ཟླ་1ཚེས་7ཉིན་གྱི་ཆུ་ཚོད་22ཙམ་ལ། རྒྱལ་ཁབ་གེགས་འགོག་གནོད་འཚེ་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་། འཕྲལ་སྡོམ་དོ་དམ་པུའུ། རྒྱལ་ཁབ་འབྲུ་རིགས་དང་གྲབས་གསོག་ཅུས་བཅས་ཀྱིས་བོད་ལ་འཕྲལ་དུ་གཏོང་སྤྲོད་བྱས་པའི་གུར་དང་སྲིང་བལ་གྱོན་གོས་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁག་དང་པོའི་དོ་པོ5800ལྷག་ཙམ་གཞིས་རྩེའི་དིང་རི་རྫོང་གི་གེགས་ཁུལ་དུ་དབོར་ཟིན་པ་དང་། དེ་མིན་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་དོ་པོ་ཁྲི་1.6ལྷག་ཙམ་ཚེས་8ཉིན་རིམ་བཞིན་གེགས་ཁུལ་དུ་དབོར་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་འཕྲལ་སྡོམ་དོ་དམ་པུའུ་ཡིས་འཕྲལ་སྡོམ་དངོས་ཟོག་སྲིད་གཞུང་དང་སྤྱི་ཚོགས་ཀྱིས་མཉམ་དུ་འགན་སྲུང་བྱེད་པའི་ལམ་སྲོལ་འཕྲལ་དུ་ལག་བསྟར་བྱེད་འགོ་བཙུགས་ནས། གཅེས་སེམས་ཁེ་ལས་དང་འབྲེལ་ཡོད་ཐེབས་རྩ་ལྷན་ཚོགས་ཀྱིས་རོགས་སྐྱོར་བྱས་པའི་འཕྲལ་སྡོམ་གྱི་བཟའ་བཅའ་དང་། ཐབ། གློག་གདན། ཞྭ་མོ། སྐེ་དཀྲིས། ལག་ཤུབས། གྲང་འགོག་གྱོན་ཆས་སོགས་གེགས་སེལ་དངོས་ཟོག་ཀྱང་གཅིག་རྗེས་གཉིས་མཐུད་ངང་གེགས་ཁུལ་དུ་དབོར་བར་མཐུན་སྦྱོར་བྱས་ཏེ། ས་གནས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྐབས་བཀོད་སྒྲིག་དང་འཚོ་བ་འགན་ལེན་གྱི་ལས་དོན་ལེགས་པར་སྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་རེད།