འོས་སྦྱོར། སྙན་ངག་པ་ཡིན་མིན་གྱི་ཚད་ཐིག་ལོག་པ་བཅུ། སྒང་རུ་དར།

文化   2024-11-15 22:05   四川  
སྙན་ངག་པ་ཡིན་མིན་གྱི་ཚད་ཐིག་ལོག་པ་བཅུ།

རྩོམ་པ་པོ། སྒང་རུ་དར། 

གཅིག རྫོང་དང་ཁུལ་རིམ་པ་སོགས་རྩོམ་པ་པོའི་མཐུན་ཚོགས་གང་ཞིག་གི་ཁོངས་མིའམ་ཚོགས་མི་ཡིན་མིན་ལ་བལྟ་བ། 

གཉིས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་བྱེད་སྒོ་གང་ཞིག་བརྒྱུད་དེ་རྩོམ་རིག་གི་བྱ་དགའ་ཐོབ་མྱོང་མ་མྱོང་ལ་བལྟ་བ། 

གསུམ། འགྲན་བསྡུར་གྱི་རིམ་པ་གང་རུང་ཞིག་ལས་ཨང་རིམ་མཐོན་པོའི་ཆོ་ལོ་རག་མྱོང་མ་མྱོང་ལ་བལྟ་བ། 

བཞི། དུས་དེབ་དང་དྲྭ་ཚིགས་སོགས་སུ་སྙན་ངག་མང་པོ་སྤེལ་ཡོད་མེད་ལ་བལྟ་བ། 

ལྔ། སྒེར་དེབ་དང་པོ་དང་གཉིས་པ་སོགས་བརྩམས་ཆོས་མང་པོ་དེབ་གཟུགས་ཀྱིས་སྤྱི་ཚོགས་སུ་བཀྲམ་མྱོང་མིན་ལ་བལྟ་བ།

དྲུག ས་གནས་སམ་སྒེར་གཉེར་གྱི་ལོ་དེབ་དང་ཚགས་པར་སོགས་ཀྱི་རྩོམ་སྒྲིག་པའི་ལས་ཀ་བྱེད་མྱོང་མིན་ན་བལྟ་བ།

བདུན། བརྩམས་ཆོས་ལ་ལ་གྱེར་འདོན་པ་གྲགས་ཆེན་གྱིས་གྱེར་མྱོང་བའམ་གླུ་གཞས་གཏོང་མཁན་གྱིས་ལེན་མྱོང་མིན་ལ་བལྟ་བ།

བརྒྱད། བརྩམས་ཆོས་ཤིག་དྲྭ་ལམ་སོགས་སུ་སྤེལ་སྐབས་དེ་ལ་དོ་སྣང་ཆེན་པོས་བརྒྱུད་འགོད་བྱེད་མཁན་དང་མཐེ་བོང་སྟོན་མཁན་ཡོད་མེད་ཙམ་ལ་བལྟ་བ། 

དགུ། བརྩམས་ཆོས་ཀྱི་གྲངས་ཀ་མང་ཉུང་ལ་བལྟ་བ།

བཅུ། སྙན་ངག་པ་ཞེས་འབོད་མཁན་ཡོད་མེད་དང་སྙན་ངག་པའི་གྲགས་པ་ཐོབ་ཡོད་མེད་དེ་མདོར་ན་སྙན་ངག་པ་གྲགས་ཞིག་ཡིན་མིན་ལ་བལྟ་བ་བཅས་སོ། 

岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章