ཟླ་1ཚེས་8ཉིན་གྱི་ཆུ་ཚོད་23དང་སྐར་མ་30ལ། ཆེད་གཏོང་མེ་འཁོར་95001རྟགས་ཅན་ཁྲེང་ཏུའུ་ནས་ཐོན་ཞིང་འཁོར་སྒྲོམ་15ཡོད་པ་དང་། དེའི་ནང་འོ་མ་དང་ཏན་ཞིམ། སྟབས་བདེའི་འབྲས་ཚལ། སྟབས་བདེའི་ཐུག་པ། ཇ་སི་ར་སོགས་འཚོ་བའི་དངོས་ཟོག་ཁྱོན་ཏུན་450ཡོད་པ་རེད།
ཟླ་1ཚེས་9ཉིན་གྱི་ཆུ་ཚོད་2ལ། ཆེད་གཏོང་མེ་འཁོར་95003རྟགས་ཅན་པའོ་ཁྲེང་ནས་ཐོན་ཞིང་འཁོར་སྒྲོམ་31ཡོད། དེའི་ནང་གཙོ་བོ་ཏུན་400ཟིན་པའི་སྟབས་བདེའི་ཁང་པ་400ཡོད་པ་རེད། ཆེད་གཏོང་མེ་འཁོར་གཉིས་ནང་བླུགས་པའི་དངོས་ཟོག་དེ་དག་གཞིས་རྩེའི་མེ་འཁོར་བབས་ཚུགས་ནུབ་མར་འབྱོར་འཕྲལ་གཞུང་ལམ་བརྒྱུད་དིང་རི་རྫོང་གི་ཕྱོགས་སུ་དབོར་ཏེ་གེགས་ཁུལ་གྱི་མང་ཚོགས་ལ་སྤྲད་པ་རེད།