ས་ཆ་མང་པོ་ཞིག་ལ་གངས་འབབ་རྒྱུ་མ་ཟད་དྲོད་ཚད་ཀྱང་ཤུགས་ཆེན་ཆག་པ་འདུག

政务   2025-01-06 12:04   西藏  


    ཟླ་དང་པོའི་ཚེས་5ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན། ཟླ་དང་པོའི་ཚེས་6ནས་8ཉིན་བར། རང་ལྗོངས་ཀྱི་ལྷོ་ནུབ་ནས་ཤར་ལྷོའི་ས་ཆ་ཁག་གཅིག་ལ་གངས་འབབ་རྒྱུ་དང་དྲོད་ཚད་ཆག་རྒྱུ་ཡིན་པ་ལས་ཉིང་ཁྲིར་གངས(ཆར་པ)ཆེ་ཙམ་འབབ་རྒྱུ་དང་། མེ་ཏོག་གི་ས་བབ་མཐོ་བའི་རི་ཁུལ་ལ་གངས་ཆེ་བ་ནས་ཧ་ཅང་ཆེ་བའི་བར་འབབ་རྒྱུ། གངས་བབས་རྗེས་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་10བར་ཆག་རྒྱུ་རེད། གངས་བབས་ནས་དྲོད་ཚད་ཆག་པ་དང་གངས་གསོག་ཐེབས་པ་དང་འཁྱགས་པ་ཆགས་པ་དེས་འགྲོ་ལམ་འགྲིམ་འགྲུལ་དང་། ནུས་རྒྱུ་འགན་ལེན། ལས་གྲྭ་འཛུགས་སྐྲུན་སོགས་ལ་ཤུགས་རྐྱེན་ཐེབས་སྲིད་པས་སྔོན་ནས་འགོག་ཟོན་ཡག་པོ་གནང་རོགས། 
    སྔོན་དཔག་བྱས་ན། ཟླ་དང་པོའི་ཚེས་6ཉིན། མངའ་རིས་དང་གཞིས་རྩེའི་ལྷོ་རྒྱུད་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ་དང་གངས་ཡུད་ཙམ་འབབ་རྒྱུ་ཡིན་ཞིང་། དེའི་ནང་རྩྭ་མདའ་དང་སྤུ་ཧྲེང་ལ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ། ཚེས་7དང་8ཉིན། ཉིང་ཁྲིར་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་ཡིན་ཞིང་། དེའི་ནང་མེ་ཏོག་རྫོང་གི་ས་བབ་མཐོ་བའི་རི་ཁུལ་ལ་གངས་ཆེ་བ་ནས་ཧ་ཅང་ཆེ་བའི(མཐུག་ཚད་ལ་ཧའོ་སྨི་7ནས་15བར་ཟིན་པ)བར་འབབ་རྒྱུ། ཆབ་མདོ་དང་། ནག་ཆུའི་ཤར་རྒྱུད་དང་དབུས་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་ལ་གངས་ཆུང་བ་འབབ་རྒྱུ་དང་། ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། གངས་བབས་རྗེས་ནུབ་ནས་ཤར་ལ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ་དང་ས་ཆ་ཁག་གཅིག་ལ་དྲོད་ཚད་ཧྲེ་ཧྲི་ཏུའུ་10ཡན་ཆག་རྒྱུ་རེད་འདུག
    ཚེས་7དང་8ཉིན། མེ་ཏོག་རྫོང་གི་ས་ཆ་ཁག་གཅིག་ལ་གངས་ཧ་ཅང་ཆེ་བའི་གནོད་འཚེ་ཕོག་ཉེན་འབྲིང་ཙམ་ཡོད་ཅིང་། གངས་བབས་པ་དང་། གངས་གསོག་ཐེབས་པ། ཁ་བ་བུ་ཡུག་འཚུབ་པ་བཅས་ཀྱིས་རྐྱེན་པས་འགྲོ་ལམ་ཐོག་གངས་གསོག་ཐེབས་པ་དང་འཁྱགས་པ་ཆགས་པ་དང་མཐོང་ལམ་མི་གསལ་བར་གྱུར་ནས་འགྲོ་ལམ་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཆེ་ཙམ་ཐེབས་སྲིད། དེའི་རིང་སྤུ་ཧྲེང་དང་། གཉའ་ནང་། དིང་རི། ཨ་མདོ་སོགས་ཀྱི་ས་ཆ་ཁག་གཅིག་ལ་ལྷགས་པ་ཆེ་བའི་གནོད་འཚེ་ཕོག་ཉེན་ཆུང་ཙམ་ཡོད། དེར་བརྟེན་ཞིང་འབྲོག་པའི་སྒྲིག་ཆས་ལ་གཏོར་སྐྱོན་ཕོག་པ་དང་། གནས་སྐབས་ཀྱི་སྐྲུན་དངོས་དང་བརྡ་ཁྱབ་བྱང་བུ་སོགས་ལ་རྡིབ་འགྱེལ་ལྷུང་གསུམ་གྱི་ཉེན་ཁ་ཡོད་པ་རེད།




















































































































▶ སྙན་དབྱངས་རྣ་བའི་བུ་རམ།

▶ གློག་སྒུལ་སྦག་སྦག་འདི་རིགས་ལ་སྲིད་གཞུང་ནས་ཁ་གསབ་སྤྲོད་ཀྱི་འདུག

སྟེས་དབང་གི་བསམ་བློ་བཅངས་པའི་མཇུག་འབྲས།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།
 ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章