གལ་ཏེ་གསོལ་འདེབས་བྱས་ན་ཁྱོད་ཀྱི་ནད་བཅོས་ཐུབ། ཚན་རིག

文化   2024-09-20 17:54   四川  
 
རྣམ་པར་ཤེས་པའི་ནུས་པ་ལ་བརྟེན་ནས་འཚོ་བ་ལ་འགྱུར་བ་འགའ་རེ་གཏོང་བ། དམིགས་ཡུལ་གང་རུང་ཞིག་བདམས་པར་བྱས་ནས། རང་ཉིད་ཀྱི་ལུས་ཐོག་ཏུ་འབྱུང་བར་རེ་བའི་དོན་ཞིག་རྣམ་པར་ཤེས་པའི་ནུས་པ་ལ་བརྟེན་ནས་མངོན་གྱུར་ཡོང་ཐབས་བྱེད་དགོས།

 དེ་ཡང་ཆེས་འབྱུང་བར་དཀའ་བ་ཞིག་གམ་ཕལ་ཆེར་འབྱུང་མི་སྲིད་པའི་དོན་ཞིག་ཡིན་ན་ཤིན་ཏུ་བཟང་། གལ་སྲིད་དེ་དངོས་གནས་མངོན་དུ་གྱུར་ན། དེ་ནི་ལྷག་པར་དུ་ཁྱོད་ཀྱི་རྣམ་པར་ཤེས་པའི་ནུས་པ་ཡིན་པར་ཐག་གཅོད་བྱེད་ཐུབ་པ་རེད། འོག་གི་འདི་དག་ནི་དཔྱད་གཞིའི་གདམ་བྱའི་རྣམ་གྲངས་འགའ་ཞིག་ཡིན། བརྟག་པ་མཐར་བཟུང་སྟེ་གལ་སྲིད་བཟའ་ཟླས་ཁྱོད་ལ་མེ་ཏོག་ཅིག་འབུལ་མ་མྱོང་ན།

 གློ་བུར་དུ་ཁོས་ཁྱོད་ལ་མེ་ཏོག་ཅིག་འབུལ་དུ་བཅུག་པ།བརྟག་པ་མཐར་བཟུང་སྟེ་རང་གི་བཟའ་ཟླ་མོས་སྔོན་ཆད་རང་དང་ལྷན་དུ་འདུག་ནས་ཨར་ལུགས་ཀྱི་རྐང་རྩེད་སྤོ་ལོའི་ཆེད་གཏོང་ལེ་ཚན་ལྟ་རྒྱུར་དང་ལེན་བྱེད་མ་མྱོང་ན། མོ་ལ་གློ་བར་དུ་དེ་ལྟར་བྱེད་པ་དམིགས་གཏད་བྱེད་པ།ཁྱིམ་མཚེས་ངན་པ་ལ་རང་འགུལ་གྱི་སྒོ་ནས་སྣ་ཚོགས་གཏམ་གྱི་སྒོ་མོ་ཕྱེ་རུ་བཅུག་པ།ཕྲུ་གུ་ལ་རང་ཉིད་སྔ་མོ་གཉིད་ལས་སད་པ་དང་།

 མི་གཞན་གྱིས་བསྐུལ་མི་དགོས་པར་རང་ཉིད་ཀྱི་ངོ་བཀྲུ་གདོང་བཤལ་དང་། གོས་གྱོན་ནས་སློབ་གྲྭར་འགྲོ་གྲབ་བྱེད་བཅུག་པ།དཔེར་ན་ཆར་བའི་འབབ་ཚད་བརྒྱ་ཆའི་སུམ་ཅུ་ཙམ་མཐོ་བ་དང་ཡང་ན་དམའ་བ་ལྟ་བུ་གནམ་གཤིས་ལ་འགྱུར་བ་གཏོང་བ།

 ཕྲུ་གུ་ལ་རང་འགུལ་གྱིས་མལ་ཆས་གཙང་སེལ་བྱེད་བཅུག་པ།ཁྱོད་ཀྱི་གསོས་ཁྱི་ལ་མཚན་མོ་གང་བྱུང་དུ་སྐད་འདོན་མི་ཡོང་བར་བྱེད་པ།རང་ཉིད་ཀྱི་བཟའ་ཟླ་དེ་ལས་ཀ་ལས་གྲོལ་བའི་རྗེས་སུ་རྒྱུན་ལྡན་ལས་དུས་ཚོད་གཅིག་གིས་ཁྱིམ་དུ་ལོག་སྔར་བཅུག་པ།

 ཁྱོད་ཀྱི་ཕྲུ་གུ་ཡིས་བརྙན་འཕྲིན་ལྟ་བའི་དུས་ཚོད་དེ་རྒྱུན་ལྡན་ལས་དུས་ཚོད་གཉིས་ཉུང་བུ་གཏོང་བ། རྒྱུན་དུ་ཁྱོད་ཀྱི་ཞེ་ལ་གཟན་པའི་ཚིག་རྩུབ་སྨྲ་བའི་ལས་གྲོགས་དེ་ལ་རང་འགུལ་གྱིས་ཁྱོད་ལ་ཆེད་དུ་དགའ་བའི་འཛུམ་གྱིས་ཚིག་བཟང་སྨྲར་བཅུག་པ། ཁྱོད་ཀྱི་ལས་ཀའི་གྲུབ་འབྲས་བཅུ་ཆ་གཅིག་འཕར་བཅུག་པ། ཁྱོད་ཀྱིས་བཙུགས་པའི་རྩི་ཤིང་གི་རིགས་རྣམས་སྐྱེ་ཚད་དེ་རྒྱུན་ལྡན་ལས་བཅུ་ཆ་གཅིག་གིས་མགྱོགས་སུ་གཏོང་བ།གལ་སྲིད་དམིགས་པ་འདི་དག་ལ་ནུས་པ་ཐོན་ན།

 རྣམ་པ་ཚོས་དམིགས་པ་དེ་ལས་ཀྱང་ཅུང་རྙོག་འཛིང་ཆེ་བ་ལ་འཇུག་ཆོག འོན་ཀྱང་དང་པོའི་སྐབས་སུ་དོན་གཅིག་ལ་འགྱུར་བ་གཏོང་བའི་དམིགས་པ་བྱས་ན་དེས་ཆོག དེ་ལྟར་བྱས་པས་ཚད་ཅན་དུ་འགྱུར་བ་དང་། དེ་ནི་ཁྱོད་ཀྱི་རྣམ་པར་ཤེས་པས་ནུས་པ་ཐོན་པ་ཡིན་པར་ཐག་གཅོད་བྱེད་སླ་བ་ཡིན།

ཡོང་ཁུངས།  རྣམ་ཤེས་ཀྱི་ནུས་པའི་གསང་བ།

岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章