ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་གཉིས་པ་ནས་དང་པོར་སྤར་འདུག

政务   2025-01-07 22:46   西藏  


ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་གཉིས་པ་ནས་དང་པོར་སྤོར་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའི་བརྡ་ཐོ། 


    བོད་ལྗོངས་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། 2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་09དང་སྐར་མ་05ཙམ་ལ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8(བྱང་གི་འཕྲེད་ཐིག་ཏུའུ་28.50དང་ཤར་གྱི་གཞུང་ཐིག་ཏུའུ་87.45)བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད། ས་ཡོམ་གྱི་འབྲེལ་ཡོད་གནས་ཚུལ་ལ་གཞིགས་ནས། ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའུ་ཡིས《བོད་རང་སྐྱོང་ལྗོངས་ས་ཡོམ་འཕྲལ་སྡོམ་སྔོན་ཇུས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཏེ། ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་དང་པོར་སྤར་ནས། འཕྲལ་དུ་ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་དང་པོའི་ཐོག་ནས་ལས་དོན་སྤེལ་རྒྱུ་གཏན་འཁེལ་བྱས་པ་ཡིན།

བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའུ་ཡིས།
2025ལོའི་ཟླ་1ཚེས་7ཉིན།



ཞི་ཅིན་ཕིང་གིས་དིང་རིའི་ས་ཡོམ་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།


ས་ཡོམ་རྒྱག་ཁུལ་དུ་རླངས་འཁོར་35དང་མི་198རོགས་སྐྱོབ་ལ་བཏང་བ་དང……

ས་ཡོམ་གྱི་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ།




རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章