ང་ཚོ་བོད་ཀྱི་གྲྭ་ལོག་དག་ལ་བསྐུར་བའི་སྐད་ཆ་ཚན་པ་བཅུ།

文化   2024-12-17 18:52   四川  
རྩོམ་པ་བོ། འོད་གྲུ།


   གྲྭ་བ་ཚོ་གྲྭ་ལོག་བྱེད་རྒྱུར་སྤྲོ་བ་ནི་རང་གི་བསམ་བློ་ཙམ་རེད། འོན་ཏེ་གྲྭ་ལོག་བྱས་རྗེས་སངས་རྒྱས་སངས་རྒྱས་མ་ཡིན་པར་བརྗོད་པ་དང་། གྲྭ་བ་ཀུན་ནང་ཆོས་དང་འཇིག་རྟེན་པའི་བྲན་གཡོག་རེད་ཟེར་བ་དང་། ཆོ་ག་ཆོས་སྤྱོད་འདོན་ན་ཕན་ཡོན་མེད་པར་མ་ཟད་དེ་ལ་བརྟེན་ནས་ཉེས་པ་འབྱུང་བ་སོགས་བརྗོད་བ་ནི་ཅི་འདྲའི་ཉམ་ང་བའི་སྐད་ཆ་ཞིག་རེད་ཨང་། གལ་ཏེ་བསམ་གཞིགས་ཡང་དག་ཅིག་ཞིབ་ཏུ་བྱས་ན། དེ་འདྲའི་ལྟ་ལོག་བྱེད་ཚུལ་ནི་ལུང་རིགས་གང་གི་རྒྱབ་བརྟེན་ཡང་མེད་པར་རང་གི་སེམས་ནས་ཅི་ཤར་དང་ཁ་ནས་ཅི་དྲན་ཙམ་བརྗོད་པ་རེད་མ་གཏོགས་རྒྱུ་མཚན་ནམ་གཏན་ཚིགས་ཡང་དག་ཅིག་གཏན་ནས་མེད་པར་སེམས།


གཅིག ནང་ཆོས་ལ་ཕན་ཡོན་མེད་ཚུལ་གླེང་བ་ནི་དགོད་འཆོར་ས་རང་ཉིད་ཀྱི་ཉེས་སྐྱོན་དང་བསྟན་པ་ལ་ཞབས་འདྲེན་རེད།


གཉིས། སྟོན་པ་ནི་ཚད་མའི་སྐྱེས་བུ་མ་ཡིན་པར་བརྗོད་པ་ནི་རང་ཉིད་ཀྱི་བློ་སྐྱོན་དང་ནང་ཆོས་ལ་དཔེ་ཀློག་ཉུང་བ་དད་པ་མེད་པས་རེད།


གསུམ། བསྟན་པ་ལ་དགག་པ་གཏོང་བ་ནི་རང་ཉིད་ཀྱི་འདས་མ་ད་གསུམ་གྱི་འཚོ་བ་བརྟེན་ཡུལ་ལ་གཅིན་སྐྱག་གཏོང་བ་དང་འདྲ།


བཞི། གྲྭ་བ་ཀུན་ནང་ཆོས་ཀྱི་བྲན་གཡོག་རེད་འདོད་པ་ནི་རང་ཉིད་ཀྱིས་འགྲེལ་ལོག་ཙམ་དང་འཛིན་སྟངས་མི་གཅིག་པས་རེད།


ལྔ། ནང་ཆོས་ལ་སྐྱུགས་ལོག་པ་ནི་རང་ཉིད་ཀྱིས་ལོག་འཛིན་དང་ནང་ཆོས་ཀྱི་གོ་བ་མ་རྙེད་པས་རེད།


དྲུག ནང་ཆོས་ལ་མི་དད་པ་ནི་བསམ་བློ་མང་དྲགས་པ་དང་ལྟ་ལོག་པ་ཚོར་དགའ་དྲགས་པས་རེད།


བདུན། ནང་བསྟན་སློབ་གཉེར་བྱེད་པའི་གྲྭ་བ་ཚོ་མཐོང་དུས་སྤྲོ་ལང་བ་དང་དམའ་འབེབ་བྱེད་པར་སྤྲོ་བ་ནི་སློབ་གཉེར་བྱེད་སྟངས་དང་བསམ་བློ་མི་གཅིག་པས་རེད།


བརྒྱད། ནང་ཆོས་ཀྱི་གོ་བ་མི་རྙེད་པ་ནི་ནང་ཆོས་ཀྱི་བསྐོར་ལ་དཔེ་ཀློག་ཉུང་བ་དང་ཉིད་ཀྱི་དགེ་རྒན་དམན་པས་རེད།


དགུ། ནང་ཆོས་ལ་དགག་རྩོམ་འབྲི་རྒྱུར་དགའ་བ་དང་ནང་ཆོས་ལ་དགག་པ་འཚོལ་བར་དགའ་བ་ནི་རང་ཉིད་ལ་མཚན་སྙན་ཅུང་ཨེ་རྙེད་སྙམ་པས་རེད།


བཅུ། ལྟ་ལོག་པའི་བསམ་བློ་ལ་འདུན་པ་དང་དུངས་ཞེན་ཆེ་བ་ནི་རང་ཉིད་ལྟ་ལོག་པ་དང་ཁ་ཕྱོགས་མཐུན་པས་རེད།


གསལ་བཤད། ཁ་བྱང་དངོས། ནང་ཆོས་དང་གྲྭ་ལོག


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章