ཁ་ལོ་བ་འདིའི་གླེན་རྟགས་ལ། ལྷ་ནག་མྱུར་བགྲོད་གཞུང་ལམ་དུ……

政务   2025-01-05 12:18   西藏  


    2025ལོའི་ཟླ་1ཚེས་1ཉིན་གྱི་ཆུ་ཚོད་15དང་སྐར་མ་4ལ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་ནག་མྱུར་བགྲོད་གཞུང་ལམ་རུ་ཆེན་གྱིས་རྒྱུན་གཏན་གྱི་སྐོར་གཡེང་བྱེད་སྐབས། G6ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་སྤྱི་ལེ་3793དང་སྨི་500ཡི་སར། ཟོག་འདྲེན་རླངས་འཁོར་ཞིག་མྱུར་བགྲོད་གཞུང་ལམ་ཐོག་རྒྱབ་བཤིག་བརྒྱབ་ནས་ཡོང་བ་མཐོང་བས། ཉེན་རྟོག་པས་འཕྲལ་དུ་ཉེན་བརྡ་བཏང་སྟེ་རླངས་འཁོར་དེ་ཁ་བཀག་ནས་བདེ་འཇགས་ཁུལ་དུ་ཁྲིད་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཁ་ལོ་བ་དེ་སེམས་གཡེང་ནས་ཐོན་སྒོ་ཡོལ་བས་དུས་ཚོད་གྲོན་ཆུང་བྱ་ཆེད་རླངས་འཁོར་རྒྱབ་བཤིག་བརྒྱབ་ནས་ཡང་བསྐྱར་ཐོན་སྒོའི་སར་ཡོང་བ་ཞིག་རེད་འདུག མི་དམངས་ཉེན་རྟོག་པས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་སྐྱོན་བརྗོད་དང་སློབ་གསོ་ནན་པོ་བྱས་ཏེ། མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་རྒྱབ་བཤིག་བརྒྱབ་ན་རྒྱབ་ཕྱོགས་ནས་ཡོང་བའི་རླངས་འཁོར་དང་ལས་འཛོལ་ཐོན་སླ་བས། མཇུག་འབྲས་ཚབས་ཆེན་བཟོས་ནས་རང་གཞན་ཀུན་གྱི་ཚེ་སྲོག་ལ་ཉེན་ཁ་བཟོ་སྲིད་ཅེས་བཤད། 

     ཁ་ལོ་བ་དེའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་དམིགས་ནས། ལྷ་ས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཚན་པསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམསདངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིགགི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲིམས་ལྟར་ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་12འཐེན་པ་དང་དངུལ་ཆད་སྒོར་200བཏང་བ་རེད།


འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཤེས་བྱ།


    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》གི་དོན་ཚན་གྱ་གཉིས་པའི་ནང་གསེས་དང་པོའི་ནང་། མྱུར་བགྲོད་གཞུང་ལམ་ཐོག་སྐྱོད་སྐབས་ཁ་ལོ་བས་འཕྲུལ་སྒུལ་འཁོར་རིགས་རྒྱབ་བཤིག་རྒྱག་པ་དང་། ལམ་ལྡོག་སྟེ་གཏོང་བ། འཁོར་ལམ་ཐོག་ཁ་འགོག་པ་སོགས་བྱེད་མི་རུང་།   
    འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བས་བགྲོད་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྲོད་ཀྱི་བགྲོད་ལམ་ཤར་གཏོང་གི་གཏན་འབེབས་ལས་འགལ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་སྒོར་20ཡན་ནས་སྒོར་200མན་གཏོང་དགོས། 




































































▶ གློག་སྒུལ་སྦག་སྦག་འདི་རིགས་ལ་སྲིད་གཞུང་ནས་ཁ་གསབ་སྤྲོད་ཀྱི་འདུག

▶ སྙན་དབྱངས་རྣ་བའི་བུ་རམ།

ཁ་ས་ནས་ལག་ལེན་བསྟར་བའི་གཏན་འབེབས་གསར་པ་འདི་དག་ང་ཅག་དང་འབྲེལ་བ་ཆེ




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།
         ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ།  ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章