བོད་ཀྱི་ལོ་རྒྱུས་ལ་ད་སྔོན་བྱུང་མ་མྱོང་བའི་མཁས་པ་མི་གསུམ།

文化   2024-09-21 17:32   四川  

བོད་ཀྱི་ལོ་རྒྱུས་ལ་ད་སྔོན་བྱུང་མ་མྱོང་བའི་མཁས་པ་མི་གསུམ།


རྩོམ་པ་པོ། ཁམས་ན་རོ།


གཅིག དབུས་ཀྱི་ར་སེ་དཀོན་མཆོག་རྒྱ་མཚོ།


བོད་ལ་མཁས་པ་མང་པོ་བྱུང་རབས་ཡོད།

།བོད་ལ་གྲུབ་པ་དེ་ལས་མང་རབས་ཡོད།།

འོན་ཀྱང་དབུས་ཀྱི་ར་སེ་དཀོན་རྒྱམ་ལ།།

འགྲན་ཟླ་ཁྱོད་ཀྱིས་སུ་ཞིག་འཇོག་རྒྱུ་ཡིན།།


གཉིས། ཨ་མདོའི་ཞོགས་དུང་།


བོད་ལ་གཞུང་ལུགས་མཁས་པ་མང་རབས་ཡོད།།

བོད་ལ་དགེ་རྒན་དེ་ལས་མང་རབས་ཡོད།།

འོན་ཀྱང་ཨ་མདོའི་ཞོགས་དུང་ལྟ་བུ་ཞིག། 

ད་སྔོན་སུ་དང་སུ་ཞིག་བྱུང་མྱོང་ཡོད།།


གསུམ། ཁམས་ཀྱི་ཐུབ་བསྟན་ཕུན་ཚོགས།


བོད་ལ་དགེ་བཤེས་མཁན་པོ་མང་པོ་ཡོད།།

བོད་ལ་སྤྲུལ་སྐུ་བླ་མ་དེ་ལས་མང་།། 

འོན་ཀྱང་ཁམས་ཀྱི་ཐུབ་ཕུན་ལྟ་བུ་ཞིག།

བདེན་དོན་སྨྲ་བའི་དབང་པོ་སུ་ཞིག་ཡོད།།

ན་གཞོན་ཕལ་ཆེར་མཁས་པ་འདི་ཚོར་དད།།

ཀླད་རྙིང་འགའ་རེས་དགག་པ་གཏོང་ཁུལ་བྱེད།།

དུས་རབས་གསར་པའི་སྐྱ་རེངས་གསལ་བའི་ཚེ།།

བདེན་པའི་ཅོང་བརྡ་འདི་གསུམ་ཁོ་ན་ཡིན།།

གསོན་པོར་བཞུགས་ཚེ་དགག་པ་གཏོང་ཁུལ་བྱེད།།

འདས་པའི་དུས་ན་ད་གཟོད་རིན་ཐང་རྟོགས།།

གསོན་པོར་མི་དགའ་ཤི་བོར་བསྟོད་པ་འདི།།

ང་ཚོ་བོད་པ་ཚང་གི་རང་གཤིས་ཡིན།།

ཐང་ཀའི་ངོས་དེ་འདས་པའི་མཁས་པ་ཡིན།

དེ་ལ་དད་པ་བཞག་ནས་མཆུ་མ་གཏོང་།། 

གསོན་པོར་མདུན་ན་བཞུགས་པའི་མཁས་པ་ཚོའི།།

རིན་ཐང་མི་གླེང་བླུན་རྟགས་མ་ཡིན་ནམ།།

མཁས་པ་འདི་གསུམ་དགོན་པའི་བླ་མ་མིན།།

གསེར་ཁྲི་དངུལ་ཁྲིར་འགྱིང་བའི་གྲུབ་པ་མིན།།

ཁེ་ཕན་སྒེར་དོན་ཅི་ཡང་མེད་མཁན་ཡིན།།

སྐད་ཆ་དྲང་གཏམ་ངོ་མ་གླེང་མཁན་ཡིན།། 

དྲང་གཏམ་གླེང་ན་ང་ཚོས་སྣ་གཉེར་བྱེད།།

ལྷ་སྒྲུང་བཤད་ན་ད་གཟོད་མགོ་བོ་སྒུར།།

མི་ལོ་བརྒྱ་ཕྲག་བླུན་རབས་བླུན་བརྒྱུད་བྱས།།

ད་ནི་ངོ་མ་ང་ཚོ་སད་རན་རེད།།

བརྒྱད་ཐིག་དགུ་ཐིག་ཚུན་གྱི་ལོ་ཆུང་ཚོ།།

སྔོན་དང་མི་འདྲ་ཅུང་ཙམ་སད་ཉམས་མངོན།།

དྲུག་ཐིག་བདུན་ཐིག་རྗེས་ཀྱི་རྒན་པ་ཚོས།།

ད་རུང་གན་ནས་རྨོངས་རྟགས་གཉིད་རྟགས་སྟོན།།


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章