ས་ཆ་འདི་དག་ལ་ལྷགས་པ་ཆེན་པོ་རྒྱག་རྒྱུ་མ་ཟད། དྲོད་ཚད་ཀྱང……

政务   2024-12-31 12:12   西藏  


    ཟླ་12ཚེས་30ཉིན། ལྷ་ས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་ལྟར་ན། གཟའ་འཁོར་འདིར2024ལོའི་ཟླ་12ཚེས་30ཉིན་ནས་2025ལོའི་ཟླ་1ཚེས་5ཉིན་བརལྷ་ས་གྲོང་ཁྱེར་དུ་གངས་མི་འབབ་པས་དྲོད་ཚད་ཅུང་མཐོ་རུ་འགྲོ་རྒྱུ་རེད། གཟའ་འཁོར་འདིའི་ནང་གཙང་པོ་རྒྱུག་ཁུལ་གྱི་ལུང་གཞུང་དུ་ཉིན་དགུང་ཡོལ་རྗེས་ལྷགས་པ་རིམ་པ་4ཡས་མས་ཡུད་ཙམ་རྒྱག་རྒྱུ་དང་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་ཡིན་པ་རེད། 

གནམ་གཤིས་གཙོ་བོ་སྟོན་ཚུལ།
    རེས་གཟའ་ཟླ་བར། ས་ཆ་ཁག་ཏུ་སྤྲིན་པ་མང་བ་ནས་ཉུང་བའི་བར་འཁོར་རྒྱུ། རེས་གཟའ་མིག་དམར་ནས་པ་སངས་བར། རྫོངཆུསཁག་ཏུ་གནམ་དྭངས་རྒྱུ་དང་ས་ཆ་མང་ཆེ་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་5བར་ཆག་རྒྱུ་དང་། འདམ་གཞུང་རྫོང་དང་། ལྷུན་གྲུབ་རྫོང་། སྙེ་མོ་རྫོང་གི་བྱང་རྒྱུད། དེ་བཞིན་མལ་གྲོ་གུང་དཀར་རྫོང་གི་ཤར་རྒྱུད་སོགས་ས་བབ་མཐོ་སར་དྲོད་ཚད་ཧྲེ་ཧྲི་ཏུའུ་6ནས་8བར་ཆག་རྒྱུ། རེས་གཟའ་སྤེན་པ་དང་ཉི་མར་ལྷ་ས་གྲོང་ཁྱེར་གྱི་ས་ཆ་མང་ཆེ་བར་གནམ་དྭངས་ནས་སྤྲིན་པ་ཉུང་བ་འཁོར་རྒྱུ།



ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་བསྒྲོན་རྒྱུ་རེད་འདུག

བོད་ཀྱི་ཕྲུ་གུ་འདི་དག་གིས་རྒྱལ་ཡོངས་ལ་སྐད་གྲགས་བཞག་འདུག

ཐོ་རེངས་ཆུ་ཚོད་5པར་མགྲོན་ཁང་ཞིག་ནས་བཟུང་འདུག




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།
         ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ། ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章