ཡོམ་ཁུལ་དུ་དྲོད་ཚད་དམའ་ཤོས་ -16℃ལ་སླེབས་རྒྱུ་དང་ས་ཆ་ཁ་ཤས་ལ་གངས་…

政务   2025-01-10 18:19   西藏  


    ཚེས་10ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་ཡོམ་ཁུལ་གྱི་གནམ་གཤིས་སྔོན་བརྡ་བཏང་ཞིང་།  སྔོན་དཔག་ལྟར་ན། ཚེས་10དང་11ཉིན་ཡོམ་ཁུལ་དང་དེའི་ཉེ་འཁོར་དུ་གནམ་དྭངས་བའི་གནམ་གཤིས་གཙོ་བོ་བསྟན་རྒྱུ་དང་། ཚེས་12ཉིན་གནམ་འཐིབས་ནས་གངས་ཐར་ཐོར་ཡུད་ཙམ་འབབ་རྒྱུ། དིང་རིའི་ཁུལ་དུ་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་16ཟིན་རྒྱུ་དང་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་8ཟིན་རྒྱུ། ཉིན་གུང་ཡོལ་རྗེས་ལྷགས་པ་རིམ་པ་7ཙམ་རྒྱག་རྒྱུ་ཡིན་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། མ་འོངས་པའི་ཆུ་ཚོད་24ཡི་རིང་། མཚོ་སྒང་ཤང་དང་། ཆུ་ལྷོ་ཤང་། གྲམ་སོ་ཤང་དུ་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་15ནས་12བར་ཟིན་རྒྱུ་དང་། དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་8ཙམ་ཟིན་རྒྱུ། གཙོ་བོ་ནུབ་ལྷགས་རིམ་པ་1ནས་7བར་རྒྱག་རྒྱུ། ཕྱི་དྲོ་ལྷགས་ཤུགས་ཅུང་ཆེ་བ་དང་གྲང་ཟུག་ཆེ་བས། ལུས་པོས་ཚོར་བའི་དྲོད་ཚད་གནམ་གཤིས་ཀྱི་དྲོད་ཚད་ལས་ཧྲེ་ཧྲི་ཏུའུ་5ནས་7བར་དམའ་བ་དང་། དུས་མཚམས་གཞན་དག་ལ་གནམ་གཤིས་ཀྱི་དྲོད་ཚད་ལས་ཧྲེ་ཧྲི་ཏུའུ་3ནས་4བར་དམའ་བ་ཡོད།


ཞི་ཅིན་ཕིང་གིས་དིང་རིའི་ས་ཡོམ་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།


ས་ཡོམ་རྒྱག་ཁུལ་དུ་རླངས་འཁོར་35དང་མི་198རོགས་སྐྱོབ་ལ་བཏང་བ་དང……

ས་ཡོམ་གྱི་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། ཉི་མ་ཆོས་གྲུབ།




རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章