སངས་རྒྱས་ཀྱི་བསྟན་པ་འདི་འཛམ་གླིང་ལ་ཉི་མ་ཤར་བ་ལྟ་བུ་ཞིག་དར་ཐུབ།

文化   2024-09-11 21:16   四川  
ནང་བསྟན་གྱི་མ་འོངས་པའི་གནས་སྟངས།


རྩོམ་པ་པོ། རྣོ་ལྕགས།


   གལ་ཏེ་འཛམ་གླིང་གི་འགྲོ་སྟངས་ཚང་མ་ད་ལྟ་འདི་བཞིན་མུ་འཐུད་དུ་གནས་ཐུབ་ན་མི་འགོར་བར་ང་ཚོའི་སངས་རྒྱས་ཀྱི་བསྟན་པ་འདི་འཛམ་གླིང་ལ་ཉི་མ་ཤར་བ་ལྟ་བུ་ཞིག་དར་ཐུབ་པ་ཐེ་ཚོམ་མི་དགོས་པ་ལྟ་བུའི་གནས་སྟངས་ཤིག་ཡིན་པ་རེད། ཡིན་ན་ཡང་འགྱུར་བ་གང་འདྲ་འབྱུང་སུས་ཀྱང་ཚོད་མི་ཟིན་པ་ཞིག་གོ།


   ཡེ་ཤུས་ཆོས་ལུགས་ཀྱིས་འཛམ་གླིང་དབང་དུ་བསྡུས་པ་ཆོས་ལུགས་ངར་སོང་བ་ཨེ་རེད། མ་རེད། ཆོས་ལུགས་དེ་ལ་དད་མོས་བྱེད་པའི་རྒྱལ་ཁབ་དེ་དག་ངར་སོང་བ་རེད། འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཨ་རི་དང་ཡོ་རོབ་གླིང་གི་འབྱོར་ལྡན་རྒྱལ་ཁབ་དེ་དག་གིས་དད་པ་བྱེད་ཀྱིན་འདུག་པས་འདི་མི་འདྲ་བ་ཞིག་ཡིན་རྒྱུ་རེད་འདོད་པའི་རི་བོང་ཅལ་འགྲོགས་བྱས་པ་རེད།   


   རྒྱལ་ཁབ་མངའ་ཐང་རྒྱས་ན་བསྟན་པ་དར་ཟེར་བ་བཞིན་ཉེ་ལམ་ནུབ་ཕྱོགས་ཉམས་ནས་ཤར་ཕྱོགས་དར་བཞིན་སྐབས་ཤིག་ཡིན་པ་རེད། འདི་ནི་ནང་བསྟན་ལ་མཚོན་ན་ཆེས་ཤིན་ཏུ་རྙེད་དཀའ་བའི་གོ་སྐབས་ཤིག་ཡིན་པ་རེད། རྒྱ་གར་ནག་གཉིས་ནི་ནང་བསྟན་དར་སའི་རྒྱལ་ཁབ་གཉིས་ཡིན་པར་མ་ཟད། ལྟོས་བཅས་ཀྱིས་བཤད་ན་གཉིས་ཀ་ནང་བསྟན་གྱི་རྒྱལ་ཁབ་ཡིན་པ་རེད།


   མ་འོངས་པར་འཛམ་གླིང་ཤར་ཕྱོགས་ཀྱིས་སྣེ་ཁྲིད་བྱེད་ནས་འགྲོ་དུས་ནང་བསྟན་གྱིས་འཛམ་གླིང་དབང་དུ་བསྡུད་རྒྱུ་རེད་ལ་སངས་རྒྱས་ཀྱི་བསྟན་པ་གོ་ལ་འདིའི་སྒང་ན་ཉི་མ་ཤར་བ་ལྟ་བུ་ཞིག་དར་རྒྱུ་རེད། དེ་དུས་ང་ཚོའི་འཚོ་བའི་ཁྲོད་ཀྱི་དུས་ཆེན་དག་ཀྱང་ནང་བསྟན་དང་འབྲེལ་ཡོད་ཁོ་ན་ལ་འགྱུར་རྒྱུ་རེད། འདི་ནི་རྨི་ལམ་ཞིག་ཀྱང་ཡིན་ལ་དོན་དངོས་ཤིག་ཀྱང་ཡིན་ནོ།།


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章