས་ཁྱོད་རང་འཕྲད་པའི་སྐྱེ་འགྲོ་ཡོད་དོ་ཅོག་ལ་འཚེ་བ་མ་གནང་རོགས།

༥ ཐར་བ་དོན་དུ་གཉེར་ན་ངེས་པར་དུ་རབ་ཏུ་བྱུང་བའམ་རི་ཕུག་ཏུ་འགྲོ་དགོས་པས་མ་ངེས་ལ། དེ་ལྟར་བསམ་པའི་བློ་ནི་ཡང་མ་དག་པ་སྟེ། སྔོན་བྱོན་གྱི་དམ་པ་ཇི་སྙེད་ཅིག་ཀྱང་ཁྱིམ་ཐབ་འཛིན་པ་ཤ་སྟག་ཡིན་པས་སོ།

———ཀུན་རྡོར་གྱིས་བསྒྱུར།

岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章