ས་ཡོམ་བརྒྱབ་རྗེས། ཉིང་ཁྲི་དང་། ལྷོ་ཁ། ཆབ་མདོ་བཅས་ཀྱིས……

政务   2025-01-09 15:36   西藏  



    དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་བྱེད་ཐབས་སྣ་ཚོགས་བརྒྱུད་གཞིས་རྩེར་འཕྲལ་མར་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་དང་བྱེད་བཞིན་ཡོད།  

    ཉིང་ཁྲི་གྲོང་ཁྱེར། 

    ཉིང་ཁྲི་གྲོང་ཁྱེར་གྱིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་དུས་ཐོག་ཏུ་ཁྱོན་རིན་ཐང་སྒོར་ཁྲི་815ལྷག་ཙམ་རི་བའི་གེགས་སེལ་དངོས་ཟོག་སྐྱེལ་འདྲེན་དང་གཏོང་སྤྲོད་བྱས་ཤིང་། རླངས་འཁོར་35དང་ཁ་ལོ་བ་དང་དེ་བཞིན་ཁང་པའི་སྤུས་ཚད་དང་བདེ་འཇགས་ཞིབ་དཔྱད་ཚད་ལེན་ལག་རྩལ་ཚོགས་པ་སོགས་ཀྱི་མི་59མངགས་པ་རེད། 



ལྷོ་ཁ་གྲོང་ཁྱེར། 
    ལྷོ་ཁ་གྲོང་ཁྱེར་གྱིས་མཁོ་སྤྲོད་ཐབས་ལམ་སྣ་ཚོགས་བརྒྱུད་རྩམ་པ་དང་། སྟབས་བདེའི་ཐུག་པ། སྒོ་ང་སོགས་རིན་ཐང་སྒོར་ཁྲི་100ལྷག་ཙམ་རི་བའི་འཚོ་བའི་མཁོ་ཆས་སོགས་གེགས་སེལ་དངོས་རྫས་འཕྲལ་མར་ཉོ་སྒྲུབ་བྱས་པ་མ་ཟད། གྲོང་ཁྱེར་རིམ་པའི་གེགས་སེལ་དངོས་རྫས་ནང་རིན་ཐང་སྒོར་ཁྲི་26ལྷག་ཙམ་རི་བའི་གུར་20དང་། སྲིང་བལ་ཉལ་ཆས་1000 སྲིང་བལ་ཉལ་གདན་780བཅས་གཏོང་སྤྲོད་བྱས་པ་རེད།


ཆབ་མདོ་གྲོང་ཁྱེར།
     ཆབ་མདོ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་ཚོགས་བརྒྱུད་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་གྲ་སྒྲིག་ལེགས་པར་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་མི་165དང་རླངས་འཁོར་25བསྐོངས་ནས་སྒྲིག་ཆས་སྣ་ཚོགས་400ལྷག་ཙམ་ཁྱེར་ཏེ་ལེ་དབར་སྟོང་གི་ལམ་ཐག་ཆོད་པའི་གཞིས་རྩེའི་དིང་རི་རྫོང་དུ་བསྐྱོད་པ་རེད།



ས་ཡོམ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས2པའི་ཐོག་གསུངས་དོན།
གེགས་ཁུལ་དུ་སྒོར་ཁྲི་13000གཏོང་སྤྲོད་བྱས་པ་སོགས་ལས་རིགས་ཁག་གིས…
དིང་རིའི་ས་ཡོམ་གྱི་གནས་ཚུལ་གསར་ཤོས།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། ཉི་མ་བཀྲ་ཤིས། ཉི་མ་ཆོས་གྲུབ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章