མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པའི་ཁེ་ཕན་གྱི་གནད་དོན……

政务   2024-12-31 16:27   西藏  

    ཟླ་12ཚེས་30ཉིན། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་60འཁོར་བའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།


ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།

    
    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཤིང་། ཝང་ཅུན་ཀྲེང་གིས་གསུངས་དོན། བཟོ་ཚོགས་ཀྱི་ལས་དོན་ནི་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་དང་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་རྒྱུན་གཏན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཀྱང་རེད། ལོ་60ཡི་རིང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་བཟོ་པའི་གྲལ་རིམ་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བོད་ལྗོངས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་བྱ་གཞག་རླབས་པོ་ཆེའི་ནང་ཧུར་ཐག་ཞུགས་པ་དང་། བསམ་བློར་བཅིངས་འགྲོལ་དང་། འདུ་ཤེས་གསར་སྒྱུར། དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། 

བཞུགས་མོལ་ཚོགས་འདུའི་ཚོགས་ར།

    
    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་ཏང་གི་བྱ་གཞག་ལ་བློ་དཀར་སེམས་དཀར་དང་། ལྟེ་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་དང་གསར་གཏོད་ཟབ་ཏུ་གཏོང་བ། ལྟེ་བ་དང་གཙོ་གནད་གཤམ་ལ་སྒྱུར་བ་མཐའ་འཁྱོངས་བཅས་བྱས་ཏེ། བཟོ་ཚོགས་ཀྱི་ལས་དོན་གཞི་རིམ་དང་ལས་བཟོར་དེ་བས་ཉེ་བའི་སྒོ་ནས་སྤེལ་ཏེ། བཟོ་ཚོགས་རྩ་འཛུགས་དེ“ལས་བཟོའི་ཁྱིམ་གཞིས”ལ་སྐྲུན་རྒྱུར་འབད་བརྩོན་བྱེད་དགོས། འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེམང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་ལྟ་བ་དང་གནད་དོན་ལ་བསམ་བློ་གཏོང་བ་དང་། བརྩེ་བ་དངོས་བཅངས་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་པ། “དགོས་པའི་དུས་སུ་སྨིན་པའི”ལས་ཀ་མང་ཙམ་སྒྲུབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཚད་མཐོའི་མཐོང་ཆེན་བྱེད་པ། ཁྲིམས་ལྟར་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་དྲང་གཞག་དྲང་བདེན་དངོས་ཚོར་བ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཏང་གིས་བཟོ་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་པར་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། བཟོ་ཚོགས་ཀྱི་ལས་དོན་ཉིན་རེའི་གྲོས་རིམ་ནང་བཞག་ནས་བཟོ་ཚོགས་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ནན་ཏན་བྱས་ཏེ་བཟོ་ཚོགས་ཀྱི་ལས་དོན་ཡང་དག་པའི་ཁ་ཕྱོགས་སུ་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། བཟོ་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བཟོ་ཚོགས་ཀྱིས་ཁྲིམས་དང་སྒྲིག་ཡིག་གཞིར་བཟུང་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པ། བཟོ་ཚོགས་རྩ་འཛུགས་ཀྱི་དཀའ་ངལ་དངོས་ཐག་གཅོད་ཏན་ཏིག་བཅས་བྱས་ནས་བཟོ་ཚོགས་ཀྱིས་འགན་འཁྲི་སྒྲུབ་པར་ཆ་རྐྱེན་དེ་བས་ལེགས་པ་སྐྲུན་དགོས། 



ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་བསྒྲོན་རྒྱུ་རེད་འདུག

བོད་ཀྱི་ཕྲུ་གུ་འདི་དག་གིས་རྒྱལ་ཡོངས་ལ་སྐད་གྲགས་བཞག་འདུག

ཐོ་རེངས་ཆུ་ཚོད་5པར་མགྲོན་ཁང་ཞིག་ནས་བཟུང་འདུག




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།
         ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ། ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章