ས་ཡོམ་བརྒྱབ་ཁུལ་ནས་ཝང་ཅུན་ཀྲེང་གིས་གསུངས་དོན།

政务   2025-01-08 13:27   西藏  


    ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཙམ་ལ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་སྟེ་མཛུབ་སྟོན་གལ་ཆེན་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་གཉིས་པ་བྱེད་འགོ་བཙུགས་པ་དང་སྦྲགས། ལས་དོན་ཚོགས་ཆུང་ཡོམ་ཁུལ་དུ་ཡོམ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་བཏང་ཡོད། བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོམ་འགོག་གེགས་སེལ་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་འབྲེལ་ཡོད་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་དང་པོ་བྱེད་འགོ་བཙུགས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འཕྲལ་མར་ལས་དོན་གྱི་བླང་བྱ་བཏོན་གནང་བ་དང་། དེ་རྗེས་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་བཀོད་གཏོང་བཀོད་སྒྲིག་གནང་བར་ཕེབས་པ་མ་ཟད། ཡོམ་ཁུལ་དུ་ཡོམ་འགོག་གེགས་སེལ་ལས་དོན་ལ་བཀོད་འདོམས་གནང་བར་ཕེབས་པ་རེད།


རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ནས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་བཀོད་སྒྲིག་གནང་བ།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ནས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་བཀོད་སྒྲིག་གནང་བ།

    དེ་ཉིན་ཉིན་གུང་ཝང་ཅུན་ཀྲེང་དིང་རུ་རྫོང་དུ་ཕེབས་པ་དང་། ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་པའི་གྲམ་སོ་ཤང་གི་མགུ་རིང་གྲོང་ཚོ་དང་ཟིང་དཀར་གྲོང་ཚོ་དང་། མཚོ་སྒང་ཤང་གི་སྐྱིད་ལྡིང་གྲོང་ཚོ། ཆུ་ལྷོ་ཤང་སོགས་སུ་རོགས་སྐྱོར་སྐྱོབ་བཅོས་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱས་ཚུལ་སོགས་ལ་མཁྱེན་རྟོགས་གནང་བར་ཕེབས་ཞིང་། ཁོང་གིས་གསུངས་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཐའ་མཚམས་ས་ཁུལ་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་མཐའ་མཚམས་ཀྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་བ། ཞོར་ཐོན་གནོད་འཚེ་བཀག་འགོག གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག རྗེས་འཇུག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ་ཡོམ་གནས་ཚུལ་གྱི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བར་ཤུགས་སྣོན་དང་། ཉེན་སེལ་རོགས་སྐྱོབ་ཀྱི་དངོས་ཟོག་དུས་ཐོག་ཏུ་གཏོང་སྤྲོད། གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མགྱོགས་པོ་བཟོ་བར་དམ་འཛིན། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བཅས་བྱས་ནས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་གྱིས་ང་ཚོར་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པ་དང་། དམག་འཐབ་ཆེན་པོ་དང་དྲག་པོ་འདིའི་རྒྱལ་ཁ་ལེན་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་བཏང་ཡོད།  


རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫིང་གྲམ་སོ་ཤང་མགུ་རིང་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་བ།

    གང་དུ་ཕེབས་ཀྱང་ཝང་ཅུན་ཀྲེང་གིས་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་བཅས་ཀྱི་ཐུགས་ཁུར་དང་བྱམས་སྐྱོང་བརྒྱུད་བསྒྲགས་གནང་བ་དང་། མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བྱམས་སྐྱོང་འོག་ང་ཚོས་དཀའ་ངལ་ཡོད་ཚད་ཁྱད་བསད་ཐུབ་ངེས་ཡིན་པ་ཡིད་ཆེས་བྱེད་དགོས་ཞེས་གསུངས་ཤིང་། ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་བླང་བྱ་བཏོན་གནང་དོན། གེགས་ཁུལ་ནི་ས་བབ་མཐོ་བའི་ས་ཆ་ཡིན་པའི་དམིགས་བསལ་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གྲང་འགོག་དྲོད་སྲུང་ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་དགོས་པ་དང་། གུར་དང་། གྱོན་ཆས། སྲིང་བལ་ཉལ་ཆས། ཐབ་སོགས་དངོས་ཟོག་སྐྱེལ་འདྲེན་བྱེད་པ་དང་། གུར་མགྱོགས་པོ་ཕུབ་སྟེ་གནོད་འཚེ་ཕོག་པའི་མང་ཚོགས་ཚོར་ཟ་མ་ཚ་པོ་ཟ་རྒྱུ་ཡོད་པ་དང་། ཆུ་ཚ་པོ་འཐུང་རྒྱུ་ཡོད་པ། གུར་ནང་སྡོད་རྒྱུ་ཡོད་པ། དྲོ་སོབ་སོབ་ངང་མཚན་མོ་སྐྱེལ་ཐུབ་པ་བཅས་བྱས་ནས་བརྩེ་བ་ཟབ་མོ་ཚོར་ཐུབ་པ་བྱེད་དགོས། ཞོར་ཐོན་གནོད་འཚེ་ཐོན་རྒྱུ་གཏན་འགོག་ནན་པོ་བྱས་ཏེ། ཁང་པར་གཏོར་སྐྱོན་ག་ཚོད་ཕོག་ཡོད་མེད་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། གཏོར་སྐྱོན་ཚབས་ཆེན་ཕོག་པའི་ཁང་པར་དོ་དམ་ནན་པོ་བྱེད་པ། སྐོར་ཞིབ་ལས་རེས་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་འགོག་ཟོན་གྱི་ལས་དོན་ཡག་པོ་སྒྲུབ་པ། མེ་སྐྱོན་ནན་འགོག་བྱེད་པ། གཙང་སྦྲ་འཕྲོད་བསྟེན་དང་རིམས་འགོག་ལ་དམ་འཛིན་ལྷོད་མེད་བྱེད་པ། ཆམས་རིམས་སྔོན་འགོག་སོགས་ཀྱི་སྨན་རྫས་གྲ་སྒྲིག་ཡག་པོ་བྱེད་པ། བཟའ་བཅའ་དང་འཐུང་ཆུའི་འཕྲོད་བསྟེན་ལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གེགས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་གྱི་བཀོད་སྒྲིག་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ་དང་། རང་འགུལ་ངང་གནོད་འཚེ་ཕོག་པའི་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་། སེམས་ནུས་ཡོད་རྒུས་དཀའ་ངལ་ཐག་གཅོད། གནོད་འཚེ་ཕོག་པའི་མང་ཚོགས་ལ་རང་སྐྱོབ་དང་ཕན་ཚུན་རོགས་རམ་བྱེད་པར་ཁྲིད་སྟོན་བཅས་བྱས་ནས་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་དགོས། ཏང་སྲིད་དམག་ཉེན་དམངས་བཅས་མཐུན་སྦྱོར་མཉམ་འགུལ་བྱས་ཏེ། བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག མེ་ཟོན། མཐའ་མཚམས་ཞིབ་བཤེར་བཅས་དང་ས་གནས་ཀྱི་རོགས་སྐྱོབ་སྟོབས་ཤུགས་མི་སྣ་ཁག་གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་བཀོད་གཏོང་། གཞོགས་འདེགས་ལ་ཤུགས་སྣོན། མཉམ་ལས་དམ་ཟབ་བཅས་བྱས་ནས་ཕྱར་བ་གྲུ་འདེགས་ངང་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས།


རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་སོ་ཤང་གི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་གྱི་གུར་ནང་དུ་འདས་པོའི་ནང་མིར་སེམས་གསོ་གཏོང་གནང་བ།   

ཞི་ཅིན་ཕིང་གིས་དིང་རིའི་ས་ཡོམ་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

དིང་རིའི་ས་ཡོམ་གྱི་གནས་ཚུལ་གསར་ཤོས།

ས་ཡོམ་གྱི་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ།




རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章